༄༅། །བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པ་ངག་གི་སྒྲོན་མེའི་མཆན་འགྲེལ་བཞུགས་སོ། །
༄༅། །ན་མོ་བུདྡྷ་ཡ། མཚན་དོན་བཤད་པ་ནི། བོད་སྐད་ཀྱི་བརྡའི་བྱེ་བྲག་དངོས་པོ་ཀ་བ་དང་བུམ་པ་ལ་སོགས་པའི་ཐ་སྙད་རབ་ཏུ་གསལ་བར་བྱེད་པའི་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པས་ན་བསྟན་བཅོས་གཞུང་དབུ་ཞབས་ཀྱི་དོན་ཐམས་ཅད་ཚིག་ལྷུག་པར་མ་ཡིན་པར་ཚིགས་སུ་བཅད་པ་ཁོ་ནས་བསྟན་པས་ན་ཚིག་ལེའུར་བྱས་པ་མཁས་པའི་ངག་གིས་བླུན་པོའི་མུན་པ་ཐམས་ཅད་སེལ་བར་བྱེད་པས་ན་མཁས་པའི་ངག་གི་སྒྲོན་མེ་ཞེས་བྱ་བ་ནི་མིང་འདི་སྐད་ཅེས་བྱ་བའོ། །སྟོན་པ་ལ་མདོར་བསྡུས་པའི་སྒོ་ནས་མཆོད་པར་བརྗོད་པ་ནི། རྒྱུ་སྤང་བྱ་ཉོན་མོངས་པ་ཟད་པའི་ཕྱིར་བརྫུན་ཚིག་མི་གསུང་བར་མཐའ་གཅིག་ཏུ་བདེན་པར་གསུང་བས་ན་ཡང་དག་པར་གསུང་པ་མ་རིག་པ་གཉིད་སྟུག་པོ་ལྟ་བུ་ལས་སངས་པས་ན་སངས་ཤེས་བྱའི་ཆོས་ལ་བློ་གྲོས་པདྨའི་འདབ་མ་ལྟར་རྒྱས་པས་ན་རྒྱས་ལ་ཞེས་པ་གནས་གཞི་རང་རྒྱུད་ཀྱི་སྤང་བྱ་ཉོན་མོངས་པ་ཐམས་ཅད་ཕྱིར་ཕྱག་པ་དང་། དམ་པའི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་འཇུག་པར་ཤེས་པའམ་འཚལ་བས་ན་ཕྱག་འཚལ་ཞེས་བརྗོད་པ་དང་ལོ་ཞེས་པ་སླར་བསྡུ་ཞེས་བཤད་དོ། །སླར་ཡང་ཡོན་ཏན་བརྗོད་པའི་སྒོ་ནས་མཆོད་པར་བརྗོད་པ་ནི། སངས་རྒྱས་བཅོམ་ལྡན་འདས་དེ་ནི་སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའི་གཟི་བྱིན་རབ་ཏུ་འབར་བ་ནི དཔེར་ན་གསེར་གྱི་རི་བོ་ལ་ཉི་འོད་བྱེ་བ་འབུམ་གྱིས་འཁྱུད་པ་དང་འདྲ་བའི་སྐུ་མཛེས་ཤིང་ལྟ་ན་སྡུག་པ་དང་། །གདུལ་བྱའི་ཡུལ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་རྩོལ་མེད་དུ་བྱུང་བ་ནི་ལྷའི་ཆོས་ཀྱི་རྔ་བོ་ཆེན་པོ་དང་འདྲ་བའི་གསུང་སྙན་ཞིང་འཇེབས་པ་དང་། །ཆོས་ཉིད་ཇི་ལྟ་བ་མཁྱེན་པ་དང་ཆོས་ཅན་ཇི་སྙེད་པར་མཁྱེན་པའི་ཡེ་ཤེས་ནེ་དཔེར་ན་རྒྱ་མཚོ་ཆེན་པོའི་དབྱིངས་གཏིང་དང་མཐའ་ཟད་དུ་མེད་པའི་ཐུགས་ཟབ་ཅིང་ཡངས་པ་དང་། །སྒོ་གསུམ་གྱི་སྤྱོད་པ་ངང་གིས་བསྡམ་ཐུབ་པས་ན་ཐུབ་པ་ཆེན་པོ་འགྲོ་བའི་བླ་མ་བདག་ཅག་གི་སྟོན་པ་དེ་ལ་ཕྱག་གི་གནས་མཆོད་པའི་ཡུལ་དུ་བསྟེན་པ་ཡིན་ནོ། །ལྷག་པའི་ལྷ་འཕགས་པ་འཇམ་དཔལ་དབྱངས་ལ་མཆོད་པར་བརྗོད་པ་ནི། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེའི་ཕུང་པོ་མ་ལུས་པ་ཐམས་ཅད་ཅིག་ཅར་དུ། །གདུལ་བྱ་སྐལ་བ་བཟང་པོ་དག་གི་ཡིད་མཁར་འགོག་པ་མེད་པར་འཆར་བའི་ཤེས་རབ་མཆོག་གི་ཟླ་གཟུགས་འདི་ནི། །གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་འོད་དཀར་དང་ཟབ་པ་དང་རྒྱ་ཆེ་བའི་ལེགས་བཤད་བསིལ་ཟེར་ཅན་དང་ལྡན་པའི། །སྒྲ་དབྱངས་རྒྱ་མཚོའི་བདག་ཉིད་འཇམ་མགོན་སྨྲ་བའི་ཟླ་བ་མཆོག་ཏུ་གྱུར་པ་དེར་སྒོ་གསུམ་གུས་པ་ཆེན་པོས་འདུད་དོ། །ཤེས་རབ་ཀྱི་ལྷ་ལྷ་མོ་དབྱངས་ཅན་མ་ལ་མཆོད་པར་བརྗོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལས་འོང་བའི་མཚན་དཔེའི་མཛེས་སྐུའི་ལང་ཚོ་འཇོ་སྒེག་གི་ཉམས་དང་ལྡན་པ་དང་། །སྒྲ་དབྱངས་རྒྱ་མཚོའི་སྒོ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཕྱག་སོར་རྒྱུད་མངས་བསྒྲེང་བའི་སྙན་འགྱུར་གྱིས། །གདུལ་བྱ་སྐལ་བ་བཟང་པོ་དག་གི་སྙིང་ལ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་བྱེད་པའི་ལྷག་པའི་ལྷ། དབྱངས་ཅན་ལྷ་མོས་དེང་འདིར་བདག་ལ་བློ་ཡི་མཆོག་སྦྱིན་གནང་བར་མཛོད་ཅིག་ཅེས་ཞུ་བའོ། །རྒྱ་བོད་ཀྱི་མཁས་པ་སྤྱི་དང་བྱེ་བྲག་ལ་མཆོད་པར་བརྗོད་པ་ནི། བོད་ཡུལ་དུ་སྔོན་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་གསར་དུ་གཏོད་དེ་ངོ་མཚར་བ་དམ་པའི་ཆོས་ཀྱི་སྣང་བ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ། །ལེགས་པར་བཤད་པ་དམ་པའི་ཆོས་ཀྱི་འོད་ཟེར་བརྒྱ་ཕྲག་དུ་མས་བྱང་ཕྱོགས་མུན་པའི་གླིང་འདིར། །ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་གངས་ལ་ཉི་མ་ཤར་བ་ལྟར་གསལ་བར་མཛད་པ་མཁན་པོ་ཐུ་མི་སམྦྷོ་ཊ་ལ་སོགས་པ། །རྒྱ་གར་གྱི་པཎྜྻི་ཏ་དང་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ལ་སོགས་པའི་མཁས་པ་རྣམས་ལ་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་ལོ་ཞེས་པའོ། །བརྩམ་པར་དམ་བཅའ་བ་ནི། རྩོམ་པ་པོ་རང་ཉིད་སྐྱེས་སྦྱངས་སྤོབས་པའི་བློ་གྲོས་རཏལ་ཞིང་རྒྱལ་བའི་གཞུང་ལུགས་རྣམས་ལ་ཡུན་རིང་སྦྱངས་པའི་མཐུ་ཆུང་ཡང་། །ཁུངས་མེད་རང་བཟོ་མ་ཡིན་པར་ཡིད་བརྟན་དུ་རུང་བའི་ཚད་ལྡན་མཁས་པའི་ལེགས་བཤད་བཟང་པོ་རྣམས་ལ་བརྟེན་ནས། །བརྡ་དག་གི་ཐ་སྙད་ལ་འཁྲུལ་པའི་མུན་པ་ཆེན་པོ་དྲུངས་ནས་འབྱིན་པར་བྱ་བའི་ཕྱིར་བརྡ་སྤྲོད་ཀྱི། །བསྟན་བཅོས་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་འདི་རབ་ཏུ་གསལ་བའམ་བརྩམ་པར་བྱའོ་ཞེས་དམ་བཅའ་བའོ། །གཞུང་དོན་བསྡུས་པའི་ཚིགས་སུ་བཅད་པའི་སྡོམ་ནི། སྐབས་བབ་ཀྱི་བརྗོད་དོན་ཀ་ལི་གསལ་བྱེད་སུམ་ཅུ་པོ་དེ་ལ། །འཕུལ་དང་མགོ་གསུམ་མེད་པའི་རྐྱང་པ་དང་ག་ད་བ་མ་འས་འཕུལ་བའི་འཕུལ་ཅན་དང་ར་ལ་སའི་མགོ་ཅན་དང་། །ཨ་དང་ཨི་ཨུ་ཨེ་ཨོ་ལྔའི་དབྱངས་ལྔ་དང་ཡ་ར་ལ་བའི་འདོགས་ཅན་དང་། །རྗེས་འཇུག་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་དང་དེ་དག་གི་ཕྲད་དང་རྣམ་དབྱེ་འཁྲུལ་སྤོང་དང་བཅས་པའི་དཔེ་སོགས་རིམ་པས་བསྟན་པའོ། །བརྗོད་དོན་ཀཱ་ལི་སུམ་ཅུ་པོ་དེ་ལ་སྡེ་ཚན་ཕྱེད་དང་བརྒྱད་དུ་ཕྱེ་བའི་དང་པོ་ཀ་སྡེ་ནི།
ཀུན་མཁྱེན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཤེས་བྱ་ཡུལ་གྱི་རྣམ་པ་མ་ལུས་པ་མཁྱེན་པ། ཤཱཀྱ་ནི་སྟོབས་རྩལ་དང་ལྡན་པའི་རྒྱལ་རིགས་ཀྱི་བྱེ་བྲག །ཀརྨ་པ་ནི་ཕྲིན་ལས་པ་ནི་བདག་སྒྲ། ཀ་ར་ནི་ཚོན་ཤེལ་འབྱུང་གནས་ལ། ཀ་ཏན་ནི་ཀ་བའི་གདན། ཀ་ཤི་ཀ་ནི་རས་དང་བུད་མེད་ཀྱི་བྱེ་བྲག །ནགས་ཀླུང་ནི་ནགས་ཚལ་ཆེན་པོ། ཆུ་ཀླུང་ནི་ཆུ་བོ་ཆེན་པོ། དབའ་ཀློང་ནི་ཆུའི་རྦ་རླབས། ཀླུ་ནི་འོག་ཏུ་གནས་པ། ཀ་དག་ནི་ཡེ་ནས་དག་པའམ་གདོད་ནས་དག་པ། ཀློང་ཡངས་ནི་ཁོངས་ཡངས་པ། ཀློང་དུ་གྱུར་ནི་ཐུགས་ཀྱི་དབྱིངས་སུ་ཆུབ་པ། ཀ་ཀུ་བྷ་ཡ་ནི་ཤིང་གི་བྱེ་བྲག་རྒྱས་ཤིང་ལའང་བཤད། ཀ་དམྤ་ནི་ཆུ་བྱ་ཐིང་རིལ། ཀ་ཤ་ནི་རི་དྭགས་ཀྱི་བྱེ་བྲག །ཀུ་ཤ་ནི་རྩའི་བྱེ་བྲག །ཀ་མ་ལ་ནི་མེ་ཏོག་པདྨ། །ཀུནྡ་ཀུ་མུད་ནི་ཟླ་བས་ཁ་བྱེ་བའི་མེ་ཏོག་དཀར་པོ་ཀེངྴུ་ཀ་ནི་རྒྱ་ཚོད་ཤིང་། །ཀ་ར་ཝི་ར་ནི་མིག་རས་དང་སེང་རས་ཀེ་ཏ་ཀ་ནི་ནོར་བུ་ཆུ་དངས། །ཤིང་ཀུན་ནི་སྒོག་སྨན་ཨ་ཀྲོང་ནི་མཁན་པ་དར་ཡ་ཀན་ནི་སྔོ་སྨན། །ཀ་བེད་ནི་བིལ་བ་ཀུ་བ་ནི་གཟར་བུ་ཀིམ་པའི་འབྲས་ནི་དུག་གི་འབྲས་བུ། །ཀཎྜྻ་ཀ་རི་ནི་སྨན་ཚེར་མ་ཅན་གཡའ་ཀྱི་མ་ནི་སྔོ་སྨོན་གྱི་བྱེ་བྲག །ན་རཱི་ཀེ་ལ་ནི་བེ་ཏའི་འབྲས་བུ་ཀ་ཀོ་ལ་ནི་བཟང་འབྲུའི་སྨན། །ཀེ་ལ་ཤ་ནི་གངས་རི་དང་འབྱེད་སྒྲ་ཀ་ལིངྐ་དང་། །ཀཽ་ཤཱམྦྷི་དང་ཀོ་ས་ལ་དང་། །ཀ་མ་ཏ་དང་བཞི་ནི་རྒྱ་གར་གྱི་གྲོང་ཁྱེར་ཀོའུ་ཤི་ཀ་ནི་རྒྱ་བྱིན་གྱི་མིང་འུག་པ་དུག་སྦྲུལ་གུ་གུལ་རྣམས་ལའང་བཤད། །ཀཱ་ཏྱཱ་ཡ་ན་ནི་ཀ་ཏའི་བུ་ཉན་ཐོས་མཆོག་བརྒྱད་ཀྱི་ནང་ཚན་འཕགས་པ་ཀ་ཏྱ་ཡ་ནའི་མཚན་ཀཽཎྜྻི་ནྱ་ནི་ཐབས་ལྡན་མའི་བུ་འཁོར་ལྔ་སྡེ་བཟང་པོའི་ནང་ཚན་ཀུན་ཤེས་ཀཽཎྜྻི་ནྱའི་མཚན། ཀེའུ་ཚང་དུ་ནི་བྲག་ཕུག་ཀོ་ཀྲད་ནི་ལྷམ་ཀྲད་དང་། །ཡུངས་ཀར་ནི་ཐུན་རྫས་ཀ་རུ་ནི་དཀར་པོ་ཐོད་ལེ་ཀོ་ར་ནི་རྡོའི་བྱང་ཤིང་། །ཀུ་ཤུ་ནི་ཤིང་འབྲས་ཀྱི་བྱེ་བྲག་གུར་ཀུམ་ནི་དྲི་བཟང་ཀ་ཅ་ནི་སྤྱད་དངོས་ཀུན་ནི་མང་ཚིག །བསགས་ཀྱང་ནི་རྒྱན་སྡུད་འཐབ་ཀྲོལ་ནི་འཐབ་འཛིད་ཕུང་ཀྲོལ་རྒྱུ་ནི་ཉེས་པས་བ། །ཀྱེ་མ་ནི་སྙིང་རྗེ་བ་ཀྱི་ཧུད་ནི་སྡུག་བསྔལ་བ་ཀྱེ་ཧོ་ནི་ངོ་མཚར་བ་དང་ཡུལ་དམ་པ་ལ་བོད་པའི་བརྡ་ཀྭ་ནི་ཡུལ་དམན་པའི་བོད་སྒྲ། །ཀྱེ་ཀྱེ་ནི་མཆོག་དམན་ཀུན་ལ་བོད་པ་ཀྱོང་ཀྱོང་ནི་གཤོང་གཤོང་ཀོང་ཀོང་ནི་འབུར་དུ། །ཀྲོག་ཀྲོག་ནི་སྒྲ་སྐད་ཀྲབ་ཀྲབ་ནི་རྐང་ལག་ཁྲབ་ཁྲབ་མགོ་ཀྱོག་ཀྱོག་ནི་ཡ་ཡ་ཟེར་བ། །ཀྲོང་ཀྲོང་ནི་ལུས་དང་རྣ་བ་སོགས་ཀོག་གི་ཀེར་ལངས་ནི་ཙོག་གིས་ལངས་པ་ནས་ནི་ལྷག་བཅས། །ཀུ་རེ་ནི་རྩེད་མོ་དོ་ཀེར་ནི་ཐོར་ཚུགས་ཀོ་སྐོ་འདེགས་ནི་མགྲིན་པ་བཏེགས་པ། །ཀུ་ཅོ་ཅ་ཅོ་ཀྱལ་ཀ་ནི་ཀྱལ་པའི་ཚིག་ཀླན་ཀའི་རྒྱུ་ནི་རྩོད་པ་འཚོལ་བ། །འོན་ཀྱང་ནི་ཡིན་ན་ཡང་ལན་ཀན་ནི་མདའ་ཡབ་པུ་ཤུ་ཉེན་ཀོར་དུ་ནི་མཐོང་ཐོས་ཀྱི་ཉེ་འཁོར། །ཀ་ལན་ཏ་ཀ་ནི་རྒྱ་གར་གྱི་ཡུལ་ཞིག་དང་བྱིའུ་ནེལ་ཟན་ཅོ་ཀ་ནི་བྱིའུ་ཅོ་ཀ་དང་། །ཀ་ལ་པིངྐའི་ཀྱུར་ཀྱུར་སྐད་ནི་བྱ་དང་དེའི་སྐད། །ཀེའུ་ནི་རི་སྒོག་དང་རམ་ཀུན་དོང་ནི་བཙོང་ཀག་ནི་ལོ་དང་ཟླ་བའི་ཀི་ཀང་ནི་ས་བདག །སྟོད་ཀོར་ཀླད་ཀོར་ནི་སྐུ་དང་ཡི་གེ་ལ་ཡོད་པ་ཀླད་དོན་ནི་གོང་དུ་བཤད་པ་དང་། །ཀེ་ཤ་ནི་ན་རོ་འགྲེང་བུ་ཉིས་བརྩེགས་ཡོད་པ་ཞབས་ཀྱུ་ནི་ཡི་གེའི་དབྱངས་ལྕགས་ཀྱུས་བཏབ་ནི་མཆིལ་པས་བཟུང་བ། །ཀར་ཀར་ཟུག་ལངས་ནི་ན་ཟུག་བད་ཀན་ནི་ནད་ཆུའི། །ཀུ་ཡ་ནི་ཆབ་་རྟགས་ཀྱི་སྤྲིན་མ་ཀན་འོག་ནི་མཛུབ་འོག་རྩ་ཀྱལ་ཀྱལ་རྩ་འཕར་ཚུལ། །རུས་ཀྲང་ནི་ཤ་མེད་པ་ཀྲང་ངེ་ནི་ཀེ་རེ་བ་སྐྱིལ་ཀྲུང་བཅས་ནི་བཞུགས་སྟངས། །འབྱམས་ཀླས་མཐའ་ཀླས་ནི་དོན་གཅིག་མཐའ་ཡས་པའི་དོན་ཀློག་ཀྱང་ཀླག་ནི་བཀའ་བསྟན་ཀློག་པ། །སྟོན་ཀ་དཔྱིད་ཀ་ནི་དུས་བཞིའི་ཡ་གྱལ་གཉིས་ཀའི་དུས་ནི་དུས་དེ་གཉིས་ལ་གོ །གླང་ཆེན་ཐལ་ཀར་ནི་ཐལ་བའི་མདོག་ལྟར་ཡོད་པ་བེར་ཀས་བརྡུངས་ནི་དབྱུག་པས་བརྡེག་པ། །ཀ་ལཱ་པ་ཡིས་ནི་ཤམྦྷ་ལའི་རྒྱལ་པོ་རིགས་ལྡན་དང་སྒྲ་ཀ་ལ་པ་སོགས་ལ་འཇུག་ཀླ་ཀློ་བཅོམ་ནི་དེ་ཡིས་མཐའ་འཁོབ་གཞོམས། །ཀ་བ་ནི་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཀ་ཙ་ལིནྡས་ནི་ལྷའི་གོས་ཀླུབས་ནི་དེས་བརྒྱན་པ། །ཀརྴ་པ་ཎ་ནི་དངུལ་གྱི་དོང་རྩེ་ཀེ་ཀེ་རུ་ནི་ནོར་བུའི་བྱེ་བྲག །ཀང་ཀ་ནི་དུར་བྱ་འདི་ཀོ་ནི་བརྡ་རྙིང་བརྡ་གསར་ལ་འདི་ནི་ཀླག་ཅོར་ཆེ་ནི་སྐད་ཆེ་བ། །ཀེང་རུས་ནི་ཤ་མེད་པའི་རུས་ཁོག་ཀ་ལིའི་ནི་ཐོད་པ་ཀླད་པ་ཟ་ནི་མགོའི་ཀླད་པ་ཟ། །ཀུན་ནས་ནི་ཕྱོགས་ཐམས་ཅད་ནས་ཀུན་ཏུ་ནི་དུས་དང་རྣམ་པ་ཀུན་ཏུ་པགས་ཀབ་ཀོབ་ནི་ཀོ་བ་གྱོང་པོ་བཀབ་པའི་བསྐུལ་ཚིག ཀུ་ཧུའི་མགྲིན་ནི་བྱ་ཁུ་བྱུག་གི་སྐད་ལ་སོགས་ཀ་རྐྱང་ངོ་། །
༈ དཀར་ཆག་ནི་ཐོ་ཡིག་དང་གསུང་རབ་ཀྱི་མ་དཀྲུགས་ནི་གོང་འོག་སོགས་མ་འཁྲུགས་པ་དཀོར་མཛོད་ནི་བང་མཛོད་དཀྲོགས་ནི་ལག་པས་དཀྲོགས་པ། །དཀྱིལ་འཁོར་ནི་དཀྱིལ་དུ་གཙོ་བོ་མཐའ་ནས་འཁོར་གྱིས་བསྐོར་བ་དཀྱིལ་དུ་ནི་དབུས་སུ་དཀྲོང་བསྐྱེད་ནི་བསྐྱེད་རིམ་གྱི་བྱེ་བྲག་དཀའ་ནི་དཀོན་པ། །དཀར་ཐུབ་དང་དཀའ་སྤྱད་ནི་དཀའ་ལས་ཆེ་བ་དཀོན་ཅོག་ནི་བརྡ་རྙིང་བརྡ་གསར་དཀོན་མཆོག་དཀོན་ནི་མེད་པའི་དོན། །མདོག་དཀར་ནི་ཁ་དོག་དཀར་པོ་དཀྱེལ་ཆེ་ནི་ཁོངས་ཡངས་པ་སྤྱན་དཀྱུས་རིང་ནི་སྤྱན་མཛེས་པ། །དཀྱུས་མའི་ནི་བར་མ་དཀོར་ཟས་ནི་དད་གཤིན་གྱི་རྫས་དྲི་མ་དཀུ་ནི་དྲི་ཐུལ་བ། །དཀོས་ཐག་ནི་ཉམ་ཐག་པ་ཀུན་དཀྲིས་ནི་ཉོན་མོངས་པ་གོས་ཀྱིས་དཀྲིས་ནི་གཡོགས་པའི་དོན། །དཀུ་སྐབས་ནི་ལུས་ཀྱི་སྟ་ཟུར་དཀུ་ཟླུམ་ནི་ལྟོ་བ་ཟླུམ་པ་དཀུ་མ་རྙོངས་ནི་ལྟོ་བ་འགྲིམ་པ། །སྤྲིན་དཀྲིགས་ནི་ཆུ་འཛིན་འཁྲིགས་པ་ཞོ་དཀྲོགས་ནི་འོ་མ་སོགས་རོལ་མོ་དཀྲོལ་ནི་བརྡུང་བའི་དོན། །དཀར་ཡོལ་ནི་ཞལ་དཀར་ཆག་དཀྲུམ་ནི་བཅག་པ་དཀྱུ་སར་ནི་རྟ་རྒྱུགས་ས་དཀྱུས་ནི་རྒྱུགས་པའི་དོན། །དཀའ་འགྲེལ་ནི་དཀའ་བའི་དོན་བཀྲལ་བ་དཀྲིགས་ཕྲག་ནི་གྲངས་ཀྱི་མིང་དཀན་གཟར་པོ་ནི་རི་གཟར་པོ། །ཕན་ཚུན་དཀྲུགས་ནི་དཀྲུགས་ཤིང་བྱེད་པ་ལ་སོགས་པ་སྔོན་འཇུག་དས་འཕུལ་བའི་ཀའོ། །
༈ བཀྲ་ཤིས་ནི་ཕུན་སུམ་ཚོགས་པ་བཀྲ་མདངས་ནི་མཛེས་པའི་མདངས་ཚོན་བཀྲ་ནི་ཁ་དོག་བཀྲ་བཀྲམ་ནི་ཟོང་དང་མེ་ཏོག་སོགས་བཀྲམ་པ། །བཀའ་བསྒོས་ནི་བགེགས་ལ་བཀའ་བསྒོ་བ་ཁྲལ་ནི་མི་སེར་ལ་བཀལ་ཁལ་ནི་རྟ་འོང་ལ་བཀལ་རྒྱུ་སད་བུ་བཀལ་ནི་སྐུད་པ་འཁལ་བ། །ཕོ་ཉ་བཀྱེ་ནི་བང་ཆེན་གཏོང་བ་སྟོན་མོ་བཀྱེ་ནི་དགའ་སྟོན་གྱི་སྦྱིན་པ་བཏང་བ་འོད་བཀྱེ་ནི་འོད་ཟེར་འཕྲོ་བ་སྤྲུལ་པ་བཀྱེ་ནི་སྤྲུལ་བ་སྟོན་པའི་དོན། །དགོངས་པ་བཀྲལ་བ་དང་ཁྲལ་བཀྲལ་ནི་སོ་སོར་ཁ་བཀྲལ་བའི་དོན་དགོངས་པ་བཀྲལ་བ་དང་བཅིངས་པ་བཀྲོལ་བ་ནི་བསྡམས་པ་བཀྲོལ་བའི་དོན། །དྲི་མ་བཀྲུ་ནི་འཁྲུ་བ་བཀྲུས་ནི་ཟིན་པ་བཀྲེན་ཅིང་ནི་དབུལ་པོ་བཀྲེས་ནི་ལྟོགས་པ། །བཀར་ནས་ནི་ལོགས་སུ་བསལ་བ་བཀྱིགས་ཏེ་བཅིངས་པ་སྲོག་བཀུམས་ནི་བསད་པ་བཀྲོངས་ནི་བསད་པའི་ཞེ་ས། །བཀད་སར་ནི་ཐབ་ཚང་སྣོད་བཀང་ནི་སྣོད་དུ་ཟས་བཀང་བ་ཐུགས་དམ་བཀང་ནི་ཐུགས་བཞེས་བཀང་བ། །བསྙེན་བཀུར་ནི་ལོངས་སྤྱོད་ཀྱི་ཞབས་ཏོག་བཀུར་སྟིས་ནི་ལུས་ངག་གི་ཞབས་ཏོག་གོང་དུ་བཀུར་ནི་གདན་ཁྲི་སོགས་ལ་བཀུར་བ། །བཀོད་ལེགས་ནི་བཤམ་ཚུལ་བདེར་བཀོད་ནི་བདེ་བར་འགོད་པ་ཟུར་བཀོལ་དང་ནི་ཡི་གེ་སོགས་ཟུར་དུ་འགོད་པ། །ཤིང་བཀུགས་ནི་ཚུར་འཐེན་པ་བཀས་ཤིང་ནི་སྟ་རེས་བཀས་པ་གཡོག་ཏུ་བཀོལ་ནི་བྲན་དུ་ཁོལ་བ། །གནང་བཀག་ནི་དགེ་བ་གནང་བ་སྡིག་པ་བཀག་པ་སྨན་བཀུ་ནི་སྨན་སྐོལ་བཀུས་ཏེ་བོར་ནི་སྨན་ཁུ་བ་བཏོན་ནས་བོར་བ། །གོས་བཀབ་ནི་ལུས་ལ་གཡོགས་པ་གཞུ་བཀང་ནི་འཐེན་པ་རྩ་བ་བཀོག་ནི་འབལ་བའི་དོན། །བཀའ་དྲིན་ནི་གོང་མའི་དྲིན་བཀའ་བཏགས་ནི་ཁྲིམས་བསྒྲགས་པ་བཀའ་བློ་བདེ་ནི་ཡིད་ཆེས་པའམ་བློ་བདེ་བ། །བཀའ་བཀྱོན་དང་བརྒྱད་བཀག་ནི་དགོངས་པ་ཁྲེལ་བ་འཁོན་དུ་བཀོན་ནི་དགྲར་བཟུང་། །ལམ་བཀག་ནི་དགག་པ་སྤ་བཀོང་ནི་སྐྲག་ཏུ་བཅུག་པ་རྒྱལ་པོས་བཀྲབས་ནི་མིའི་ཁྲོད་ནས་གདམས་པ། །ལུས་བཀན་དང་ལག་བཀན་ནི་གཞན་ལ་རེག་པ་བཀྲོས་ནས་བཀྲི་ནི་གདམས་ཀ་བྱེད་དེ་ཁྲིད་པ། །མདོ་བཀླགས་ནི་ཀློག་པ་མགོ་བཀད་ནི་སྐྲའི་བཀད་ཐགས་ཀྱི་བཀད་ནི་སྲད་བུ་ཕན་ཚུན་སྤེལ་བ་བཀྱལ་པའི་ངག་ནི་དོན་མེད་ཀྱི་གཏམ་ལ་སོགས་པ་སྔོན་འཇུག་བས་འཕུལ་ཀའོ། །
༈ རྐང་ལག་ནི་གཟུགས་ཀྱི་ཡན་ལག་རྐང་བཞི་ནི་དུད་འགྲོ་རྐན་ནི་ཁའི་རྐན་དང་རྐུབ་ནི་གཤང་ལམ། །ཆོམ་རྐུན་ནི་ཇག་པ་རྐྱན་ནི་ཆང་རྐྱན་དང་ཕྱེ་རྐྱལ་ནི་ཙམ་པའི་སྣོད་རྐུ་ནི་མ་བྱིན་ལེན་པ། །རྐོང་པ་ནི་ནད་ཀྱི་མིང་ཚིག་རྐྱང་ནི་དཔེ་ཆའི་ཚིག་ས་རྐོ་ནི་བྱེད་ཚིག་རྐོས་ནི་བསྐུལ་ཚིག །གན་རྐྱལ་ནི་ལུས་དང་ལག་པ་སོགས་རྐེད་རྐྱོང་ནི་སྣར་བ་རྐོན་པ་འཛུགས་ནི་རྙི་བཙུགས་པ། །རྐ་མགོའི་ནི་ཆུའི་རྐྱལ་རྩེད་ནི་ཆུ་ལ་རྩེད་རྒྱབ་པ་རི་དྭགས་རྐྱང་ནི་རྐྱང་རྟ། །རྒྱུ་ནི་ས་བོན་རྐྱེན་ནི་ཆུ་ལུད་ལ་སོགས་པ་རར་བཏགས་ཀའོ། །
༈ ལྐོག་འགྱུར་ནི་མངོན་སུམ་མེད་པ་ཁང་པ་དང་རི་སོགས་ཀྱི་ཕག་ལྐོག་མ་ནི་མགྲིན་པ་ལྐོག་ཤལ་ནི་བ་ལང་ལ་ཡོད་པ་དང་། །ངག་ལྐུགས་ནི་སྨྲ་མི་ཤེས་པ་ལ་སོགས་པ་ལར་བཏགས་པའི་ཀའོ། །
༈ སྐ་ཅོག་ནི་ལོ་ཙཱ་བ་སྐ་བ་དང་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་མཚན་སྐལ་ལྡན་ནི་ལས་ཅན་སྐར་མ་སྐག་ནི་རྒྱུ་སྐར། །སྐུ་སྐེམ་ནི་སྐུ་ཤ་སྐམ་པ་སྣུམ་སྐུད་ནི་སྣུམ་བྱུག་པ་སྐུད་པ་སྐྱོལ་ནི་སྲད་བུ་བཀལ་བའི་བསྐུལ་ཚིག །སྐྱོ་མའི་ནི་བསྡག་བྱའི་སྐྱོ་མ་སྐྱུག་པ་ནི་མི་གཙང་བ་སྐྱུང་ཀས་ནི་བྱ་ལྕུང་ཀ་སྐྱུད་ནི་བརྗེད་པ། །སྐ་རགས་ནི་འཆིང་བྱེད་སྐྱེར་སྐྱ་ནི་ཁ་དོག་སེར་སྐྱ་སྐྱུ་རུ་ར་ནི་སྨན་འབྲས་བུ་གསུམ་གྱི་ཡ་གྱལ། །སྐྱེས་བུ་ནི་སྟོབས་སམ་ནུས་པ་དང་ལྡན་པའི་གང་ཟག་སྤྱིའི་མིང་སྐྱེམས་ནི་བཏུང་བའི་ཞེ་ས་ཀྱི་ནི་འབྲེལ་སྒྲ་སྐོམ་ནི་བཏུང་རྒྱུའི་ཆུ་སྐྱུར་ནི་རོ་མངར་བ་མིན་པ་སྐོལ་ནི་ཐབ་ཏུ་སྐོལ་བ། །གོས་སྐོན་ནི་ལུས་ལ་བཀབ་པ་སྐྱེན་ཡང་ནི་ལུས་རྩལ་སྐྱུར་ནི་དོར་བ་བས་ནི་བྱེད་སྒྲ་སྐྱོ་ནི་སྙིང་མི་དགའ་བ། །སྐེམ་བྱེད་ནི་ཉི་མ་དང་གདོན་གྱི་བྱེ་བྲག་སྐུལ་བྱེད་ནི་རྟ་ལྕག་སྐོར་བར་བྱེད་ནི་སྐུ་གསུང་ཐུགས་རྟེན་ལ་བསྐོར་བ། །སྐྱུ་རུམ་ནི་ཚོད་མ་སྐྱུ་གང་ནི་ལག་པའི་མཚོན་གང་སྐྱུགས་པས་ནི་ཁ་ནས་སྐྱུགས་པ་སྐྱེངས་ནི་ངོ་ཚ་བ། །སྐྲན་ནི་ནད་ཀྱི་མིང་དང་སྐྱིགས་བུ་ནི་ཧིག་པ་སྐྱ་སྦབ་ནི་བད་ཀན་སྐྲངས་ནི་སྦོས་པ། །རི་སྐྱེགས་ནི་རི་དྭགས་ཆུ་སྐྱར་ནི་བྱ་སྐྱ་གའི་སྐད་ནི་བྱ་དེའི་སྐད། །སྐུན་བུ་ནི་ཀོང་བུ་སྐམ་པ་ནི་ལྕགས་ཀྱི་འཛིམ་སྐྱ་བ་ནི་གྲུའི་ཟན་སྐྱ། སྐྱོགས་ནི་ཟངས་ཀུ། །དགེ་སྐོས་ནི་སྐུ་དྲུང་བྲོ་སྐྲབ་ནི་ཞབས་བྲོ་ཌ་རུ་སྐྲོག་ནི་ཅང་ཏེའུ་བརྡུང་བ། །སྐུད་པོ་ནི་ཆུང་མའི་སྤུན་སྐྱོ་སྔོགས་ནི་འཁྲུག་ལོང་སྙན་སྐྱོས་ནི་གོང་མའི་སྙན་དཀྲོགས་པ་སྐྲག་ནི་འཇིགས་པ། །རྒྱ་སྐྱེགས་ནི་རྒྱ་ཚོད་སྐྱེད་ཚལ་ནི་ལྡུམ་ར་སྐྱེར་པའི་ནི་འཚེར་མའི་ཤིང་སྐས་ནི་འཛེག་སྐས། །སྐེ་ནི་ལྟག་པ་དང་ཨོག་སྐོར་ནི་ལྐོག་མ་ཆུ་སྐྱེགས་སྐྱེས་ནི་ཁ་སྐྱུར་བ། །སྐྱི་གཡའ་ནི་ཤ་ཟིང་སྤུ་ཟིང་བྱེད་པ་སྐྱོན་ནི་ཉེས་པ་སྐྱོབ་ནི་འདྲེན་པ་སྐྱབས་འགྲོ་ནི་དཀོན་མཆོག་ལ་སྐྱོར་ནི་དཔེ་ཆ་སྐྱོར་བ། །འཚོ་སྐྱོང་ནི་སྨན་པ་རེ་སྐོང་ནི་འདོད་པ་འཇོ་བ་སྐྱིན་གོར་ནི་སྦལ་པ་དམ་སྦི་སྐོག་ནི་བཏོན་པ། །སབ་སྐྱོགས་ནི་སྲབ་ཐག་སྐྱེས་བཟང་ནི་གནང་སྐྱེས་རྒྱལ་གྱི་སྐུགས་ནི་མདའ་རྩེད་ཀྱི་གྲངས་ཁ། །བྱ་སྐྱིབས་ནི་ས་རྡོའི་ཕུག་པ་བླ་གབ་ཅན་སྐར་ཁུང་ནི་སྒོ་ཆུང་སྐོར་ཚེར་ནི་སྐབས་སུ་སྐྱིད་ནི་དགའ་བ། །སྐྱེལ་མ་ནི་སྐྱེལ་མཁན་སྐྱེས་ཆེན་ནི་གནང་སྦྱིན་ཆེན་པོ་སྐྱོས་མ་ནི་ལག་རྟགས་སྐྲོད་ནི་ལག་ཏུ་སྤྲོད་པ། །ཆུ་སྐྱོམ་ནི་སྣོད་དུ་ཆུ་གཡོམ་པ་ཞོ་སྐྲོག་ནི་འོ་མ་དཀྲོགས་པ་རྩིས་ཀྱི་སྐེག་ནི་འཚུབ་ཆ་བསྟན་པ། །ཇི་སྐད་ནི་ཅི་ལྟར་འདི་སྐད་ནི་འདི་ལྟར་ཁ་སྐོང་ནི་ཁ་གསོ་སྐབས་ནི་བྱེད་དུས། །ས་སྐྱོང་ནི་རྒྱལ་པོ་སྐྱང་ནུལ་ནི་ཞ་ལིའམ་འདམ་གྱིས་ཞལ་བ་སྐམ་རེ་སྐན་ནི་མི་སྐམ་ཞེས་པའི་མནའ་ཚིག །སྐ་ཅིག་ནི་བརྡ་རྙིང་བརྡ་གསར་ལ་སྐད་ཅིག་སྐྲ་སྐྱེས་ནི་མགོ་བོའི་ཤིང་སྐྲུས་པ་ནི་ཁོང་བསལ་བ། །སྦས་སྐྲུངས་ནི་ལྐོག་ཏུ་བཞག་པ་མཐའ་སྐོར་ནི་ཉེ་འཁོར་སྐབས་སུ་ཆུད་ནི་ཡུད་ཙམ་གྱིས་ཤེས་པ། །རང་སྐལ་ནི་རང་གི་བགོ་བཤའ་སྐྱེ་མཆེད་ནི་རྣམ་ཤེས་སྐྱེ་ཞིང་མཆེད་པའི་དབང་པོ་ཡུལ་དང་བཅས་པ་བཅུ་གཉིས་ཐུགས་དམ་སྐོང་ནི་བཞེད་དོན་སྐོང་བ། །བྱ་སྐོན་ནི་རྒྱའམ་རྙི་སྐྱི་དཀར་ནི་ཀོ་བ་ལུ་བྱི་བ་སྐྱེ་ཚེའི་འབྲུ་ནི་གཏོར་ཟོར་གྱི་རྫས་ཚེ་ཐུན། །སྐྱོ་མ་སྔ་བཙན་ནི་ཕྲ་མ་བྱེད་པ་སྐྱིལ་ཀྲུང་ནི་བཞུགས་སྟངས་སྐྱོད་ནི་གཡོ་བ། སྐྱ་རེངས་ནི་ཐོ་རངས་ཀྱི་ཞལ་སྐྱིན་ནི་ཞལ་མཚར་བའམ་སྐུ་ཚབ་ལའང་གོ་ལ་སོགས་པ་སར་བཏགས་པའི་ཀའོ། །
༈ འདོད་ལ་བརྐམ་པས་ནི་འདོད་ཡོན་ལ་ཆགས་པ་བརྐུ་བྱ་ནི་ནོར་རྫས་བརྐུས་ནི་ཟིན་པ། །ས་བརྐྱང་ནི་འདུལ་བའི་ཕྱག་ལེན་ཆོས་གོས་ཀྱི་སྟན་ལག་བརྐྱང་ནི་ཕར་བརྐྱང་བ་བརྐོ་བྱ་ནི་ས་དང་པར་སོགས་བརྐོས་ནི་ཟིན་པ་ལ་སོགས་པ་སྔོན་འཇུག་བས་འཕུལ་བའི་ར་མགོ་ལྡན་པའི་ཀའོ། །
༈ བྱུག་པ་བསྐུ་ནི་ལུས་ལ་དྲི་བཟང་པོ་བྱུག་པ་བསྐུས་ནི་ཟིན་པ་ལག་བསྐུམ་ནི་ཚུར་བསྐུམ་པ་བསྐུམས་ནི་ཟིན་པ། །འཕྲིན་འགན་དབང་བསྐུར་ནི་འཕྲིན་བསྐུར་བ་འགན་ཁུར་བསྐུར་བ་དབང་བསྐུར་བ་སོགས་ཆོས་ལ་བསྐུལ་ནི་སྡིག་ཅན་ཆོས་ལ་དྲང་བ། །ནོར་བསྐྱི་ནི་གཡར་བ་བསྐྱིས་ནི་ཟིན་པ་དང་བསྐྱིན་པ་བསྐྱལ་ནི་བསྐྱི་ཚབ་སྤྲོད་པ། །གོས་བསྐོན་ནི་གོས་གོན་པ་རྟར་བསྐྱོན་ནི་རྟ་ཁར་བསྐྱལ་བ་བསྐྱར་ནས་ནི་སྐྱར་ཟློས་བསྐྲད་ནི་བགེགས་སོགས་བསྐྲད་པ། །བཅོམ་བསྐྱུངས་ནི་སྙོམས་ཆུང་བ་ཟས་བསྐྲུ་ནི་ལྟོ་ཆས་བྱེད་པ་བསྐྱེད་ནི་ཁོང་རྒྱ་བསྐྱེད་པ་ཅིང་ནི་ཚིག་ཕྲད་བསྐྲུན་ནི་བཟོས་གྲུབ་པ། །བསྐལ་མེས་ནི་དུས་མཐའི་མེ་མཚོ་བསྐམས་ནི་མེ་དེས་མཚོ་བསྐམ་ཟིན་པ་ཆུ་བསྐྱིལ་ནི་རྫིང་སོགས་ལ་བསྐྱིལ་བ་བསྐྱམས་ནི་གོང་དུ་སྐྱོམ་ཞེས་པའི་འདས་ཚིག །བསྐལ་དོན་ནི་ཡུལ་དུས་རིང་བའི་དོན་བསྐུངས་ཤིང་ནི་སྦས་ཟིན་པ་འཇིགས་བསྐྱབས་ནི་འཇིགས་སྐྱོབ་ཀྱི་འདས་ཚིག་བསྐྱངས་ནི་དྲིན་སྐྱོང་ཟིན་པ། །འཕོ་བསྐྱས་ནི་སྡོད་ས་སྤོ་བ་རྒྱང་བསྐྱུར་ནི་བྱ་བ་བཤོལ་བ་བྱ་བ་བསྐྱུངས་ནི་བྱ་བ་ཉུང་བ། །མི་བསྐྱོད་ནི་རྐྱེན་གྱིས་མི་འཁྲུགས་པ་བསྐོར་བ་ནི་མཆོད་རྟེན་སོགས་ལ་རྒྱལ་སར་བསྐོས་ནི་ཁྲི་མངའ་གསོལ་བ། །རོ་བསྐ་ནི་ཨ་རུའི་རོ་ལྟ་བུ་ཁ་བསྐང་ནི་བསྣན་པ་ཐུགས་དམ་བསྐངས་ནི་ཟིན་པ། །སེམས་བསྐྱེད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྒྱ་བསྐྱེད་ནི་བློ་རྒྱ་བསྐྱེད་པ་བརྗེད་པའི་བསྐྱུད་ནི་བརྗེད་ཟིན་པ། །ལ་སོགས་སྔོན་འཇུག་བས་འཕུལ་བས་འཕུལ་བའི་ས་མགོ་ལྡན་པའི་ཀའོ། །
༈ གོ་ཁྲབ་ནི་གོ་ཆ་ཁྲི་ཕྲག་ཁྲག་ཁྲིག་ནི་གྲངས་ཀྱི་མིང་ཁུར་ནི་རྒྱབ་ཁུར། །ཁོང་ཁྲོ་ནི་ཚིག་པ་ཟ་བ་ཁོན་འཛིན་ནི་ཁོན་དུ་བཟུང་བ་ཁྲོ་བོ་ཁྲོས་ནི་ཁྲོ་བོར་ལངས་པ། །ཁྲོ་ནི་ཐབ་ཆ་དང་ཁྲོལ་ཚགས་ནི་ཆུ་ཚགས་ཁྲུད་ནི་དྲི་མ་བཀྲུས་པའི་བྱེད་ཚིག་ཁུས་ནི་སྐད་རྒྱབ་པ་ཁྲུས་ནི་བསྐུལ་ཚིག །ཁོང་ཁྲག་ནི་ཁོག་པའི་ཁྲག་ཁྲུག་ནི་འཁྲུགས་ལོང་ཁྲུང་ཁྲུང་ནི་བྱ་ཁྱུ་ནི་མང་པོ་ཚོགས་པ། །ཚུལ་ཁྲིམས་ནི་དགེ་བཅུའི་ཚུལ་བཟང་པོ་གདུལ་བྱ་ལ་ཁྲིམས་སུ་མཛད་པ་ཁྲིས་འཇགས་ནི་ཕན་ཚུན་འཆིང་སྒྲིགས་པ་ཁྲིམས་ནི་ལུགས་གཉིས་ཀྱི་ཁྲིམས་ཁྲལ་ནི་དཔྱ་ཁྲལ། །ཁྲུ་གང་ནི་སོར་མོ་ཉེར་བཞིའི་ཚད་ཁྲུན་རིང་ནི་རས་སྣམ་སོགས་དཀྱུས་རིང་བ་ཁྲམ་ཁ་ནི་གཤིན་རྗེའི་ཁྲམ་ཁ་སོགས་ཁྲ་ནི་ཁྲ་བོ། །ཁྲོམ་ཁྲོད་ནི་ཁྲོས་ཀྱི་དབུས་ཁྲི་སྟེང་ནི་ཁྲི་ཁར་ཁང་ཁྱིམ་ནི་སྡོད་སའི་མཁར་ཁྱམས་ནི་བར་ཁྱམས། །བྱ་ཁྲ་ཁྱིས་ཁྱེར་ནི་བྱ་དེའི་ཤ་ཁྱིས་ཁྱེར་བ་ཁྱོར་བའི་ནི་སྙིམ་པ་ཁྲེ་ནི་མོན་རྒྱགས། །ཁོ་ར་ཁོར་ཡུག་ནི་ལྕགས་རི་ཁྲོན་ཆུ་ནི་ཆུ་རྫིང་ཁྲེམས་ནི་ཆུ་སྤང་ལ་ཁྱབ་པ། །སིལ་ཁྲོལ་ནི་འཁར་སིལ་ཁམས་གསུམ་ནི་འདོད་གཟུགས་གཟུགས་མེད་ཁྲམ་པས་ཁྲེལ་ནི་ཧམ་པས་ཞེ་ཁྲེལ་བ། །དུར་ཁྲོད་ནི་རོ་སྐྱལ་ས་སྣ་ཁྲིད་ནི་ལམ་སོགས་ཁྲིད་མཁན་ཁྲུམས་སྟོད་སྨད་གཉིས་ནི་རྒྱུ་སྐར། །ཁྲོ་གཉེར་ནི་ཁྲོ་ཞལ་གྱི་གཉེར་མ་ཁྭ་ཏ་ནི་བྱ་རོག་གམ་ཨོ་ལ་ལ་སོགས་པ་ཁ་རྐྱང་ངོ་། །
༈ མཁན་པོས་ནི་བསླབ་པ་སྦྱིན་པའི་མཁན་པོ་ས་མཁར་ནི་སའི་ཁྱིམ་མཁྲང་ནི་གྱོང་པོ་མཁྲེགས་ནི་སྲ་བ་མཁྱེན་ནི་ཤེས་པའི་ཞེ་ས། །མཁྱུད་སྤྱད་ནི་མན་ངག་གསང་བ་དཔེ་མཁྱུད་ནི་དཔེ་ཆ་གསང་བའམ་སྦས་པ་ཞུ་མཁན་ནི་དབང་ལུང་ཞུ་བའམ་སྙན་གསོལ་ཞུ་མཁན་མཁོ་ནི་ཉེར་མཁོ། །མ་མཁལ་ནི་ཁའི་འོག་མཁལ་མ་ནི་ནང་ཁྲོལ་མཁུར་འཛུམ་ནི་དགའ་འཛུམ་མཁས་ནི་ཡོན་ཏན་ལ། །མཁན་ཁྲོད་ནི་ཤིང་མཁན་པའི་དབུས་སུ་མཁོས་ཕབ་ནི་ངལ་འཚོ་བ་སྡར་མཁོ་བཞིན་ནི་སྔར་བཞིན། །མཁའ་མཉམ་ནི་མཁའ་ཁྱབ་མཁྲིས་ནད་མེད་པར་མཁྱེན་ནི་དེ་མེད་པར་ཤེས་པ། །ཆུ་མཁྲིས་ནི་རྟ་གདོང་མེ་མཁྲིག་མ་ནི་ལག་པའི་ཚིགས་ལ་སོགས་པ་སྔོན་འཇུག་མས་འཕུལ་བའི་ཁའོ། །
༈ བློ་འཁུམས་ནི་ཞུམ་པ་ཞེ་འཁོན་ནི་འཁོན་འཛིན་འཁང་ཞིང་ནི་སེམས་འཁང་པ་འཁུ་ནི་འཁྱ་ཁ་བཏང་བ། །འཁྱགས་ནས་ནི་གྲང་བ་མཐའ་འཁོབ་ནི་ཡུལ་འཁྱར་ཞིང་ནི་ཡར་བ་འཁྱམས་ནི་སྤྲང་པོ་ཕྱོགས་མཐར་འཁྱམས་པ། །རྒས་འཁོགས་ནི་རྒན་པོ་འཁོས་ཆུང་ནི་སྙོམས་ཆུང་རྐང་འཁྲུམས་ནི་ཞ་བོ་འཁྱོག་ནི་དྲང་པོ་མིན་པའི་འཁྱོག་པོ། །འཁྱོར་ནི་གོམས་པ་ལམ་དུ་མ་ཚུད་པ་འཁྱོམས་ནི་ཡོམ་ཡོམ་བྱེད་པ་འཁར་བར་ནི་དབྱུག་པའམ་རྒྱུག་པ་འཁྲིལ་ནི་བརྟེན་པ་འཁྲིས་ནི་ཆགས་པ་འཁྱུད་ནི་ཡུམ་ལ་འཁྱུད་པ། །འཁྲིག་ཚིག་ནི་སྐྱག་གཏམ་ངག་འཁྱལ་ནི་དོན་མེད་ཀྱི་གླེང་བ་འཐབ་འཁྲུག་ནི་འཁྲུག་འཛིང་འཁྲུལ་ནི་འཛོལ་བའམ་ནོར་བ། །འཁྲི་བ་ནི་ཆགས་ཞེན་ཁྲུ་འཁྲུད་ནི་དྲི་མ་འཁྲུ་བཞིན་པ་འཁྲི་ཤིང་ནི་རུ་ཤིང་ལྟ་བུ་གཞན་ལ་འཁྲིལ་བ་འཁྲུངས་ནི་སྐྱེས་པའི་ཞེ་ས། །གདུགས་འཁྱིར་ནི་བགྱིར་བ་བྲོ་འཁྲབ་ནི་ཞབས་བྲོ་འཁར་རྔ་འཁྲོལ་ནི་རྒྱ་རྔ་བརྡུང་བ། །སེམས་འཁོལ་ནི་བློ་ཕམ་པ་སེམས་འཁྲུགས་ནི་དཀྲུགས་པ་འཁྱུག་པོར་ནི་མགྱོགས་པ་འཁྱུས་ནི་བྲོས་པ། །ཁུར་འཁུར་ནི་ཁུར་ཁྱེར་བ་ཁྲལ་འཁྲི་ནི་ཁྲལ་དེ་ཙམ་ཕོག་པ་འོད་འཁྱིམས་ནི་ཉི་ཟླའི་འོད་འཁྱིལ་ནི་ཆུ་དང་འོད་སོགས། །འཁོར་བར་ནི་ཁམས་གསུམ་འཁོར་བ་འཁྲེན་པ་ནི་ཞེན་པ་འཁྲས་ཤིང་ནི་ཆགས་པ་འཁར་ནི་ཐོགས་པའམ་རྡུགས་པ། །མ་འཁྱིགས་ནི་མ་བསྡམས་པ་མ་འཁྱེར་ནི་ལག་པས་མ་འཁྱེར་བ་སྣུམ་འཁུར་ནི་འཁུར་བ་སྣུམ་བཙོས་འཁུར་ནི་ཁུ་ལེ་ཞེས་པ་ལ་གོ །མ་འཁྱུར་ནི་འགན་ཁུར་བྱེད་མ་ཐུབ་པ་བྲེད་འཁྲིམས་ནི་ཁྲིམས་དྲག་པོ་འཁམས་ཤིང་ནི་དྲན་མེད་བརྒྱལ་བ་འཁུན་ནི་ཟུག་རྔུའི་སྐད། །འཁོར་ལོ་ནི་རྩིབས་ཅན་འཁོད་ཀྱང་ནི་འགོད་པའམ་བཀོད་པ་འཁོར་བཅས་ནི་དཔོན་གཡོགས་ཚང་མ་འཁོབས་ནི་ཁྱབ་པ། །གཡོག་ཏུ་འཁུལ་ནི་བྲན་དུ་ཚུད་པ་འཁོལ་ནི་བཀོལ་བ་སྲད་བུ་འཁལ་ནི་བཀལ་བ། །འཁྲ་སར་ནི་འགྲོ་སར་མ་འཁྱོལ་ནི་མ་སླེབ་པའམ་མཐར་མ་འཁྱོལ་བ་འཁྲིད་པར་ནི་ལམ་བཀྲི་བ་འཁུམས་ནི་ཤེས་པའམ་གོ་བའི་དོན། །རུས་ཀྱི་འཁོན་ནི་ས་སྐྱའི་རུས་ཀྱི་མིང་ལ་སོགས་པ་སྔོན་འཇུག་འས་འཕུལ་བའི་ཁའོ། །
