གསར་པ།

6/recent/ticker-posts

དྲ་ལྗོངས་འདི་བཟོ་དགོས་པའི་དམིགས་ཡུལ།

 འདི་བཟུམ་གྱི་དྲྭ་ཚིག་འདི་བཟོ་དགོས་པའི་གནད་དོན།

  • ད་རིས་ནངས་པ་དུས་ཀྱི་འགྱུར་བ་དང་བསྟུན་རང་ཡང་གོམ་པ་མདུན་ཕྱོགས་ལུ་སྤོ་ནི།
  • ང་བཅས་རའི་མཁས་དབང་ཚུ་གིས་གནང་ཡོད་པའི་ལམ་སྟོན་ཡིག་ཆ་ཚུ་ཐོབ་མ་ཚུགས་པའི་དཀའ་ངལ་སེལ་ཐབས་ལུ།
  • མི་སྡེ་ནང་ལུ་མཁོ་ཆེའི་དཔེ་ཆ་ཚུ་རིན་མེད་སྟོང་པར་ཐོབ་ཚུགས་ནི་གྱི་དོན་ལུ།
  • རྣམ་དཔྱོད་ཅན་ཚུ་གིས་དཔྱད་རྩོམ་འབྲི་བར་རྒྱབ་རྟེན་ཡིག་ཆ་ཐོབ་ཐབས་ལུ།
  • དཔེ་ཆ་ལྷག་ནི་ལུ་སྤྲོ་བ་ཡོད་མི་ཚུ་གིས་དཔེ་ཆ་ལྷག་ནི་གི་དོན་ལུ།
  • བློ་གྲོས་དང་ལྡན་པའི་སློབ་དཔོན་དང་སློབ་ཕྲུག་ཚུ་གིས་གནང་ཡོད་པའི་རྩོམ་རིགས་དར་སྤེལ་གྱི་དོན་ལུ།
  • རང་གི་ཁ་སྐད་བདག་འཛིན་འབད་ནི་གྱི་དོན་ལུ།
  • རང་གི་ལམ་ལུགས་བདག་འཛིན་འབད་ནི་གྱི་དོན་ལུ།
  • དྲིན་ཆེ་བའི་ཚེ་འདིའི་ཕ་མས་གཙོས་པའི་མར་གྱུར་སེམས་ཅན་གྱི་དྲིན་ལན་མཇལ་ནི་གྱི་དོན་ལུ།
  • གོ་བ་བརྡ་སྤྲོད་ཀྱི་དོན་ལུ།
  • སེམས་ཁམས་གསོ་སྐྱོང་གི་དོན་ལུ།
  • དྲིན་ཆེ་བའི་བླ་མར་སྒྲུབ་པའི་མཆོད་པ་ཡི་དོན་ལུ།
  • རང་གི་རྒྱལ་ཁམས་ལུ་ཕྱག་ཕྱིད་ཞབས་ཏོག་གི་དོན་ལུ།

Post a Comment

1 Comments

ཐུགས་འཆར་བཀོད་གནང་།