གསར་པ།

6/recent/ticker-posts

TRIBUTE TO HIS MAJESTY THE FOURTH DRUK GYALPO JIGME SINGYE WANGCHUCK

TRIBUTE TO HIS MAJESTY THE FOURTH DRUK GYALPO JIGME SINGYE WANGCHUCK  
by His Holiness Trulku Jigme Choedra, the 70th Je Khenpo.

༄། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །
High above in the celestial palace of Tusita
རྗེ་བྱམས་པའི་ཐུགས་ལས་འཁྲུངས་པའི་ཆོས། །
The teachings borne from the heart of supreme Maîtreya 
དེ་འཕགས་པ་ཐོགས་མེད་མ་ལགས་པ། །
Except that of Arya Asanga 
གཞན་མཁས་དང་གྲུབ་པས་ཞུ་ས་མེད། །
None other learned and accomplished masters can obtain it.

འོག་རྒྱ་མཚོ་ཆེན་པོའི་ནང་ཞིག་ན། །
Down below in the depth of the vast oceans 
སྨན་ལྟང་དཀར་ཉ་མོའི་མཁྲིས་པ་དེ། །
The medicine made from the white bellied fish bile
ཀླུ་དགའོ་འཇོག་པོ་མ་ལགས་པ། །
Except that of Naga King Nanda Takshaka
གཞན་ཕལ་པ་རྣམས་ཀྱི་སྤྱོད་དབང་མེད། །
None other common beings has the power to enjoy it.

བར་མི་ཡི་འཛམ་གླིང་ནོར་བུ་ལ། །
In between in the human world of all preciousness 
དཔལ་མི་དབང་འཇིགས་མེད་སེངྒེ་འཁྲུངས། །
Glorious King Jigme Singye Wangchuck was born
ལྷོ་ཁ་བཞིའི་སྐྱེ་འགྲོ་མ་ལགས་པ། །
Except that of beings born in the land of four doors ( Bhutan)
མི་གཞན་ལ་དེ་འདྲའི་སྐལ་བ་མེད། །
None other human being has that fortune.

ལྷ་དགའ་བའི་ལོངས་སྤྱོད་དཔག་བསམ་ཤིང་། །
The wish fulfilling tree is the source of joy to the Gods,
ཀླུ་སྐྱིད་པའི་འབྱུང་གནས་ཡིད་བཞིན་ནོར། །
The wish fulfilling gem is the source of peace to the nagas
མིའི་དགའ་སྐྱིད་དཔལ་འཛོམས་འབྱུང་བའི་ཁུངས། །
The source of peace and happiness for all human 
དེ་སྤྲུལ་པའི་ཆོས་རྒྱལ་ཉག་གཅིག་ཡིན། །
Is the manifested dharma King only.

སྐུ་ལྟ་བ་མིག་གི་བདུད་རྩི་ལ། །
You Body, handsome and pleasing to the eyes
གསུང་སྙན་པ་ཡིད་ཀྱི་དགའ་སྟོན་ཡིན། །
Your pleasing speech, is a joy to the heart
ཐུགས་མཁྱེན་བརྩེའི་ཉི་མ་རང་ཤར་གྱིས། །
Through the natural sun like radiance of wisdom and love of your mind
འབངས་བདེ་ལ་བཀོད་པ་བཀའ་དྲིན་ཆེ། །
Placed all the subjects to freedom. Thank you.

དྲིན་ལན་ལ་འཁོར་ཐབས་མ་མཆིས་ཀྱང་། །
There isn't a method to repay your kindness, yet
དགུང་དྲུག་བཅུ་ཕེབས་པའི་དགའ་སྟོན་ལ། །
During this joyous celebration of your 60th birth anniversary 
ཡིད་དད་པ་དམ་ཚིག་འབྲལ་མེད་ངང་། །
My mind inseparable from the domain of faith and solemn vow
སྐུ་འགྱུར་མེད་ཞབས་པད་བརྟན་པར་གསོལ། །
Wish and pray for you, a very stable long life

དུས་ད་ལྟ་གསེར་ཁྲིར་མ་བཞུགས་ཀྱང་། །
Even though at the moment you have relinquished your golden throne 
སྲས་མངའ་བདག་འཇིགས་མེད་གེ་སར་བཞུགས། །
His Majesty Jigme Khesar is reigning on the golden throne 
ཁྱེད་ཡབ་སྲས་གཉིས་ལ་ཁྱད་པར་མེད། །
There is no difference between father and son
བཀྲ་ཤིས་པའི་སྨོན་ལམ་ལན་བརྒྱར་ཞུ། །
So therefore I offer my auspicious prayer for hundred of times.

ཞེས་པའང་མཁན་མིང་འཇིགས་གྲགས་པས་མི་དབང་ཆོས་རྒྱལ་ཡབ་སྲས་ལ་མཐའ་མའི་བསྟོད་གླུར་བྲིས།།
Written by His Holiness the Jey khenpo Trulku Jigme Choedra, as a song of praise to the 4th dharma King His Majesty Jigme Singye Wangchuck and to the present dharma King His Majesty Jigme Khesar Namgyal Wangchuck.
  
May Peace and Freedom prevail on Earth!

Post a Comment

0 Comments