༈ གྲུབ་མཐའ་ནི་ཕྱི་ནང་གི་གྲུབ་མཐའ་གྲུབ་ཐོབ་ནི་མཆོག་གི་གྲུབ་པ་གྲངས་མེད་ནི་རྩིས་ལས་འདས་པ་གྲོལ་ནི་ཉེས་པ་ལས་གྲོལ་བ། །རལ་གྲི་ནི་གྲི་ཆེན་པོ་གྲོགས་ནི་ཤིང་སྟག་པའི་པགས་པ་གྲིལ་ཞེས་གྲགས་ནི་འདྲིལ་ཟེར་བ། །གྲུལ་བུམ་ནི་གདོན་གྱི་བྱེ་བྲག་གྲང་ནད་གྲུམ་བུས་ནི་ནད་ཀྱི་མིང་གྲོངས་ནི་ཤི་བ། །མོན་གྲུ་ནམ་གྲུ་གྲེ་གྲོ་བཞིན་བཞི་ནི་རྒྱུ་སྐར་གྱི་མིང་། །ཆོས་གྲྭའི་གྲལ་དུ་ནི་སློབ་གྲྭའི་གྲལ་རིམ་གྲོའི་གྲབས་ནི་སྐུ་རིམ་གྱི་བཅའ་སྒྲིགས། །ཡུལ་གྲུ་ནི་རྒྱལ་ཁམས་གྲུ་བཞི་ནི་དབྱིབས་གྲུ་ཁའི་གྲོང་ནི་གྲུའི་ཉེ་འགྲམ་གྱི་གྲོང་། །གྲ་མ་ནི་རྩི་ཤིང་དང་ཡ་རབས་སྤུ་གྲི་ནི་རླུང་སྤུ་གྲི་དང་སྐྲ་གྲི་གྲུ་འཛིན་རི་ནི་རི་བོ་པོ་ཏ་ལ། །མོན་ལུག་གླ་སྒང་ནི་སྔོ་སྨན་གྲོའི་སྦང་གླུམ་ནི་དཀར་ཆང་གི་སྦང་མ་དང་གླུམ། །གྲ་ནི་སྦུན་པའམ་གྲ་མ་ཕུབ་ནི་གྲོ་ཕུབ་གྲོ་མ་ནི་གྲོ་མ་དྲི་བཟང་ཞེས་པའི་གྲོ་མ་མོན་སྲན་གྲེའུ་ནི་སྲན་མའི་བྱེ་བྲག །གྲོད་པ་ནི་ལྟོ་བ་གྲོན་ཅན་ནི་གྲོད་པ་ཆེ་བ་གྲུང་ཞིང་ནི་སྤྱང་པོ་གྲིམས་ནི་རིག་པ་བཅུན་པ། །གྲམ་པའི་ཆུ་གྲོག་ནི་ས་རུལ་ཆད་པའི་འོབས་དང་རི་སུལ་ཆུ་གྲང་མོ་སོགས་ལ་གྲེ་བའི་ནི་སྐད་འཐེན་པ་གྲོགས་ནི་རོགས་རམ། །གྲིབ་མར་ནི་ཤིང་སོགས་ཀྱི་གྲིབ་མ་གྲོས་གླེང་ནི་སྐད་ཆ་བཤད་པ་རེ་གྲོན་མེད་ནི་ཆུད་ཟོས་སོང་བ། །གླ་རྩི་ནི་སྨན་ཆེན་གླ་རྔན་ནི་ལས་ཀྱི་གླ་གླུད་ལྟར་གླེན་ནི་ངར་གླུད་ལྟར་ཅང་མི་ཤེས་པའི་དོན། །འཛམ་གླིང་ནི་འཇིག་རྟེན་འདིའི་མིང་གླེགས་བམ་ནི་པོ་ཏི་གླིང་བུའི་གླུ་ནི་ཁའི་གླིང་བུ་དང་ངག་གི་གླུ། །ཕོ་གླང་ནི་ཕོ་ནད་གླང་ཤུ་ནི་ཤུ་བའི་ནད་གློག་པའི་ནད་ནི་ས་བདག་ཀླུའི་ལྷོག་ནད། །གློ་བའི་ནི་ནང་ཁྲོལ་གློ་དགོག་ནི་གློ་ལུད་པ་ལེབ་མོར་གླེབས་ནི་སྲབ་མོར་བྱེད་པ། །གླང་ཆེན་གློས་ཕབ་ནི་གླང་པོ་གཞོགས་ཕབ་ནས་འདུག་པ་གློད་ནས་ནི་ལྷོད་པའམ་བགྲོལ་བ་གླལ་ནི་ཁ་གཡལ་བའམ་ཧ་ཡི་འཕྱར་བ། །གློ་འབུར་ནི་མཆོད་ཁང་སོགས་ཀྱི་གློ་བུར་གློ་འབུར་ནི་དུས་མ་ངེས་པ་གློ་རྡེག་ནི་རཏའི་གློ་བསྡམས་པ་གློག་ནི་ནམ་མཁའི་གློག །གླགས་རྙེད་ནི་གནོད་ཐུབ་པ་ལན་གླན་ནི་ལན་འཇལ་བ་ལྷན་པ་གླན་ནི་ལྷན་པ་རྒྱབ་པ། །སྒོ་གླེགས་ནི་སྒོ་འཕར་ཆོས་གོས་གླེགས་བུའི་གྲྭ་ནི་སྣམ་ཕྲན་སྦྱར་བའི་གྲྭ། །གླ་གོར་ཞོ་ཤ་ནི་སྨན་སྲོག་སྲོག་མ་མདུན་མ་གླེང་ནི་གྲོས་བྱས་པ། །བྱ་གླག་ནི་ཆགས་རྒོད་གྲོག་མ་ནི་སྲོག་ཆགས་གྲིབ་ནི་བཙོག་གྲིབ་སོགས་ཀྱི་གྲིབ་གྲིབ་གནོན་ནི་གྲིབ་ཀྱིས་གནོད་པའམ་གདོན་གྱི་བྱེ་བྲག་ལའང་གོ །གྲོག་པོར་ནི་ལུང་སྟོང་གྲུ་མོ་ནི་མཆན་ཁུང་ཆག་གྲུམ་ནི་གོང་གི་ཆག་དཀྲུམ་དང་དོན་གཅིག་གྲུབས་ནི་བསམ་དོན་གྲུབ་ཟིན་པ། །དངོས་གྲུབ་ནི་མཆོག་ཐུན་གྱི་དངོས་གྲུབ་གྲུ་ཆར་འབེབས་པར་གྲགས་ནི་དགོས་དུས་ཆར་པ་བབས་སོ་ལོ་ཞེས་པའི་དོན། །ཤ་བའི་གྭ་དོར་ནི་ཁྲག་རྭ་སྟེ་ལ་སོགས་པ་ག་རྐྱང་ངོ་། །
༈ དགེ་བསྙེན་དགེ་ཚུལ་ནི་སྡོམ་པའི་མིང་དགའ་དགྱེས་ནི་ཐུགས་མཉེས་པ་དགོད་ནི་གད་མོ་ཤོར་བ། །དགུང་སྔོན་ནི་ནམ་མཁའ་དགུ་ཚིགས་ནི་ནམ་མཁའི་དར་ལམ་དགེ་ཞིང་ནི་ལེགས་པ་དགུ་ནི་གྲངས་ཁ། །ཉིན་དགུང་ནི་ཉིན་ཕྱེད་དགེ་བཤེས་ནི་དགེ་བའི་མཛའ་བཤེས་ཡོད་དགུ་ནི་ཡོད་ཚད་དགུ་ནི་བཀུག་པ། །དགེ་སྦྱོང་ནི་ཚངས་སྤྱོད་དགེ་སློང་ནི་བསྙེན་རྫོགས་དགེ་འདུན་ནི་དགེ་སློང་བཞི་ཡན་ཆད་དགུས་ནི་བྱེད་སྒྲ། །དགྲ་བཅོམ་ནི་འཕགས་པ་དགོངས་དགྲོལ་ནི་བཀྲོལ་བ་ཡི་གེར་དགོད་ནི་བཀོད་པ། །དགག་སྒྲུབ་ནི་སྤང་བླང་སྣོད་དགང་ནི་བཀང་བ་དགོན་པར་ནི་རི་ཁྲོད་དགར་ནི་ལོགས་སུ་བཀར་བ། །དགོ་བས་ནི་རི་དྭགས་ཕ་བ་དགོ་ནི་འདྲེའི་བོང་ཐོལ་ཟེར་བ་དགས་ནི་བཀས་པ། །ཁལ་དགལ་ནི་བཀལ་བ་ལྷན་པ་དགབ་དང་ནི་ལྷན་པ་བཏབ་པ་དགོག་ནི་བཀོག་པ། །སྐྱེ་དགུས་ནི་སྐྱེ་བུ་སྤྱིའི་མིང་དགེ་ལེགས་ནི་ཕུན་སུམ་ཚོགས་པ་དགེ་སྒྲུབ་དགོས་ནི་དགེ་བ་སྒྲུབ་དགོས་པ། །དགོང་མོ་ནི་ཕྱི་དྲོ་ཟོང་དགྲམ་མེ་ཏོག་དགྲམ་ནི་བཀྲམ་པའི་དོན། །དགུན་དུང་ཅན་དུ་ནི་ཆུ་མེད་པའི་ས་ཆ་དགུན་ཀ་སྡོད་ནི་དགུན་དེར་གནས་པ། །དགུང་ལོ་ནི་ལོའི་ཞེ་ས་ལ་སོགས་པ་སྔོན་འཇུག་དས་འཕུལ་བའི་གའོ། །
༈ བཀའ་བགྲོ་ནི་གསུང་གླེང་བྱས་པ་འགྲོ་གླེང་ནི་ཆོས་ཀྱི་འབེལ་གཏམ་བགྱི་བགྱིད་བགྱིས་ནི་དུས་ཀྱི་རྣམ་བཞག །གོ་བགོས་ནི་གོ་ཆ་བྱོན་པ་བགེགས་ཀྱིས་ནི་གནོད་བྱེད་བགྲོད་ལམ་བགགས་ནི་ལམ་བཀག་པ། །དུས་བགྱངས་ནི་ཡུན་རིང་བ་ཚོད་བགམ་ནི་ཚོད་ལྟ་བ་བགོ་བ་བགོས་ནི་གོས་གྱོན་པ། །བགྲེས་པོས་ནི་སྐུ་བགྲེས་པ་མིག་བགྲད་ནི་མིག་གྱེན་དུ་བགྲད་པ་བགྲང་ཕྲེང་བགྲངས་ནི་ཕྲེང་བ་འདྲེན་པ། །བགྲུས་པའི་འབྲས་ནི་ཆུམ་བགོས་ནི་བགོ་བཤའ་བྱེད་པ་གད་མོ་བགད་ནི་ཧ་ཧ་ཟེར་བ། །གོམ་པ་བགོམས་ཤིང་ནི་གོམ་པ་འདོར་བ་རྙོག་མ་བགྲུངས་ནི་རྙོག་མ་བསལ་བ། །བགོ་སྐལ་ནི་བགོ་བཤའ་བྱེད་པའི་རང་སྐལ་ལ་སོགས་པ་སྔོན་འཇུག་བས་འཕུལ་བའི་གའོ། །
༈ མགོ་ནི་དབུ་མགུར་ནི་གསུང་མགུར་མགུལ་ནི་སྙིང་ཁ་མགྲིན་ནི་ལྐོག་མའི་ཞེ་ས་མགར་ནི་བཟོ་པ་མགོན་ནི་དཔུང་གཉེན་མགུ་ནི་ཡིད་མགུ་བ། །མགལ་དུམ་ནི་ཤིང་ཚིག་འཕྲོ་མགལ་མེ་ནི་མགལ་དུམ་ལ་ཡོད་པའི་མེ་གཏོར་མགྲོན་ནི་མགྲོན་བཞི་མགྱོགས་ནི་མྱུར་བ། །ཡ་མགལ་མ་མགལ་ནི་ཡ་མཁལ་མ་མཁལ་ལ་སོགས་སྔོན་འཇུག་མས་འཕུལ་བའི་གའོ། །
༈ འགྲོ་ནི་ལམ་ལ་འགྲེང་ནི་ཡར་ལངས་པ་འགྲིམ་ནི་རང་ཡུལ་དུ་འགྲིམ་པ་འགྲུལ་ནི་ལམ་འགྲུལ་འགྱིང་ནི་འགྱིང་བག་འགྲོས་ནི་འགྲོ་ཚུལ་འགྲན་ནི་རྩལ་དང་དོ་འགྲན་པ། །འགྲངས་ནི་ལྟོ་འགྲང་བ་འགེངས་ནི་གང་བ་འགག་འགོག་འགགས་ནི་དུས་ཀྱི་ཁྱད་པར་དོན་དུ་བཀག་པ་འགས་འགྲིག་ནི་གང་ཟག་འགའ་ཞིག་གིས་འགྲིག་པ། །འགྱངས་འགོར་ནི་ཡུན་རིང་བ་འགྱེས་ནི་ཁ་བྲལ་བ་འགྲོགས་ནི་གྲོགས་དང་འགྲོགས་པ་དགོངས་འགྲེལ་ནི་བསྟན་བཅོས་འགྲོལ་ནི་བཀྲོལ་བ། །འགྱེལ་ནི་ས་ལ་འགྱེལ་བ་འགྲིལ་ནི་རྦབ་འགྲིལ་བ་འགྲོངས་འགུམས་ནི་ཤི་ཁའི་མིང་འགལ་ནི་མི་མཐུན་པ་འགྲས་ནི་ཞེ་འགྲས་པ་འགྱོད་ནི་འགྱོད་པ་སྐྱེ་བ། །འགོལ་སར་ནི་ནོར་སའམ་འཛོལ་ས་འགྲམ་ནི་ཁ་སོགས་ཀྱི་འགྲམ་འགུལ་ནི་གཡོ་བ་ནོར་འགྱེ་ནི་གཏོང་བའི་བྱེད་པ་འགྱེད་ནི་ཕྱག་འགྱེད་ཕུལ་བ། །འགན་འཁུར་ནི་རང་ལ་ཕོག་པའི་འགན་འགོང་པོའི་ནི་གདོན་གྱི་བྱེ་བྲག་འགོ་ནད་ནི་རིམས་ནད་འགོས་ནི་སྦུར་བའམ་ཟིན་པ། །འཕེལ་འགྲིབ་ནི་གང་སྟེང་ངམ་དར་རྒུད་འགྱུར་ནི་མི་བརྟན་པ་འགྱུས་ནི་སེམས་ཀྱི་འགྱུ་བ་མི་འགོང་ནི་མི་སྐྲག་པ་དང་བཀའ་ལས་མི་འགོང་པའང་གོ །ལམ་འགྲོན་ནི་འགྲུལ་པ་འགའ་ནི་ཁ་ཤས་འགུགས་ནི་བཀུག་པ་རྩིག་འགྲམ་ནི་རྩ་བ་འགོད་ནི་བཀོད་པ། །བརྩོན་འགྲུས་ནི་ལེ་ལོའི་གཉེན་པོ་འགོ་མའི་ཆུ་ནི་ཡུར་བའི་ཆུ་འགྲེམས་ནི་བཀྲམ་པའམ་ཁྱབ་པ་འགྲུབ་ནི་བསམ་དོན་འགྲུབ་རྒྱུ། །མགོ་འགེམས་ནི་གཞོམ་པ་རིགས་འགྲེ་ནི་རིགས་གཅིག་གིས་མང་དུ་འགྲེ་བ་ཚོས་ཀྱིས་འགྲིབ་ནི་ཚོས་ཉེས་པ། །འཐབ་མོ་འགྱེད་ནི་འཁྲུགས་པ་བཏང་བ་ལ་སོགས་པ་སྔོན་འཇུག་འས་འཕུལ་བའི་གའོ། །
༈ རྒོད་པོ་ནི་མི་རྒོད་པོ་རྒྱ་མཚོར་ནི་ཆུ་གཏེར་རྒལ་ཕྱིར་རྒྱུ་ནི་རྒལ་དུ་འགྲོ་བ། །གཏམ་རྒྱུད་ནི་ལོ་རྒྱུད་ཕྲེང་རྒྱུད་ནི་རྒྱན་དང་མེ་ཏོག་སོགས་ཀྱི་དོ་ཤལ་རྒྱུད་མངས་ནི་པི་ཝང་ངམ་སྒྲ་བརྙན་རྒྱན་ནི་རིན་པོ་ཆེའི་རྒྱན་བྱ་རྒོད་ནི་ཐང་དཀར་རྒན་པོ་ནི་རྒས་པ་རྒ་ཤི་ནི་རྟེན་འབྲེལ་བཅུ་གཉིས་ནང་ཚན་རྒུད་ནི་ཉམས་པ། །ཕས་རྒོལ་ནི་ཕ་རོལ་པོས་རང་ལ་རྒོལ་བ་རྒྱང་འཕེན་ནི་ཚེ་སྔ་ཕྱི་རྒྱང་དུ་འཕེན་པའི་མུ་སྟེགས་པ་མགོ་ལ་རྒྱབ་ནི་རྒྱབ་པའི་བསྐུལ་ཚིག །རྒོད་མའི་རྒྱབ་ནི་རྟ་རྒོད་མའི་སྒལ་པ་རྒྱས་ནི་ཉམས་བརྟས་པ་རྒྱང་རིང་ནི་ཐག་རིང་རྒྱུག་ནི་རྟ་རྒྱུག་པ། །རྒྱ་བོ་ནི་སྨ་ར་ཅན་དམུ་རྒོད་ནི་སེམས་རྒྱུད་རྩིངས་པོ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ཕྱག་རྒྱ་མ་སོགས་ལ་གོ་རྒྱོ་ནི་འཁྲིག་སྤྱོད། །རྒྱ་ཚ་རྒྱམ་ཚ་ནི་ཚྭའི་བྱེ་བྲག་རྒྱགས་ཕྱེའི་ནི་ལྟོ་རྒྱགས་ཕྱེའམ་རྩམ་པ་རྒྱུགས་ནི་ཐམས་ཅད་ནས་ལེན་པའམ་བཟེད་པ། །རྒྱུ་མཚན་ནི་གཏན་ཚིགས་ལོ་རྒྱུས་ནི་སྔོན་གྱི་གཏམ་བྱིང་རྒོད་ནི་སེམས་ནང་དུ་ཐིམ་པ་དང་ཕྱི་རོལ་ལ་གཡེང་བ་རྒྱུ་ནི་ས་བོན་ལྟ་བུ། །རྒྱལ་བའི་རྒྱུད་ནི་སངས་རྒྱས་ཀྱི་བཀའ་མདོ་རྒྱུད་རྒྱལ་ནི་དགྲ་ལས་རྒྱལ་བའམ་རྒྱལ་པོ་ལའང་གོ་རྒྱུ་སྐར་རྒྱལ་ནི་སྐར་མའི་མིང་། །ཤེས་རྒྱུད་ནི་སེམས་རྒྱུད་རྒྱས་བཏབ་ནི་སྟོང་ཉིད་ཀྱིས་རྒྱས་བཏབ་པའམ་ཐིའུའི་རྒྱ་ལའང་གོ་ང་རྒྱལ་ནི་དྲེགས་པའམ་ཁེངས་པ་རྒྱགས་ནི་རིགས་གཟུགས་དབང་ཐང་སོགས་ཀྱི་རྒྱགས་པ། །རྒྱ་གྲམ་ནི་རྡོ་རྗེ་དང་ལམ་སོགས་ཀྱི་རྒྱ་གྲམ་རྒྱན་པོ་ནི་ཤོ་དང་སྟག་བསྲེ་སོགས་རྒྱན་དང་རྒྱལ་ནི་རྩེད་མོའི་རྒྱལ་བཞག་པ། །རྒུན་འབྲུམ་ནི་ཤིང་ཏོག་རྒྱ་ཤུག་ནི་རྒྱའི་ཤུག་པ་ཉ་རྒྱར་ནི་ཉ་བཟུང་རྒྱུའི་དྲྭ་བ་རྒྱུ་ནི་འགྲོ་བ། །རྒྱུས་པ་ནི་རྩ་རྒྱུས་རྒྱུ་མ་ནི་ནང་ཁྲོལ་ལུ་གུ་རྒྱུད་ནི་བར་མ་ཆོད་པ། །གྲུ་རྒྱོངས་ནི་ཀོ་གྲུ་བརྒྱང་པའི་བསྐུལ་ཚིག་རྒྱངས་ཤིང་ནི་རྒྱོང་བྱེད་ཀྱི་ཤིང་སྨིག་རྒྱུའི་རྒྱུན་ནི་མྱ་ངམ་ཐང་ལ་ཆུར་མཐོང་བ། །རྒྱ་ཡུལ་ནི་རྒྱ་དཀར་ནག་རྒྱ་ཆེ་བ་ནི་ཐ་གྲུ་ཆེ་བ་ལྟོ་རྒྱབ་སྐྱིད་ནི་ལྟ་གོས་མོད་པའམ་མང་བ། །རྒྱལ་མཚན་ནི་གཡུལ་ལས་རྒྱལ་བའི་མཚན་མ་རྒྱལ་ནི་རྒྱལ་ཁ་ཐོབ་པ་ལ་སོགས་པ་རར་བཏགས་པའི་གའོ། །
