གསར་པ།

6/recent/ticker-posts

བཀའ་གདམས་བརྒྱུད་པར་བསྟོད་པ།

༈ སྟོན་པ་སངས་རྒྱས་རྗེ་བཙུན་འཇམ་པའི་དབྱངས། །ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་འཕགས་པ་ལྷ། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་སོགས། །ཟབ་མོ་ལྟ་བའི་བརྒྱུད་ལ་གསོལ་བ་འདེབས། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ། །སེང་བཟང་ཀུ་ས་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ༴ །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏིལླི་པ་དང་ནཱ་རོ་པ། །དཔལ་མཆོག་ཌོཾ་བྷི་བ་དང་མར་མེ་མཛད། །ཉམས་ལེན་བྱིན་རླབས་བརྒྱུད༴ །བརྒྱུད་པ་གསུམ་ལྡན་ལྔ་རིག་པཎྜི་ཏ། །སྡེ་པ་ཀུན་གྱི་ཚད་མིའི་སྐྱེས་བུར་བྱོན། །གངས་ཅན་མུན་པ་སེལ་བའི་སྒྲོན་མེ་སྦར། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །པདྨ་དཀར་པོས་སོ།

Post a Comment

0 Comments