༈ ལ་ལྒ་ལྒང་པ་ལྒང་ཕུ་གཅིག་པུར་ངེས་སོ། །སྒོམ་ཆེན་ནི་རི་ཁྲོད་པ་བློ་སྒམ་ནི་བློ་ཟབ་པ་སྒྲིན་པོར་ནི་རིག་པ་སྒྲུན་ནི་འགྲན་པ། །ལྕགས་སྒྲོག་ནི་ལྕགས་ཐག་སྒོར་མོར་ནི་དབྱིབས་སྒོར་སྒོར་སྒྲིམ་ཞིང་ནི་རིག་པ་སྒྲིམ་པ་སྒྲིལ་ནི་ཐང་ཁ་སོགས་སྒྲིལ་བ། །སྒྱིད་སྐྱུར་ནི་ཞེ་ལོག་པ་སྒྱིད་ལུག་ནི་སྙོམས་ལས་སྒྱེད་བུ་ནི་ཐབ་སྒྱལ་ནི་ས་ལ་སྒྱལ་བ། །སྒྱུ་རྩལ་ནི་ལུས་རྩལ་གཡོ་སྒྱུ་ནི་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་བཅོས་པ་དང་སྐྱོན་ཡོད་ཀྱང་མེད་པ་ལྟར་བཅོས་པའོ་སྒྱུ་མ་ནི་སྔགས་དང་རྫས་ཀྱིས་སྤྲུལ་པ་སྒྲུང་ནི་གཏམ་རྒྱུད། །སྒམ་སྒྲོམ་ནི་ཤིང་སྒྲོམ་སྒྲོ་བ་ནི་རྟ་སྒྲོ་སྒྱེ་ནི་ཕད་ཙ་སྒྱེའུ་ནི་ཀོ་སྐྱལ། །སྒྱུག་མོས་ནི་ཆུང་མའི་མ་སྒོ་ང་ནི་བྱའི་སྒོག་ཟོས་ནི་སྒོག་པ་ཟ་བ་སྒྲེགས་ནི་འགྲང་སྐད། །སྡིག་སྒྲིབ་ནི་ལས་ངན་ཆུ་སྒྲོལ་ནི་ཆུ་ལས་རྒལ་བ་ཆོས་སྒྲ་སྒྲོགས་ནི་ཆོས་ཀྱི་སྒྲ་དབྱངས་སོགས་སྒྲོག་པ། །བྱ་སྒྲོ་ནི་བྱའི་སྤུའམ་ཤོག་སྒྲོ་བཤད་སྒྲོས་ནི་བཤད་སྟངས་མཆུ་སྒྲོས་ནི་མཛེས་མའི་ཁའི་མཆུ་སྒྲོས་སྒྲིགས་ནི་གྲལ་སོགས་འགྲིག་པའི་བསྐུལ་ཚིག །སྒལ་ཚིགས་ནི་ལུས་རྒྱབ་སྒུལ་སྐྱོད་ནི་གཡོ་བ་སྒ་ནི་སྒ་དཀར་སྒ་སེར་སྒིའུ་གཤེར་ནི་ས་སྒ་རླན་པ། །སྒྲེན་མོར་ནི་གཅེར་བུ་སྒོ་དྲུང་ནི་སྒོ་རྩར་སྒེག་མོ་ནི་མཛེས་མ་སྒུག་ནི་དུས་སྟབས་སྒུག་པ། །སྒྱིད་པར་གོས་སྒབ་ནི་རྐང་པར་གོས་བཀབ་པ་སྒྲོ་གུས་སྒྲོག་ནི་གོས་ཀྱི་སྒྲོའམ་ལྷམ་སྒྲོ་སོགས་ཀྱིས་བཅིངས་པ། །དབང་སྒྱུར་ནི་རང་དབང་དུ་སྒྱུར་བ་འཁོར་ལོ་སྒྱུར་ནི་རྒྱལ་པོ་སྒྱུར་བྱད་ནི་རྩིས་ཀྱི་དགུ་ཐབ་ལྟ་བུ། །ལག་སྒྲེང་ནི་ལག་པ་ཡར་བརྫེས་པ་ཟས་སྒོང་ནི་ལག་པས་སྒོང་བ་བུ་རམ་སྒོར་ནི་ཕོར་ལེ། །སྒར་ནི་དམག་སྒར་ལམ་སོགས་ཀྱི་སྒར་དུ་ནི་རྣམ་དབྱེ་རྟ་སྒ་ནི་སྒ་ས་ནི་བྱེད་སྒྲ་སྒྲོན་མེ་ནི་སྣང་གསལ་སྒྲིབ་ནི་དེས་སྒྲིབ་པ། །སྲིད་སྒྲུབ་ནི་སྐྱ་བསེང་བུ་སྤུན་ལྔའི་ཐུ་བོ་ཀླུ་སྒྲུབ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་མཚན་སྒྲོལ་མ་ནི་རྗེ་བཙུན་སྒྲོལ་མ་སྒྲུབ་ནི་དེ་སྒྲུབ་པ། །མནའ་སྒོག་ནི་མནའ་སྐྱེལ་བ་སྒྱོགས་རྡོས་ནི་སྒྱོགས་རྡོ་འཕང་བ་སྒུ་དོ་བཅོག་ནི་རྐེད་པ་བཅག་པ། །ད་སྒོས་ནི་ད་རེས་སྒོས་སུ་ནི་ཁྱད་པར་རྩིག་པ་སྒྲོན་ནི་ཁ་གསོ་བ། །སྒུ་སྟེགས་ནི་སྟེགས་ནི་བུ་སྒང་གཤོངས་ནི་མཐོ་དམའ་ཚ་སྒོ་ཅན་ནི་ཆུ་བ་ཚྭ་ཅན། །སྒྲོབ་ནི་མེད་ཀྱང་ཡོད་པའི་སྒྲོབ་སྟོན་པ་དང་སྒྲོམ་ནི་ལྷའི་གསོབ་བམ་འཆམས་ཆས་གྱོན་ལ་སོགས་པ་སར་བཏགས་པའི་གའོ། །
༈ བརྒལ་བརྟག་ནི་རྩོད་པ་བརྒལ་ལན་ནི་རྩོད་ལན་བརྒྱད་ཅུ་དང་བརྒྱད་ནི་གྲངས། །ཕྲེང་བ་བརྒྱ་ཕྲག་ནི་གྲངས་འཛིན་བརྒྱུས་པས་ནི་བསྟར་ལ་བརྒྱུས་པ་བརྒྱན་ནི་མཛེས་པར་སྤྲས་པ། །ཆུ་བརྒལ་ནི་ཟིན་པ་འོ་བརྒྱལ་ནི་དཀའ་ཚེགས་བྱུང་བ་དྲན་མེད་བརྒྱལ་ནི་དྲན་པ་གཏོར་བ། །བརྒྱུད་པ་ནི་དགོངས་བརྡ་སྙན་བརྒྱུད་ལམ་བརྒྱགས་ནི་ལམ་ཆས་སྤྱོ་བའི་བརྒྱད་ནི་བཀའ་བཀྱོན། །ལེ་བརྒན་ནི་དར་དམར་གད་བརྒྱངས་ནི་ངར་སྐད་སྨྲ་བའི་བརྒྱ་ནི་ཞལ་མང་བའམ་བབ་ཅོལ་སྨྲ་བ། །བརྒྱུགས་ཤིང་ནི་ཐང་ཁ་སོགས་ཀྱི་བརྒྱུགས་ཤིང་བརྒྱུངས་པར་ནི་སྒལ་ཚིགས་བརྒྱུད་མར་ནི་རྒྱུན་ཆགས་སུ་བརྒྱབ་ནི་བརྡུང་བ། །ལ་སོགས་སྔོན་འཇུག་བས་འཕུལ་བའི་ར་མགོ་ལྡན་པའི་གའོ། །
༈ བུ་རམ་བསྒར་ཞིང་ནི་ཐབ་ཏུ་བཀོལ་བ་བསྒྲངས་ནས་ནི་དྲོད་བྱང་བ་བསྒོངས་ནི་གཅིག་ཏུ་བསྒོངས་ཟིན་པ། །ཆོས་བསྒྱུར་ནི་རྒྱ་ཆོས་བོད་དུ་བསྒྱུར་བ་མདོག་བསྒྱུར་ནི་ཁ་དོག་ཚོས་ཀྱིས་བསྒྱུར་བ་བཀའ་བསྒོ་ནི་བླ་དཔོན་གྱིས་བཀའ་གནང་བ་བསྒོས་ནི་ཟིན་པ། །ཆུ་བསྒྲལ་ནི་ཆུ་ལས་སྒྲོལ་ཟིན་པ་ཆོས་བསྒྲགས་ནི་ཆོས་སྒྲོག་ཟིན་པ་ཏིང་འཛིན་བསྒོམས་ནི་སྒོམ་ཟིན་པ། །མགོ་བསྒྲེགས་ནི་མགོ་འཐུད་པའམ་རྨོས་གླང་གཉའ་ཤིང་གིས་མགོ་བསྒྲེ་ཟིན་པ་རིགས་བསྒྲེས་ནི་འགྲེ་ཟིན་པ་རྒྱལ་མཚན་བསྒྲེངས་ནི་སྒྲེང་ཟིན་པ། །མནའ་བསྒགས་ནི་སྒོག་ཟིན་པ་ལམ་བསྒྲུགས་ནི་སྐུག་ཟིན་པ་སེངྒེ་བསྒྱིངས་ནི་འགྱིང་ཟིན་པ། །བག་ཆགས་སྒོ་ནི་དགེ་མི་དགེའི་བག་ཆགས་དང་དྲི་མ་སོགས་འགོ་བ་བསྒོས་ནི་ཟིན་པ་ཕྱོགས་གཅིག་བསྒྲིགས་ནི་འགྲིག་ཟིན་པ། །འོད་བསྒྲིབས་ནི་བགྲིབ་ཟིན་པ་བློ་བསྒྲིམས་ནི་འགྲིམ་ཟིན་པ་སྲད་བུ་བསྒྲིམས་ནི་སྒྲིམ་ཟིན་པ། །བསྒྲུངས་ཤིང་ནི་རྙོག་མ་བགྲུང་ཟིན་པ་བསྒྲུབ་བྱ་ནི་ལྷག་པའི་ལྷའམ་ནོར་སོགས་སྒྲུབ་པའི་བྱ་བ་བསྒྲུན་མི་ནུས་ནི་འགྲན་མི་བཟོད་པ། །བསྒྲིན་མི་ཕོད་དང་ནི་རིག་པ་འགྲན་ཟླ་མེད་པ་བྱ་བའི་བསྒང་ནི་བྱ་བ་བྱེད་བཞིན་པའི་སྐབས། །བསྒྱེལ་ཞིང་ནི་སར་སྒྱེལ་ཟིན་པ་སྒྲ་བསྒྲགས་ནི་སྒྲོག་ཟིན་པ་རྩིས་ཀྱིས་བསྒྱུར་ནི་རིས་མོ་བསྒྱུར་བ། །གཞན་གྱིས་མི་བསྒུལ་ནི་བློ་བརྟན་པ་ནོར་གྱིས་བསྒང་ནི་བསྐང་བ། །ལ་སོགས་པ་སྔོན་འཇུག་བས་འཕུལ་བའི་ས་མགོ་ལྡན་པའི་གའོ། །
༈ སྙན་དངགས་ནི་སྙན་པའི་ཚིག་རྒྱན་ཟིལ་དངར་ནི་སྦྲང་རྩི་ཚར་དུ་དངར་ནི་བསྟར་ལེགས་པ། །གསེར་དངུལ་ནི་རིན་པོ་ཆེའི་བྱེ་བྲག་དངོམ་ཆེ་ནི་རིན་ཐང་ཆེ་བ་དངོས་ནི་ཀ་བ་བུམ་པ་སོགས་དངོས་མེད་ནི་རི་བོང་གི་རྭ་སོགས་ལ་གོ །དངོས་གྲུབ་ནི་མཆོག་ཐུན་གྱི་དངོས་གྲུབ་དངོས་གཞི་ནི་བྱ་བའི་བསྒང་དངོས་བཤམས་ནི་དངོས་སུ་བཀྲམ་པ་དངོས་ནི་ངོ་མ། །དངངས་སྐྲག་ནི་འཇིགས་སྐྲག་དངན་འཐེན་ནི་གཞན་གྱི་དངོས་པོ་གཡར་བ་ཕྱིར་མི་སྤྲོད་པ་འབབ་ཆུའི་དངོ་ནི་ཆུའི་ངོགས་སམ་འགྲམ། །གྲི་ཡི་དངོ་ནི་གྲིའི་ཁའམ་སོ་ལ་སོགས་པ་སྔོན་འཇུག་དས་འཕུལ་བའི་ངའོ། །
༈ མངའ་རིས་ནི་སྟོན་མངའ་རིས་མངའ་ཞབས་ནི་མི་སེར་མངའ་ཐང་ནི་སྟོབས་འབྱོར་མངའ་ནི་ཡོད་པ། །མངའ་མཛད་ནི་མཛད་ཕྲིན་མངའ་བདག་ནི་རྒྱལ་པོ་མངའ་གཞུག་ནི་ཕོ་ཉ་མངགས་ནི་ལས་ཆེད་བཏང་བ། །མངོན་སུམ་ནི་ལྐོག་གྱུར་མིན་པ་མངོན་གྱུར་ནི་ཇི་བཞིན་རྟོགས་པ་མངོན་མཚན་ནི་རྒྱུ་ནོར་མངལ་ནི་མའི་མངལ། །མངོན་སྤྱོད་ནི་དྲག་ལས་མངའ་བརྙེས་ནི་རང་དབང་ཐོབ་པ་མངོན་མི་བགྲང་ནི་སྐྱོན་མི་བརྗོད་པ། །ཆོས་མངོན་ནི་དམ་པའི་ཆོས་མངོན་པ་མངོན་ཤེས་ནི་ལྐོག་གྱུར་མངོན་སུམ་དུ་ཤེས་པ་མངར་བའི་རོ་ནི་བུ་རམ། །ཐུགས་ལ་མངའ་ནི་སེམས་ལ་བཞག་པའི་ཞེ་ས་ལ་སོགས་པ་སྔོན་འཇུག་མས་འཕུལ་བའི་ངའོ། །
༈ རྔོན་པའི་ནི་ཤ་ར་བ་རྔ་ཡབ་ནི་རྔ་མ་ལས་བྱས་པའི་བསིལ་ཡབ་རྔ་ནི་བརྡུང་བའི་རྔ་རྔེའུ་ཆུང་ནི་རྔ་ཆུང་། །རྔམས་པའི་ནི་སྲེད་པའམ་ཆགས་པ་བཀྲེས་རྔབ་ནི་ལྟོག་པ་རྔ་མོ་ནི་དུད་འགྲོ་རྔ་མོ་རྔེའུ་ནི་དེའི་ཕྲུག་གུ། །རྔོམ་བརྗིད་ནི་གཟི་བརྗིད་རྔམ་འཇིགས་ནི་ཁྲོ་བོ་རྔོ་བག་ཅན་ནི་ཀོང་ནད། །དབུགས་རྔུབ་ནི་ནང་དུ་རྔུབ་པ་ཟུག་རྔུས་ནི་ན་ཚ་རྔོད་མཁན་ནི་ཡོས་སོགས་བརྔོ་མཁན་རྡུལ་ནི་ལུས་ཀྱི་རྔུལ་ཆུ། །རྔོས་ཁྱེར་ནི་ཧམ་ཅན་དྲེའུ་རྔོག་ནི་གྲུམ་རྩེ་གདན་གླ་རྔན་ནི་ལས་ཀའི་གླ་དང་། །རྔ་རྔོག་ནི་མཇུག་མ་དང་ཟེའུ་མཐུག་རྔམ་ནི་སྟུག་པོ་རྔོ་མི་ཐོགས་ནི་ཕན་མི་ཐོགས་པ། །རྔན་ཆན་ནི་མི་ངན་པ་རྩྭ་རྔ་ནི་ཟོ་བས་བརྔ་བ་རྡུ་མ་ནི་མིག་སྐྱག་དང་། །རུས་ཀྱི་རྔོག་ནི་རྔོག་ལེགས་པའི་ཤེས་རབ་སོགས་ཀྱི་རུས་ལ་སོགས་པ་རར་བཏགས་པའི་ངའོ། །
༈ ཞལ་སྔ་ནི་ཞལ་ནས་སྤྱན་སྔ་ནི་དྲུང་དུ་སྔ་སོར་ནི་དེ་སྔར་སྔོན་ན་སྔོན་ཚེ། །གསང་སྔགས་ནི་ཆོས་ཟབ་མོ་སྔགས་པ་ནི་སྔགས་འཆང་མདོག་སྔོན་སྔོ་ནི་ཁ་དོག་སྔོན་པོ། །སྔ་དྲོ་ནི་ཞོགས་པ་སྔས་ནི་མགོའི་སྔས་ལ་གོ་སྡུར་པ་ཆེ་ནི་གཉིད་ཧོབ་སྟོན་པ། །སྔ་དུས་ནི་སྔོན་དུས་སྐྱོ་སྔོགས་ནི་འཁྲུགས་ལོང་མོན་སྲན་སྡེའུ་ནི་སྲན་ཅུང་། །སྔ་ཕྱི་ནི་དུས་སྔུན་དུ་ནི་མདུན་དུ་བསྔོ་བར་བྱེད་ནི་དགེ་རྩ། །མཚང་ནས་སྔོག་ནི་སྐྱོན་མཚང་ནས་བཏོན་པ་ལ་སོགས་པ་སར་བཏགས་པའི་ངའོ། །
༈ བརྔན་ཡང་ནི་གླ་བརྔན་ནམ་མཆོད་པ་ལའང་གོ་བརྔམས་ནས་ནི་ཆགས་པ་བཙས་མ་བརྔས་ནི་སྟོན་ཐོག་རྔ་ཟིན་པ། །བུད་མེད་བརྔོད་ནི་ཁ་འདྲིད་པའམ་མགོ་བསྐོར་བཏང་བ་དང་རྔོན་པས་བརྔོན་ནི་ཤ་ར་བས་རི་དྭགས་གསོད་པ། །ཆང་བརྡུབས་ནི་ཆང་ཧུབ་པ་ལ་སོགས་པ་སྔོན་འཇུག་བས་འཕུལ་བའི་རར་བཏགས་པའི་ངའོ། །
༈ སྡུག་བསྔལ་ནི་ལུས་སེམས་ཀྱི་ཚོར་བ་བསྟོད་བསྔགས་ནི་ཡོན་ཏན་བརྗོད་པ་བསྔོ་བས་ནི་བསྔོ་བྱ་དགེ་རྩ་བསྡོས་ནི་ཟིན་པ། །རྣམ་པར་བསྔོས་ནི་བམ་པའམ་རུལ་བ་དང་བསྔོགས་པ་ནི་སྐྱོན་མཚང་སྔོགས་ཟིན་པ་ལ་སོགས་པ། །བས་འཕུལ་བའི་ས་མགོ་ལྡན་པའི་ངའོ། །
༈ ཅི་སླད་ཅིའི་ཕྱིར་ནི་རྒྱུ་མཚན་དྲི་བའི་ཚིག་ལྡན་པའི་ཅན་ནི་ཡོད་པའི་དོན། །བདག་ཅག་ནི་རང་ཅག་སྤྱི་ཅེར་ནི་སྐྲ་མེད་སྤྱི་ཐེར་སུམ་ཅུ་དང་། །དྲུག་ཅུ་བདུན་ཅུ་བརྒྱད་ཅུ་རྣམས་ནི་གྲངས། །ལྷན་ཅིག་ཐབས་ཅིག་ནི་དུས་མཉམ་སྐད་ཅིག་ཙམ་ནི་ཡུད་ཙམ། །ཁྱེད་ཅག་ནི་ཁྱེད་ཚོ་སེམས་ཅན་ཡོད་དོ་ཅོག་ནི་ཡོད་ཚད། །ཅན་ཅེར་ནི་ཕོར་པ་ཅབ་ཅོབ་ནི་ཟོས་པའི་སྒྲ་ཆང་ཅོ་རེ་ནི་ཧུབ་སྒྲ། །ཧ་ཅང་ནི་ཤིན་ཏུ་ཐལ་ཆེ་བ་ཅས་ཅུས་ནི་སྡོད་མི་ཆགས་པ་བབ་ཅོལ་མང་ནི་མ་བརྟགས་བའི་སྤྱོད་པ། །ཅི་སྟེ་ནི་གལ་ཏེ་ཅུང་ཟད་ནི་ཕྲན་ཙམ་ཕྱིན་ཅི་ལོག་ནི་ནོར་འཁྲུལ། །ཅང་ཤེས་ནི་ཅི་ཡང་ཤེས་པ་ཅིག་ཤོས་ནི་ཆ་རོགས་ཅི་ནས་ཀྱང་ནི་ངེས་ཅན་ནམ་གལ་ཅན། །ཅོ་ཏོའི་ནི་རྩེ་མོའི་ཐོར་ཅོག་ནི་དོ་ཀེར་ཅོད་པན་ནི་རིགས་ལྔ་དང་། །རྒྱ་ཅང་ནི་སྐ་རགས་ཀྱི་བྱེ་བྲག་བེ་ཅོན་ནི་དབྱུག་པའམ་ལྷའི་ཕྱག་མཚན་ལྟ་ཅི་སྨོས་ནི་བཤད་ཅི་དགོས་ལྟ་བུ། །ཅ་ཅོ་ནི་སྐད་ཅལ་ནི་ཁ་མང་བ་མུ་ཅོར་ནི་བྲེ་མོའི་གཏམ་དང་། །ཅོ་འདྲི་ནི་ཐོ་འཚམས་པ་ཅིག་ཅར་ནི་དུས་གཅིག་ཅམ་གྱིས་འཇོག་ནི་ག་ལེར་བཞག་པ། །ཅོག་བུར་ནི་གཅོད་གུར་ཅར་རེ་ནི་ཀྲང་ངེ་བ་སྟེ་སྡོད་ལུགས་མིག་ཅེ་རེ་ནི་མིག་མི་འཛུམ་པ། །ལན་ཅིག་ནི་ཐེང་གཅིག་ཅིས་ཀྱང་ནི་ཅི་ནས་ཀྱང་ཅིར་མི་རྟོག་ནི་སེམས་གང་དུའང་མི་གཏོང་བ། །ཁ་ཅིག་ནི་ལ་ལའམ་འགའ་ཞིག་ཅང་མི་ཤེས་ཀྱང་ནི་ཅི་ཡང་མི་ཤེས་ཀྱང་ཅོང་ནི་རོལ་མོ། །ཅང་དང་ནི་བོན་པའི་ཤང་དང་ཅང་ཏེའུ་ནི་ཌ་མ་རུ་ཅི་ཡང་བརྡུང་ནི་གང་ཡང་དཀྲོལ་བ། །ཅུ་གང་ནི་སྨན་གངས་རི་ཅུ་གང་ཅུང་ཞི་ནི་སྨན་རྡོ་གཅོང་ཞི་ཅུར་ནིས་ཟ་ནི་སྨན་ཕྱེ་མ། །ཅེ་སྤྱང་ནི་གཅན་གཟན་ཅང་བྲག་ཅས་ནི་སྒྲ་བརྙན་ཅི་ཞིག་བྱ་ནི་དགོས་པ་མེད་པ། །ཅོག་ཙེར་ནི་མདུན་ཅོག་ཐོ་ཅོས་ནི་སྤྱོད་པ་རྩིངས་པོ་ཅུང་སེང་ཟ་ནི་ཆུ་མང་བ། །ཅི་ག་ནི་ཅི་ལྟར་ལ་སོགས་པ་ཅ་རྐྱང་ངོ་། །
༈ གྲོས་གཅོམ་ནི་གཏམ་གླེང་བ་གཅོང་ནད་ནི་ནད་རྙིང་པ་གཅད་བྱ་ནི་ཤིང་ལྟ་བུ་གཅོད་ནི་གཅོད་བྱེད་སྟ་རེས་ལྟ་བུ། །ཁོན་གཅུགས་ནི་མི་མཐུན་པ་ཡིད་གཅུགས་ནི་མཐུན་པ་གཅེན་ནི་ཕུ་བོ་དང་གཅུང་ནི་ནུ་བོ། །གཅུད་བོར་ནི་བརྩོན་པ་དོར་བ་ལག་གཅུས་ནི་ནང་དུག་གཅུས་པ་གཅུར་ཞིང་ནི་བཙིར་བ་གཅུན་ནི་འཆུན་སྟོན་པ། །རྣམ་གཅོད་ནི་བཀག་པ་དང་ཡོངས་གཅོད་ནི་སྒྲུབ་པ་ཞལ་ལྕེ་གཅོད་ནི་ཁྲིམས་བཅད་པ། །གཅོང་རོང་ནི་གཡང་ས་གཅོང་སྐད་ནི་ནད་ཟིན་པའི་སྐད་གཅིན་གཅི་བ་ནི་དྲི་ཆུ་གཏོང་བ། །གཅོད་བཞིན་ནི་ད་ལྟ་བ་གཅེས་མེད་ནི་གཅེས་འཛིན་མེད་པ་གཅིག་གིས་གཅིག་ནི་གཅིག་གིས་གཅིག་ལ་བཤད་པ་ལྟ་བུ། །གཅམ་བུ་ནི་ངོ་བསྟོད་ཁ་གཅང་ནི་ཁ་སྙན་པ་གཅུགས་མེད་ནི་མཐུན་གྲོགས་མེད་པ་གཅེས་ནི་ཟབ་དགོས་པ། །ཚར་གཅོད་ནི་རྒོལ་བ་ཚར་བཅད་པ་གཅུ་གལ་ནི་གནད་ཆེ་བ་ཡིད་ལ་གཅགས་ནི་སེམས་ལ་བཞག་པ། །སྒྲ་གཅན་ནི་གཟའ་གཅན་གཟན་ནི་མཆེ་སྡེར་ཅན་ལ་གཅན་པ་ནི་ལ་སྲུང་ལ་སོགས་པ། །གཅིག་ཏུ་ནི་ཕྱོགས་གཅིག་ཏུ་གཅལ་བཀྲམ་ནི་ཐང་ལ་བརྡལ་བ་གྲངས་ཀྱི་གཅིག་ནི་དེ་ཉིད་དམ་གཅིག་པུ། །རོ་གཅིག་ནི་ཆོས་ཐམས་ཅད་སྟོང་ཉིད་དུ་རོ་གཅིག་པ་རྫས་གཅིག་ནི་མི་གཉིས་རྫས་གཅིག་ཏུ་བྱས་པ་ལྟ་བུ་གཅེར་བུ་ནི་གོས་མེད་པ་གཅོག་ནི་དུམ་བུར་བཅག་པའི་བསྐུལ་ཚིག །གཅིའུའི་སྨན་ནི་བཤང་ལམ་ནས་གཏོང་བའི་སྨན་གྱི་མིང་ལ་སོགས་པ་སྔོན་འཇུག་གས་འཕུལ་བའི་ཅའོ། །
༈ བཅོམ་ལྡན་ནི་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པའོ་དགྲ་བཅོམ་ནི་ཆགས་སོགས་ཉོན་མོངས་པའི་དགྲ་བཅོམ་པ་བཅས་པས་བཅགས་ནི་འཁོར་དང་བཅས་པའི་ཞབས་ཀྱིས་བཅགས་པ། །དམ་བཅའ་ནི་ཁས་བླང་བ་ཁྲིམས་བཅའ་ནི་ཁྲིམས་གསར་དུ་བཟོས་པ་བཅིང་བས་བཅིངས་ནི་ཐག་པས་བཅིང་ཟིན་པ། །ཤིང་བཅད་ནི་སྟ་རེས་བཅད་པ་རླན་བཅིར་ནི་རླན་པ་བཙིར་བ་བཅའ་ཡོས་ནི་ནས་གྲོའི་ཡོས་བཅེམ་ནི་སོས་མུར། །ཚིགས་བཅད་ནི་ཚིག་ལྷུགས་པོ་མིན་པ་བཅའ་གཞི་ནི་གྲབས་སྒྲིགས་པ་བསྟན་བཅོས་ནི་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་ལྡན་པ་བཅང་ནི་ལག་ཏུ་བཅང་བའམ་འཆང་བ། །ལོགས་བཅར་ནི་ལོགས་སུ་བཅར་བ་བཅའ་སྒ་ནི་ས་སྒ་བཟའ་བཅའི་བཅུད་ནི་བཟའ་བ་ལྔ་དང་བཅའ་བ་ལྔའི་རོ་བཅུད། །མིག་བཅར་ནི་ཤིང་བུ་སོགས་ཀྱིས་ཕོག་པ་ཕྱིར་བཅིལ་ནི་ཕྱིར་བསྐྲད་པ་ཆུ་བཅུར་ནི་ཆུ་ལེན་པ་བཅུག་ནི་བྱེད་དུ་བཅུག་པ། །ནོར་བཅལ་ནི་སྐྱིན་ཚབ་འཇལ་བ་ལག་བཅངས་ནི་ལག་པས་འཛིན་ཟིན་པ་ཆགས་བཅགས་ནི་འབུ་རས་སོགས་ཆགས་རྒྱབ་པ་བཅོལ་ནི་ལས་ཀ་གཞན་ལ་བཅོལ་བ། །བཅར་བའི་རྟར་བཅིབས་ནི་ཞོན་རྒྱུའི་རྟར་བཞོན་ཟིན་པ་ཞལ་ལྕེ་བཅད་ནི་ཁྲིམས་བཅད་པ། །ཚར་བཅད་ནི་དགྲ་སོགས་བརླག་པ་བློས་བཅལ་ནི་བློས་གཞལ་བ་བཅས་རང་ནི་བཅས་པའི་ཁ་ན་མ་ཐོ་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བཅབས་ནི་སྦ་བའམ་གསང་བ། །རྡོ་བཅག་ནི་དུམ་བུར་བཅག་པ་ཤིང་བཅེར་ནི་ཕུང་པོར་སྤྲུང་བ་གྲོས་བཅོམ་ནི་གྲོས་བྱས་པ་བཅུམ་ནི་ཆུང་དུར་བཏང་བའམ་ཁ་བསུམ་ལའང་འཇུག །བཅུ་དང་བཞི་བཅུ་ལྔ་བཅུ་དང་། །དགུ་བཅུ་བཅོ་ལྔ་བཅོ་བརྒྱད་རྣམས་ནི་གྲངས་བཅོས་ནི་བཅོས་ཁ་བྱེད་པ། །བཅོས་བུའི་རས་ནི་བཅོས་མ་ལ་སོགས་པ་སྔོན་འཇུག་བས་འཕུལ་བའི་ཅའོ། །
༈ མཉེན་ལྕུག་ནི་མཉེན་པ་ལྕུག་ཕྲེང་ལྟ་བུ་ལྕུག་ཕྲེང་ནི་ཤིང་གི་ལྕུག་གུ་་་ལྕང་མའི་ལྕག་ནི་ལྕང་མའི་སྦིས་ཅུ་ཟེར་བ། །མགོ་ལྕོག་ནི་མེ་ཏོག་གི་ཕོད་ཁ་ཆེས་ལྕི་ནི་རབ་ཏུ་ལྕི་བ་བློ་ཡིས་ལྕོགས་ནི་བྱ་ནུས་པ། །གནམ་ལྕགས་ལྕེ་འབབ་ནི་ནམ་མཁའི་ཐོག་མེ་ལྕེར་ལྕེབ་ནི་མའི་ནང་དུ་འཆོངས་པ། །ལྕང་ལོ་ཅན་གྱི་ནི་བྱང་ཕྱོགས་ཀྱི་ཕོ་བྲང་ལྕགས་རིའི་ལྕོག་ནི་ལྕགས་རིའི་སྟེང་དུ་ཡོད་པའི་ཁང་པ། །ཉ་ལྕིབས་ནི་ཉ་ཕྱིས་སྦལ་ལྕོང་ནི་སྦལ་ཕྲུག་མཇུག་མ་ཅན་ལྕུང་ཀའི་ལྕེ་ནི་བྱ་སྐྱུང་ཀའི་ལྕེ། །རེའུ་ལྕག་ནི་ཤོག་བུ་བཟོ་བྱེད་ཀྱི་སྔོ་ལྕ་བ་ལྕམ་པ་ལྕུམ་ནི་སྨན་གྱི་བྱེ་བྲག །ལག་ལྕིབས་ནི་དྲི་མ་འགོས་ཀྱི་དོགས་པའི་ལག་ཕྱི་ཚ་ལྕིབས་ནི་ཚ་ཤབ་སྒོ་ལྕིབས་ནི་སྒོ་རས་དང་། །སྤྱན་ལྕིབས་ནི་མིག་ལྦགས་ལྕམ་དྲལ་ནི་མིང་སྲིང་སྐྲའི་ལྕང་ལོ་ནི་ལན་བུ། །ལྕི་བ་ནི་དུད་འགྲོའི་སྐྱག་པ་ལྕག་པོད་ནི་རགས་ཀྱི་བྱེ་བྲག་སྲུས་ལྕག་ནི་ནས་མེར་ཤུར་བའི་སྲུས་ལྕིག་ནི་ཐལ་བ་གཡབ་པ། །ཚིག་འབྲུ་ལྕིབས་ནི་ཡི་གེ་རེ་ནས་མནན་པ་ལ་སོགས་ལར་བཏགས་པའི་ཅའོ། །
༈ ཆེམ་ཆེམ་ནི་འོད་སོགས་ཆེམ་ཆེམ་ཆལ་ཆིལ་ནི་ཆུའི་སྒྲ་ཆོས་ནི་བཀའ་བསྟན་ཆུའི་ཆར་ནི་ཆར་པ། །ཆགས་བྲལ་ནི་ཉོན་མོངས་མེད་པ་ཆོག་ཤེས་ནི་འདོད་པ་ཆུང་བ་ཆོ་གའི་ཆེད་ནི་ཆོ་ག་བཏང་བའི་དོན་དུ། །གོ་ཆ་ནི་ཁྲབ་རྨོག་མཚོན་ཆའི་ནི་མདའ་མདུང་སོགས་ཆ་ལུགས་ནི་སོ་སོར་ཆས་ཆོས་ནི་བཅོས་ཁ་བྱེད་པའི་བསྐུལ་ཚིག །བྱང་ཆུབ་ནི་སྤང་བྱ་མ་ལུས་བྱང་ཞིང་རྟོགས་བྱ་མ་ལུས་ཁོང་དུ་ཆུབ་པའོ་བར་ཆད་ནི་ཕྱི་ནང་གི་བར་ཆད་ཆམ་ལ་ཕོབ་ནི་ཕམ་པར་བྱེད་པ། །རིན་ཆེན་ནི་རིན་ཐང་ཆེ་བ་གསེར་དངུལ་སོགས་ཆུན་པོར་ནི་བམ་པོར་བཅིངས་པའི་ཆགས་པ་ཆབ་ཅིག་ནི་ལྷན་ཅིག་ཆར་ནི་དེའི་ཆར་གཏོགས་པ། །ཆུ་ཞེང་ནི་རྒྱ་དཀྱུས་ཆ་མཉམ་ནི་ཚད་མཉམ་པ་ཆེམ་མེ་བ་ནི་འོད་འཚེར་བ། །ཆིབས་པ་ནི་རཏའི་ཞེ་ས་ཆ་དེ་ནི་ཟུང་གཅིག་ཆིབས་ལ་ཆོགས་ནི་ཞོན་ནས་བྱོན་ཟེར་བའི་བསྐུལ་ཚིག །སྲོག་ཆགས་ནི་འབུ་སྲིན་སོགས་ཆག་ཆག་ནི་ཆུམ་ཐལ་བ་མནན་པ་ཆལ་མར་བརྡལ་ནི་ཐང་ལ་བཀྲམ་པ། །ཆོ་ལོས་ནི་ཤོ་རྩེ་དཀྱི་ཆེ་གེའི་ནི་མི་སྤྱིའི་མིང་ཆ་རྐྱེན་ནི་ཟས་གོས་ཆད་ནི་མེད་པའམ་རྒྱུན་ཆད། །ཆད་པས་ཆོད་ལ་ནི་ཆད་པ་གཅོད་པའི་བསྐུལ་ཚིག་ཆུང་མ་ནི་ཟ་ཟླ་ཆོལ་ནི་བཅོལ་བའི་བསྐུལ་ཚིག །ཆང་ཆེམས་ནི་ཆང་ཁང་ཆེ་ཆུང་ནི་རྒྱ་ཆེ་ཆུང་ཐུགས་སུ་ཆུད་ནི་མཁྱེན་པ། །མཐར་ཆགས་ནི་རིམ་བཞིན་དུ་ཆགས་ཆོགས་ནི་འབུ་རས་སོགས་ཀྱི་ཆག་རྒྱབ་པ་དང་འགྲོ་བའི་བསྐུལ་ཚིག་ཆིར་གྱིས་ཆིར་ནི་སྣུམ་དང་ཆུ་སོགས་བཙིར། །ཆབ་འོག་ནི་མངའ་འོག་ཆོམ་རྐུན་ནི་ཇག་པ་ཆེས་ཆེར་ཆུན་ནི་ཧ་ཅང་བཅུན་པ། །ཆོམས་ཤིག་ཆིངས་ཤིག་ནི་བཅོམ་པ་དང་བཅིང་བའི་བསྐུལ་ཚིག་ཆབ་སྒོ་ནི་སྒོའི་ཞེ་ས་ཆོག་ནི་བཅག་པའི་བསྐུལ་ཚིག །ཚར་ཆོད་ནི་བཅད་པའི་བསྐུལ་ཚིག་ཐག་ཆོད་ནི་ཡིན་མིན་ངེས་པ་ཆབ་འོག་ཆུག་ནི་མངའ་འོག་ཏུ་བཙུགས་པའི་བསྐུལ་ཚིག །ཆ་ཆོ་མ་ཆོད་ནི་རྩད་མ་ཆོད་པ་ཆ་མེད་ཆས་ནི་རྒྱུས་མེད་པའི་སར་འགྲོ་བ། །ཟན་ཆང་ནི་ཆང་བུ་འབྲས་ཆན་ནི་འབྲས་བཙོས་པའི་ལྟོ་ཆབ་ནས་ཆུས་ནི་ཆུ་ནས་ཨོག་པ། །ཆ་ལང་ནི་རོལ་མོ་མལ་ཆ་ནི་ཉལ་་གོས་ཆེ་ཞེའི་ནི་ཨ་ཞེ་ཆས་ནི་ཆ་ལུགས། །ཆོ་རིགས་ནི་རིགས་ནི་རིགས་བཟང་པོ་ཆུ་ཟོས་ནི་དོན་མེད་སོང་བ་ཆམ་པའི་ནད་ནི་ཚད་རིམ། །ཆབ་ཤོག་ནི་བཀའ་ཤོག་ཁ་ཆེམས་ནི་འཆི་ཁའི་གཏམ་ཆིག་རྐྱང་ནི་གཅིག་པུ་ཆོང་ནི་འཆང་བའི་བསྐུལ་ཚིག །བག་ཆགས་ནི་དགེ་མི་དགེའི་བག་ཆགས་ཆོ་འཕྲུལ་ནི་སངས་རྒྱས་ཀྱི་རྫུ་འཕྲུལ་ཆོ་ངེ་འདོན་ནི་ངུ་སྐད། །ཆ་ག་པ་ནི་སྲོག་ཆགས་སྦྱིའུ་ཏ་ག་ལ་སོགས་པ་ཆ་རྐྱང་ངོ་། །
༈ མཆོག་ཏུ་ནི་རབ་ཏུ་སྐྱབས་མཆི་ནི་སྐྱབས་སུ་འགྲོ་བ་དཀོན་མཆོག་ནི་སངས་རྒྱས་ཆོས་དང་དགེ་འདུན་མཆོད་ནི་མེ་ཏོག་སོགས་འབུལ་བ། །མཆིས་མལ་ནི་སྡོད་པའི་མལ་མཆིལ་ལྷམ་ནི་སྦྲུལ་གྱི་མཆིལ་མ་སྐྱོབ་བྱེད་ཀྱི་ལྷམ་ཡུར་བ་མེད་པ་མཆིག་ནི་མས་གཏུན་མཆིག་གུ་ནི་ཡས་གཏུན། །སྐུ་མཆེད་ནི་སྤུན་ཟླའི་ཞེ་ས་མཆན་གྱི་ནི་ཕྱག་འོག་མཆིས་འབྲང་ནི་ཆུང་མ་མཆོར་ནི་རྒྱན་གྱིས་མཛེས་པ། །མཆི་མ་ནི་མིག་གི་མཆིལ་མ་ནི་ཁའི་མཆེར་པ་མཆིན་ནི་ནང་ཁྲོལ། །ཞལ་མཆུར་ནི་ཁའི་མཆུ་ཁ་མཆུའི་ནི་བསླབ་གཞི་རྩིས་གཞིའི་བཀའ་མཆིད་ནི་ཡང་དག་པའི་གཏམ་མམ་བཀལ་ཤོག་མཆིས་ནི་ཡོད་པའི་དོན། །སྐྱེ་མཆེད་ནི་མིག་སོགས་བཅུ་གཉིས་མཆིང་བུ་ནི་དམན་པ་རྐྱ་མཚོའི་མཆིང་ནི་འཇིང་ངམ་དཀྱིལ། །རྩ་མཆོག་ནི་ཀུ་ཤ་མེ་མཆེད་ནི་མེ་འབར་བ་མཆིལ་པའི་ནི་བྱིའུ་ནེལ་ཟན་མཆོངས་ནི་རྩལ་གྱིས་མཆོངས་པ་དང་གཟི་མཆོངས་ལའང་གོ །གཞུ་མཆོག་ནི་གཞུ་ལེགས་པ་སྒྱུར་མའི་མཆན་བུ་ནི་སློབ་མ་མཆན་ནི་ཡི་གེའི་མཆན་བུ། །མཆིལ་པ་ནི་ལྕགས་ཀྱུ་མཆིམས་ནི་རུས་ཀྱི་མིང་དང་མཆིམས་ཕུག་ལའང་གོ་ལ་སོགས་པ་མས་འཕུལ་བའི་ཆའོ། །
༈ ཆོས་འཆད་ནི་བཤད་པ་ཁྲིམས་འཆའ་ནི་ཁྲིམས་བཟོ་བ་འཆག་སར་ནི་འདོམ་བཞི་བཅུ་ཚུན་གྱི་སར་འཆག་ནི་ཞབས་ཀྱི་བཅག་པ། །ཚུལ་འཆོས་ནི་བཟང་པོའི་ཚུལ་དང་མི་ལྡན་ཀྱང་ལྡན་པ་ལྟར་འཆོས་པ་གར་འཆམས་ནི་ཟློས་གར་སྲོག་འཆད་ནི་སྲོག་དང་བྲལ་བ་འཆི་ནི་ཤི་བ། །འཆུམས་པའི་ནི་འདོད་པ་ལ་ཆགས་པ་གནས་འཆའ་ནི་སྡོད་ས་བཟོ་བ་འཆེལ་སར་ནི་ཞེན་ཅིང་ཆགས་པའི་ཡུལ་འཆུན་ནི་ཆགས་པ། །འཆལ་པའི་ནི་ཚུལ་ཁྲིམས་འཆལ་བ་འཆར་སྒོ་ནི་སེམས་ཀྱི་འཆར་སྒོ་དབང་པོ་མི་འཆགས་ནི་ཉེས་པ་མི་བཤགས་པ་འཆབ་ནི་ཉེས་པ་སྦས་པ། །ཉི་འཆར་ནི་ཉི་ཤར་བ་ཆུ་འཆོར་ནི་ཆུ་ཤོར་བ་ལས་འཆོལ་ནི་ལས་ཀ་བཅོལ་བ་འཆུན་ནི་བུ་ཚ་སོགས་འཆུན་སྟོན་པ། །གྲོས་འཆམས་ནི་ཁ་མཐུན་པ་ཁས་འཆེ་ནི་ཁས་ལེན་པ་འཆིང་ཞགས་ནི་ཐག་པ་འཆང་ནི་འཛིན་པ། །འཆོལ་ནི་ཁྲོ་བོ་འཆོལ་པ་དང་ནོར་བ་ལའང་འཇུག་པ་དང་འཆུས་ནི་གཡོ་བ་ལ་སོགས་པ་སྔོན་འཇུག་འས་འཕུལ་བའི་ཆའོ། །
༈ ཇི་ལྟ་ནི་ཆོས་ཉིད་ཡེ་ཇི་བཞིན་པ་ཇི་སྙེད་ནི་ཆོས་ཅན་མ་ལུས་པ་ཇི་བཞིན་གཟིགས་ནི་འཁྲུལ་པ་མེད་པ། །ཇི་ལྟར་ནི་དཔེ་ཇི་སྲིད་ནི་དུས་ཇི་སྐད་སྨྲ་ནི་བཤད་ཚུལ། །ཇོ་ཇོའི་ནི་མ་ཡི་ཕ་ཇོ་མོ་ནི་རྗེ་མོ་ཇོ་བོའི་ནི་གཙོའམ་དག་པོ་ཇ་ནི་བཏུང་རྒྱུའི་ཇ། །ཇེ་ཞིག་ནི་རེ་ཞིག་ཇག་པ་ནི་ཆོམ་རྐུན་ཇུ་བོ་འཕངས་ནི་རྡོ་རྒྱབ་པ། །ཇ་ཧོང་ནི་ཁ་དོག་དམར་སེར་ཇ་རིལ་ནི་ཐོད་པ་དང་ཇ་རིལ་རྡོག་པོ་ལ་གོ་ཇེ་མཐོར་སོང་ནི་རིམ་གྱིས་མཐོ་རུ་སོང་བ། །ཇེ་ནི་དང་པོ་ཇེ་ནི་དབྱངས་ཀྱི་མིང་ལ་སོགས་པ་ཇ་རྐྱང་ངོ་། །
༈ མཇལ་འཕྲད་ནི་བླ་སློབ་སོགས་མཇལ་འཕྲད་མཛད་པ་མཇིང་པ་ནི་ལྟག་པ་མཇུག་མ་ནི་རྔ་མ་མཇེ་ནི་ཕོ་མཚན། །མི་མཇེད་ཞིང་ནི་སྟོང་གསུམ་མི་མཇེད་འཇིག་རྟེན་ལ་སོགས་པ་མས་འཕུལ་བའི་ཇའོ། །
༈ འཇག་མ་ནི་རྩ་འཇི་བ་འཇིམ་པ་ནི་སའི་འདམ་འཇགས་ནི་ད་འཇགས་སམ་རང་འཇགས་ཡོད་པའི་དོན། །འཇིག་རྟེན་ནི་སྣོད་འཇིག་པའི་རྟེན་ཅན་འཇིག་པའི་ནི་མི་རྟག་པ་འཇིགས་པ་ནི་སྐྲག་པ་འཇོམས་ནི་བཅོམ་པ། །འཇུས་ནས་ནི་ལག་པས་བཟུང་བ་ཤ་འཇོག་ནི་གཞོག་པའི་དོན་འཇར་ནས་ནི་ས་ལ་འཇར་བ་འཇབས་ནི་ཡིབས་པའམ་བཟུར་བ། །འཇའ་ཞིང་ནི་ཁེངས་པ་མི་བྱེད་པ་དང་བཟང་བ་ལའང་གོ་འཇུངས་པའི་ནི་སེར་སྣ་སྐྱོན་འཇིལ་ནི་བྲི་བའམ་ཉམས་པ་འཇེམ་ནི་མཁས་པ། །འཇུ་བ་ནི་ཁྱི་ཤིག་ཁྲག་འཇིབ་ནི་ཁས་འཇིབས་པའམ་འཐེན་པ་ཟས་འཇུ་ནི་ཞུ་བའི་དོན་འཇང་ནི་ཡུལ་འཇང་ཟེར་བ་ལ་གོ །འཇུང་མཐུན་ནི་སྨད་འཚོང་མ་འཇོལ་འཇོལ་ནི་གོས་གཞོལ་བ་འཇོ་སྒེག་ནི་མཛེས་པའི་རྣམ་འགྱུར་འཇོག་ནི་བཞག་པ། །འཇོར་བུ་ནི་ཏོག་རྩེ་དབྱིབས་འཇོང་ནི་ནར་ནར་ཡོད་པ་འཇུར་ཞིང་ནི་ཡར་འཐེན་པ་དང་སྐུད་པ་ཁབ་ནས་འཇུར་བ་འཇུན་ནི་གོང་དུ་འཆུན་དང་བཅུན་ཞེས་པ་དང་དོན་གཅིག། །ལུས་འཇམ་ནི་ཤ་འཇམ་པ་འཇོག་པོ་ནི་ཀླུ་མཚོ་འཇིང་ནི་དབུས་སམ་དཀྱིལ་ལམ་གཏིང་འཇུག་ནི་བྱ་བ་སོགས་ལ་འཇུག་པ། །འཇམ་དབྱངས་ནི་ཉོན་མོངས་པའི་རྩུབ་རེག་དང་བྲལ་ཞིང་སྒྲ་དབྱངས་རྒྱ་མཚོའི་བདག་ཉིད་སྙན་འཇེབས་ནི་རྣ་བར་སྙན་ཞིང་ཡིད་ལ་འཇེབས་པ་མཉམ་པར་འཇོག་ནི་མཉམ་པར་བཞག་པ། །བློས་འཇལ་ནི་བློས་དཔག་པའམ་གཞལ་བ་ཚད་འཇལ་ནི་རིང་ཐུང་གི་ཚད་གཞལ་བ་འདོད་པ་འཇོ་ནི་འདོད་པ་སྟེར་བ། །ཁྲིམས་འཇགས་ནི་ཁྲིམས་ལ་གནས་པ་འཇའ་ས་ནི་རྒྱ་ནག་གི་གོ་སའི་མིང་འཇའ་མོ་ནི་བྲན་མོ་དང་། །འཇའ་བརྡེག་ནི་གདུང་མ་སོགས་འགྱོགས་ཀྱིས་བརྡེག་པ་འཇའ་ཚོན་ནི་དབང་གཞུ་སྲད་བུའི་འཇུར་ནི་སྐུད་པ་ཧ་ཅང་གྲིམས། །སྲོད་འཇིང་ནི་མུན་ཁྲོད་ཤ་འཇུམས་ནི་ཤ་ཞན་པའམ་སྐམ་པ་རྩ་འཇིང་གཉེན་ནི་མགྲིན་རྩ་དང་ཉེ་དུའང་བཤད། །ཐོབ་ཀྱིས་མཇལ་ནི་སྔར་ཐོབ་པའི་ནོར་ལ་བསྔགས་ནས་ཕྱི་ཐབས་ཀྱིས་བླང་བ་ལ་སོགས་པ་འས་འཕུལ་བའི་ཇའོ། །
༈ རྗེ་བཙུན་ནི་ཆོས་ཀྱི་རྗེ་བོ་ཡིན་པ་དང་ཡོན་ཏན་གྱིས་བཙུན་པ་རྗེས་འཇུག་ནི་སློབ་མ་རྡོ་རྗེའི་ནི་མཚོན་བྱ་མཚོན་བྱེད་སོགས་ཀྱི་རྡོ་རྗེ་རྗེས་ནི་ཤུལ་དུ། །རྗེ་དཔོན་ནི་དཔོན་པོ་ལྷ་རྗེ་ནི་དྲུང་འཚོ་རྗེད་པའི་འོས་ནི་བསྔགས་པར་འོས་པ། །ས་རྗེན་ནི་གདན་སོགས་མེད་པའི་སར་ཤ་རྗེན་ནི་གོས་མེད་པའི་ཤ་རྗེན་རྗེ་ངར་ནི་ངར་གདོང་རྗུད་ནི་ཤ་སྐམ་པ། །རྗོད་བྱེད་ནི་ཚིག་སྙིང་རྗེའི་ནི་ཐུགས་རྗེ་ལག་རྗེས་ནི་ཕྱག་ཤུལ་དང་། །ཐུགས་རྗེས་རྗེས་བསྐྱངས་ནི་ཐུགས་བརྩེ་རྗེས་སུ་བསྐྱངས་པ་རྗེའུའི་རིགས་ནི་རིགས་བཞིའི་བྱེ་བྲག །ཏིལ་གྱི་རྗང་ནི་བང་མཛོད་ལ་སོགས་པ་རར་བཏགས་པའི་ཇའོ། །
༈ བརྗེད་ངས་ནི་དྲན་པ་མེད་པ་བརྗེད་བྱེད་ནི་གདོན་གཟི་བརྗིད་ནི་སྐུ་ལ་བལྟར་མི་ཕོད་པ་བརྗིད་ནི་བྱིན་ཆགས་པ། །བརྗེ་ནི་ཕན་ཚུན་བརྗེ་བ་བརྗེས་ནི་བརྗེ་ཟིན་པ་མ་བརྗེད་ནི་སེམས་ལ་ཡོད་པ་བརྗོད་བྱ་ནི་དོན་བརྗོད་ནི་ཁ་ནས་བརྗོད་པ། །ལ་སོགས་པ་བས་འཕུར་ར་མགོ་ལྡན་པའི་ཇའོ། །
༈ ཡུལ་ལྗོངས་ནི་ཡུལ་ཁམས་ལྗང་བུའི་ནི་སྔོ་མྱུ་གུ་ལྗན་ལྗིན་ཁྲོད་ནི་མི་གཙང་བའི་ཉལ་ཉིལ་དབུས་སུ། །ལྗོན་ཤིང་ནི་ཤིང་གི་ཞེ་ས་ལྗིད་ལྕི་ནི་ཧ་ཅང་ལྕི་བ་སྨན་ལྗོངས་ནི་འབྲུག་ཡུལ་ལྟ་བུ་ལྗང་ནི་ཁ་དོག །རོ་འཛིན་ལྗགས་ནི་ལྕེའི་ཞེ་ས་ལ་སོགས་པ་ལར་བཏགས་པའི་ཇའོ། །
༈ ཉམས་རྟོགས་ནི་རྣལ་འབྱོར་པའི་ཐུགས་ཀྱི་ཉམས་རྟོགས་ཉིང་ཁུ་ནི་ཆང་གི་དྭང་མའམ་སྙིང་པོ་ཉག་གཅིག་ནི་གཅིག་ཁོ་ནའི་དོན་ཉབ་ནི་ལག་པས་ཉབ་པ། །ཉ་མ་ནི་སློབ་མ་ཉག་མོ་ནི་བུད་མེད་ཉིས་འགྱུར་ནི་ཉིས་ལྡབ་ཉུང་ནི་ཅུང་ཟད། །སྤུ་ཉག་ནི་སྤུ་རྡོག་པོ་གཅིག་ཉལ་ཉིལ་ནི་ལྗན་ལྗིན་ཉ་ལྟོ་བ་ནི་ཉ་རོག་པ། །ཉམ་ཉེས་ནི་ཉེས་སྐྱོན་ཉོན་མོངས་ནི་ཀུན་དཀྲིས་ཉམ་ངར་ནི་ཉམ་ཐག་པ་ཉེ་ནི་ཐག་ཉེ་བ། །ཉིང་ཤའི་ནི་ད་ལྟ་བསད་པའི་ཤའམ་ཉེ་དུའི་ཤ་ཉོད་པ་ནི་བུ་ཚ་ལ་ཟས་སྟེར་བ་ཉེས་འབྱུང་ཉེན་ནི་ཉེས་པ་འབྱུང་བའི་ཉེན་ཡོད་པ། །ཉམ་ཆུང་ནི་སྟོབས་ཆུང་བ་ཉམ་ཐག་ནི་སྡུག་བསྔལ་བ་ཉིན་མཚན་ནི་ཉིན་བར་དང་མཚན་མོ་ཉལ་ནི་མལ་དུ་ཉལ་བ། །ཉམས་དགའ་ནི་ཡིད་དགའ་བ་ཉིང་དགོས་ནི་དགོས་པའི་ཡང་དགོས་པ་ཉེ་བར་ཉོན་ནི་ཐག་ཉེ་བར་ཉོན་པ། །སྤོས་ཉུག་ནི་ལུས་ལ་དྲི་བཟང་བྱུག་པ་ལག་ཉེས་ནི་སྟེར་མཁན་མེད་པར་ལེན་པ་ཉན་ཐོས་ནི་འཁོར་རྣམ་བཞིའི་ཡ་གྱལ་ཉམས་ནི་རྒུད་པའམ་བྲི་བ། །ཕོ་ཉ་ནི་བང་ཆེན་པ་ཉི་མའི་ནི་ཁྲི་གདུགས་ཉེན་ཀོར་ནི་ཉེ་འཁོར་དུ། །ཉ་ཤ་ནི་སེར་མིག་ཉ་ཉ་ག་ནི་སྲང་ཉི་ཤུ་ནི་གྲངས་ཉོས་ནི་རིན་གྱིས་ཉོ་བ། །ཉིང་ཏོར་ནི་ངེས་པར་ཆུ་རྙོག་ནི་རྙོག་མ་ཉེ་རེག་ནི་ཁྲུས་ཉང་ནི་རུས། །ཉེ་གནས་ནི་བླ་མའི་དྲུང་ན་ཉེ་བར་གནས་པ་ཉུག་རུམ་ནི་མི་རླིག་པ་འབྲས་བུ་བཏོན་པ་ཉན་རྣ་ནི་ལྐོག་ནས་གཞན་གྱི་སྐད་ཆ་ཉན་པ་ཉིད་ནི་ངེས་བཟུང་། །ཉག་ཕྲན་ནི་མདའ་ཉ་རྒྱས་ནི་ཟླ་བ་ལ་སོགས་པ་ཉ་རྐྱང་ངོ་། །
༈ དཔུང་གཉེན་ནི་མགོན་སྐྱབས་བཤེས་གཉེན་ནི་དགེ་བའི་བཤེས་གཉེན་གཉིས་ཀྱི་ནི་གྲངས་གཉེན་ནི་ཉེ་འཁོར་རམ་ཉེ་དུ། །གཉའ་ཤིང་ནི་རྨོས་གླང་གི་གཉའ་ཤིང་གཉེར་པ་ནི་གཉེར་ཚང་བཏང་མཁན་ཁྲོ་གཉེར་ནི་ཁྲོ་བའི་གཉེར་མ་དང་། །བཀའ་གཉན་ནི་བཀའ་བསྲུང་གཉན་ནད་ནི་ཤུ་བའི་ནད་དུད་འགྲོའི་གཉན་ནི་རི་དྭགས། །གཉའ་བོ་ནི་དཔང་པོ་དོན་གཉེར་ནི་ཆོས་དོན་དུ་གཉེར་བ་གཉན་གཉགས་གཉོས་གསུམ་ནི་རུས་ཀྱི་མིང་། །གཉིད་ཀྱི་གཉེན་པོར་ནི་གཉིད་ལོག་པའི་ཁ་གནོན་གཉའ་ལྟག་གཉུལ་ནི་གཉའ་བ་དང་ལྟག་པ་འགུལ་བ། །གཉི་ཟེར་ནི་བརྡ་རྙིང་བརྡ་གསར་ལ་ཉི་ཟེར་གཉིག་ཏུ་ནི་གཅིག་ཏུ་ལུས་གཉོད་ཆུང་ནི་སྟོབས་ཆུང་བ། །གཉའ་རེངས་ནི་སྐྱ་ལངས་ཐལ་བ་གཉེ་མ་ནི་ནང་ཁྲོལ་ཉག་པོར་གཉེག་ནི་དབྱིབས་ཉག་ཉག་བྱེད་པ། །གཉུག་མའི་དོན་ནི་སེམས་ཀྱི་གནས་ལུགས་ལ་སོགས་པ་གས་འཕུལ་བའི་ཉའོ། །མཉན་པ་ནི་གྲུ་གཏོང་མཁན་ཐུགས་མཉེས་ནི་ཐུགས་དགྱེས་པ་རྣ་བས་མཉན་ནི་སྒྲ་སོགས་ཉན་པ། །མཉེད་ནི་ཀོ་བ་མཉེ་བ་མཉེས་ནི་ཟིན་པ་ཤིང་མཉན་ནི་གཉེན་ལྕུག་མཉན་ཡོད་གནས་ནི་རྒྱ་གར་དུ་སྟོན་པའི་བཞུགས་གནས་གཙོ་བོ། །མཉམ་གཞག་ནི་ཏིང་ངེ་འཛིན་ལ་འཇོག་པ་མཉམ་མེད་ནི་མཚུངས་པ་མེད་པ་མཚུངས་པའི་མཉམ་ནི་ཡོན་ཏན་སོགས་འདྲ་བ། །ར་མཉེ་ནི་སྨན་དང་ཞ་ཉེ་མཉེས་གཤིན་ནི་བྱམས་པའི་གཉེན་ལ་སོགས་པ་སྔོན་འཇུག་མས་འཕུལ་བའི་ཉའོ། །
༈ འདམ་རྙོག་ནི་ལག་པས་འདམ་རྙོག་པ་རྙེད་བཀུར་ནི་ཟས་གོས་ཀྱི་རྙེད་པ་དང་ཕྱག་དང་ཞེ་སའི་བཀུར་སྟི་གསར་རྙིང་ནི་དངོས་པོ་གསར་རྙིང་རྙེད་ནི་ཐོབ་པ། །སོ་རྙིལ་ནི་སོའི་ཉེ་བ་རྙང་མ་རྙོང་ནི་རི་དྭགས་ཀྱི་རྒྱ་དང་རྙི་ནི་བྱ་རྒྱ། །ལྕང་རྙིད་ནི་ལྕང་མ་ཉི་མས་ཚིག་པ་མ་རྙོག་ནི་ལག་པས་མ་རྙོག་པ་ཨནྡ་རྙིལ་ནི་ནོར་བུ་དབང་སྔོན། །རྐང་པ་རྙོར་ནི་རྐང་པ་བརྐྱང་བ་ལ་སོགས་པར་རར་བཏགས་པའི་ཉའོ། །
༈ གོ་སྙོད་ནི་རྩྭའི་འབྲས་བུ་སྙིང་པོ་ནི་ཉིང་ཁུའམ་ཡང་བཅུད་སྙིད་མོའི་མནའ་མའི་ཁྱོའི་སྲིང་མོ་སྙིང་ནི་ཙིཏྟ། །སྤུ་སྙོལ་ནི་ཁྲོ་བ་སྐྱུངས་པའི་དོན་ཆང་སྙོལ་ནི་ཆང་མལ་དུ་བསྙལ་བའི་བསྐུལ་ཚིག་སྙེ་ཕུང་ནི་སྙེ་མའི་ཕུང་པོ་སྙོལ་ནི་མར་ས་ལ་བཤིག་པ། །ཐ་སྙད་ནི་ཡང་དག་ཀུན་རྫོབ་ཇི་སྙེད་ནི་མང་ཚིག་དེ་སྙེད་ནི་གྲངས་དེ་ཙམ་སྙམ་ནི་བསམ་པ། །སྙེམས་ནི་ང་རྒྱལ་དང་སྙུན་མེད་ནི་ན་ཚ་མེད་པ་སྙན་ཤེལ་ནི་སྙན་རྒྱན་དང་སྙན་དར་སྙི་ནི་མཁྲེག་པ་མིན་པའི་འཇམ་པོ། །སྙོམས་འཇུག་ནི་བསམ་གཏན་དང་ཡབ་ཡུམ་སྙོམས་འཇུག་བཏང་སྙོམས་ནི་ཕྱོགས་རིས་མེད་པ་སྙོམས་ལས་ནི་ལེ་ལོ་དང་། །བསོད་སྙོམས་ནི་ཀློག་སྤོང་བའི་བསོད་ནམས་ཀུན་ལ་སྙོམས་ཕྱིར་ཟས་སློང་བ་སྙུགས་སྲིངས་ནི་ཡུན་ཏུ་སྲིང་བ་སྙེག་སར་སྙོགས་ནི་འགྲོ་སར་འགྲོ་བ། །སྙིང་རྗེ་ནི་ཐུགས་རྗེ་སྙིམ་པ་ནི་ཐལ་མོ་སྙོབས་ལ་སྙེས་ནི་ལག་པས་སྙོབས་ས་སྔས་ལྟ་བུ་ལ་སྙེས་པ། །སྙོན་མོངས་ནི་བརྡ་རྙིང་བརྡ་གསར་ལ་ཉོན་མོངས་སྙད་འདོགས་ནི་མིན་པ་ལ་ཡིན་ཟེར་སྙད་ཀ་འདོགས་པ་རྒྱལ་མཚན་སྙོལ་ནི་ས་ལ་བསྙལ་བ། །གཏམ་སྙན་ནི་སྐད་ཆ་སྙན་པ་སྙིགས་དུས་ནི་སྙིགས་མ་ལྔ་བདོ་བའི་དུས་སྐུད་པ་སྙོད་ནི་སྐུད་པ་འཁལ་བའི་བལ་བཏང་བ། །སྙང་སྙོངས་ནི་ཁམས་ཉོག་པ་སེམས་སྙོམས་ནི་བདེ་བར་གནས་པ་ལ་སོགས་པ་སར་བཏགས་པའི་ཉའོ། །
༈ གཟུགས་བརྙན་ནི་གཟུགས་དངོས་མིན་པའི་སྣང་བརྙན་སྒྲ་བརྙན་ནི་སྒྲ་དངོས་མིན་པའི་བྲག་ཅ་གཞན་ལ་བརྙས་ནི་གཞན་ལ་བརྙས་བཅོས་བྱེད་པ། །མངའ་བརྙེས་ནི་རང་དབང་ཐོབ་པ་ཕྱག་བརྙན་ནི་ཕྱག་གཡོག་བརྙན་པོའི་ནི་གཞན་ལས་གཡར་བ་བརྙེས་ནི་གཡར་ཟིན་པ། །གོས་བརྙིངས་ནི་རྙིང་ཟིན་ཁ་བརྙོགས་ནི་བྱིན་པ་ལ་ཁ་བརྙོགས་པ་སྣང་བརྙན་ནི་གཟུགས་བརྙན་ནི་ཚབ། །ལ་སོགས་པ་སྔོན་འཇུག་བས་འཕུལ་བའི་ར་མགོ་ལྡན་པའི་ཉའོ། །
༈ དགེ་བསྙེན་བསྙེན་གནས་བསྙེན་རྫོགས་གསུམ་ནི་སྡོམ་པའི་རྣམ་གྲངས་བསྙེན་ནི་བསྙེན་པ། བསྙོན་ཅན་ནི་མི་ཨུ་ཚུགས་ཅན་བསྙོན་དོར་ནི་མིན་པ་ཡིན་ཟེར་བའི་སྒྲོ་བཏགས་ཅན་བསྙོན་ཏོལ་ནི་ཧམ་ཅན་དང་། །བསྙེན་བསྒྲུབ་ནི་ལྷག་པའི་ལྷ་སྒྲུབ་པ་བསྙེན་བཀུར་ནི་ཞབས་ཏོག་ཕྱེ་མར་བསྙིལ་ནི་ཕྱེ་མར་འཐག་པ། །གཏམ་བསྙད་ནི་བཤད་པ་བསྙམས་ནས་ནི་ཁྱོན་མཉམ་པ་ལག་པ་བསྙུལ་ནི་ལག་པ་བཀྲུ་བ། །ཕྱིར་བསྙིལ་ནི་ཕྱིར་བསྐྲད་པ་མལ་བསྙལ་ནི་མལ་དུ་བསྙལ་བ་ལྷུང་བཟེད་བསྙིགས་ནི་གསིག་པ། །ལག་བསྙབས་ནི་ལག་པས་བསྙབས་པ་བསྙུང་གཞིས་ནི་ན་བའི་ཞེ་ས་བསྙུན་པས་བསྙེངས་ནི་ན་བས་ཤི་དོགས་པའི་འཇིགས་པ། །བསྙེལ་མེད་ནི་མ་བརྗེད་པའི་ཞེ་ས་ནས་བསྙོར་ནི་ནས་ཕུང་བཤིག་པ་ཡོ་བྱད་བསྙུངས་ནི་ཉུང་དུར་བཏང་། །བསྙེན་བསྲིང་ནི་ཉེ་རིང་ཟས་བསྙོད་ནི་བུ་ཚ་ལ་ལྟོ་བྱིན་པ་སྐྱུ་གང་བསྙུག་ནི་མཚོན་གང་བཅུག་པ། །བསྙེམས་པའི་ནི་ང་རྒྱལ་བྱས་ཟིན་པ་རྗེས་བསྙེགས་ནི་རྗེས་འབྲང་བ་ཁྲོ་གཉེར་བསྙེར་ནི་ཞལ་ཁྲོ་བོའི་གཉེར་མ་བསྡུས་པ། །ལ་སོགས་པ་བས་འཕུལ་བའི་ས་མགོ་ལྡན་པའི་ཉའོ། །
༈ ཏེ་པོར་ནི་ལེགས་པའམ་ཤིནྟུ་ཏི་སེར་ནི་གངས་རི་ཆེན་པོ་ཏེ་སེ་ཏལ་མར་སོང་ནི་ཐལ་ལེར་སོང་བའམ་དྲང་པོ་ལའང་འཇུག །ཛྷ་ཏི་ནི་སྨན་བཟང་འབྲུ་ཏང་ཀུན་ནི་སྔོ་སྨན་དྲི་བཟང་པོ་ཏིག་ཏ་ནི་སྔོ་སྨན་མེ་ཏོག་སེར་པོ་རོ་ཁ་བ་ཏིལ་ནི་རྫས། །ཏུག་ཏུག་ཏོང་ཏོང་ཏོག་ཏོག་གསུམ་ནི་སྒྲ། །ཏེལ་པ་ནི་རྟེའུ་དང་མེ་གཏེགས་ཏོག་རྩེ་ནི་ས་རྐོ་བྱེད་དབྱུག་ཏོ་ནི་དབྱུག་པའམ་ལྷའི་ཕྱག་མཚན་དང་། །གཙུག་ཏོར་ནི་དབུའི་གཙུག་ཏོར་ཐོར་ཏོར་ནི་ཐོར་ཚུགས་སྤྱི་ཏོར་ནི་རྩེ་མོ་ཏོག་ནི་ཞྭ་མོ་དང་རྒྱལ་མཚན་སོགས་ཀྱི་ཏོག །མུ་ཏིག་ནི་རིན་པོ་ཆེ་མེ་ཏོག་ནི་སྐྱེ་ཚལ་ལས་བྱུང་བ་ཏམྦུ་ལ་ནི་སོ་རྩི། །ལོ་ཏོག་ནི་སྟོན་ཐོག་རྩི་ཏོག་ནི་འབྲས་བུ་སྤྱའི་མིང་ཟ་མ་ཏོག་ནི་རིན་པོ་ཆེའི་སྒྲོམ་བུ། །ཏིང་འཛིན་ནི་བསམ་གཏན་དཀོན་མཆོག་ཏ་ལ་ལ་ནི་དཀོན་མཆོག་སྒྲོན་མའི་མདོ་ལ་གོ །ཏིང་ལོ་ནི་སྤགས་ཀོང་གི་མར་མེ་ཏ་ལ་ཙམ་ནི་ཡིད་ཙམ་མམ་ཅུང་ཟད་ཏིག་ཏིག་མེད་ནི་བརྟན་བརྟན་མེད་པ། །ཡོན་ཏན་ནི་སྤངས་རྟོགས་ཀྱི་ཡོན་ཏན་ཞབས་ཏོག་ནི་བསྙེན་བཀུར་ནན་ཏན་ནི་ཡང་ཡང་བརྗོད་པ་དང་། །ནན་ཏུར་ནི་ཆད་ལས་གལ་ཏེ་ནི་མི་འཐད་པ་འཐད་པར་འདྲེན་པའི་ཚིག་གོའུ་ཏ་མ་ནི་ཤཱཀྱའི་རུས་ཀྱི་མིང་། །ཁ་ཏོན་ནི་ངག་འདོན་ཞལ་ཏ་ནི་ཉེ་གནས་ནན་ཏར་བཟང་ནི་ནན་གྱིས་བྱ་བ་བཟང་པོ་ལ་བཅུག་པ། །ཏ་ཟིག་ནི་ཡུལ་ཏ་མིང་ནི་རྒྱ་ནག་གི་སྐད་དུ་ཆེན་པོའི་མིང་ཏའི་སི་ཏུ་ནི་རྒྱ་ནག་གི་གོ་ས། །ཏི་ཤི་ནི་རྒྱའི་གོ་སའམ་མཁས་པའི་མིང་ཏ་དབེན་ཏ་ཧུང་ནི་དར་དམར་པོའི་མིང་དང་། །ཏྭ་ར་ཎ་ནི་རྟ་བབས་དང་ཏེའུ་ཤང་ཁྲི་ནི་ཤང་ཤང་གི་ཁྲི། །ཏམ་བུ་ར་ནི་པི་ཝང་ངམ་སྒྲ་བརྙན་དང་ཏིང་ཏིང་ཤག་ནི་ཆུ་གཏོར་གྱི་ཏིང་ཤག །ཉོ་ཏི་ནི་ཤིང་གི་བྱེ་བྲག་ཏ་ལ་ནི་ཤིང་ཏ་ལ་ཏྲེས་སམ་ནི་སྨན་གྱི་ཕྱེ་མ་དང་། །ཤང་ཤང་ཏེའུ་ནི་ཤང་ཤང་གི་ཕྲུ་གུ་ཏེ་ཏེ་བརྡུང་ནི་རྔ་བརྡུང་བ། །འོན་ཏང་ནི་འོན་ཀྱང་ལིང་ཏོག་ནི་མིག་གི་ལིང་ཏོག་ལ་སོགས་པ་ཏ་རྐྱང་ངོ་། །
༈ གཏན་གྱི་ནི་དུས་བསམ་གཏན་ནི་ཏིང་འཛིན་གཏན་ཚིགས་ནི་རྒྱུ་མཚན་གཏམ་ནི་ཚིག །གཏུན་བུ་ནི་ཡས་གཏུན་ལག་གཏད་ནི་ལག་ཏུ་སྤྲོད་པ་གཏུན་ཤིང་ནི་མས་གཏུན་གཏུབས་ནི་དུམ་བུར་གཏུབས་པ། །བརྡུང་གཏག་གཏོང་ནི་ཉེས་གཏག་བཏང་བ་དང་གཏང་རག་གཏོང་ནི་དགའ་སྟོན་གྱི་ཆོ་ག་བཏང་བ། །གཏེར་མཛོད་ནི་རིན་ཆེན་བང་མཛོད་ཡོངས་གཏམས་ནི་ཡོངས་སུ་གང་བ་གཏོར་ཟན་ནི་གཏོར་མ་བཞེངས་རྒྱུའི་ཟན་གཏོར་ནི་འཐོར་བ། །ནོར་གྱི་གཏའ་མ་ནི་བུ་ལོན་གྱི་གཏའ་མ་གཏང་བ་གཏའ་ནི་གཏམ་རེ་བ་ལེན་པ། །གཏན་པ་མེད་པའི་ནི་སྒོའི་གཏན་པ་ལ་བདག་ཏུ་མི་འཛིན་པའི་སྦྱིན་གཏོང་གཏང་ནི་ནོར་རྫས་གཏང་བ། །གཏུམ་པོའི་ནི་ཁྲོ་གཏུམ་ཞབས་གཏུགས་ནི་ཞབས་བཏུད་ཟད་པའི་གཏུགས་ནི་རྫོགས་པ། །ལྷ་ཆེན་གཏོགས་འདོད་ནི་ལྷ་དབང་ཕྱུག་གཞན་ལ་གཏོད་ནི་སེམས་གཞན་ལ་གཏད་པ། །འབེམ་ལ་གཏོད་ནི་མདའ་འབེམ་ལ་ཚ་གཏད་པ་དང་དམིགས་པ་གཏོད་ནི་ལྷ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པ། །གཏི་མུག་ནི་མ་རིག་པ་གཏོལ་མེད་ནི་ཆ་མེད་པ་མཚང་ནས་གཏོལ་ནི་སྐྱོན་བརྗོད་པ། །ཁྲག་གཏར་ནི་ཁྲག་བཙགས་པ་ཆུ་གཏིགས་ནི་ཆུ་ཐིག་པ་སེ་གོལ་གཏོགས་ནི་སོར་མོའི་བརྡ། །བཅོལ་བའི་གཏམས་ནི་བཅའ་ཆས་གཏམས་པ་དང་གྲངས་ཀྱི་གཏམས་ནི་གཏམ་དཀྲིགས། །སྒོ་གཏན་ནི་གཏན་པ་གཏིང་ཟབ་ནི་རིང་བའམ་དཔག་དཀའ་བ་མུན་པ་གཏིབས་ནི་འཐིབ་པ། །གཏུར་བུ་ནི་ཆོས་གོས་ཤུབ་སྤོས་གཏུལ་ནི་དྲི་འཐུལ་བ་རི་བོའི་གཏོས་ནི་བོང་ཚད། །མགོ་གཏུམས་ནི་མགོ་གོས་ཀྱིས་འཐུམ་པ་མཐའ་གཏུགས་ནི་མཐར་ཐུག་པ་ཁོངས་སུ་གཏོགས་ནི་ཕྱོགས་སུ་གཏོགས་པ། །གཏན་ལ་འབེབས་ནི་ཡོན་ཏན་རང་རྒྱུད་ལ་དབབ་པ་ལ་སོགས་པ་གས་འཕུལ་བའི་ཏའོ། །
༈ སྒྲོ་བཏགས་ནི་མེད་པ་ལ་ཡོད་ཅེས་སྒྲོ་འདོགས་པ་མིང་བཏགས་ནི་ཀ་བ་བུམ་སོགས་ལ་མིང་གདགས་པ་ཁ་བཏགས་བཏགས་ནི་དགྲ་ཕམ་པར་བྱེད་པ། །སྦྱིར་བཏང་ནི་མཐུན་མོང་བློས་བཏང་ནི་དགོས་པ་མེད་པ་སྔགས་བཏུ་ནི་བསྡུ་བ་བཏུས་ནི་ཟིན་པ། །སྲོལ་བཏོད་ནི་ལུགས་སྲོལ་བཙུགས་པ་གདན་བཏིང་ནི་སྟན་འཐིང་བ་ས་བོན་བཏབ་ནི་ཞིང་ལ་ས་བོན་འདེབས་པ། །བཏང་བཟུང་ནི་རི་བོ་བཏང་བཟུང་ཀླུས་བཏེགས་ནི་ཞབས་ནས་འདེགས་པ་གསོལ་བཏབ་ནི་གསོལ་བ་འདེབས་པ་བཏུད་ནི་འདུད་པ། །བཏག་སོ་ནི་ཐ་ག་པའི་བཏག་མའི་སོ་རྒྱས་བཏབ་ནི་དམིགས་པ་དང་ཐིའུ་སོགས་ཀྱིས་ཟིན་པ་བཟའ་བཏུང་ནི་ཟས་སྐོམ་བཏུབ་ནི་རུང་བའི་བརྡ། །སྤུ་བཏོགས་ནི་དུད་འགྲོའི་སྤུ་བྲེགས་པ་རྩ་བཏོན་ནི་རྩ་བ་ནས་བཀོག་པ་བཏགས་ཤིང་ནི་ཕྱེ་མར་འཐག་པ་བཏུལ་ནི་བདུད་བཏུལ་བའམ་ཚོན་སོགས་འདུལ་བ། །མགྲིན་པ་བཏེགས་ནི་ཡར་འདེགས་པ་ལ་སོགས་པ་བས་འཕུལ་བའི་ཏའོ། །
༈ མི་རྟག་ནི་མི་བརྟན་པ་རྟབ་རྟབ་ནི་མགྱོགས་པ་དབང་རཏལ་ནི་རིག་པ་ཞན་པ་རྟགས་ནི་ཡིན་མིན་གྱི་མཚན་མ། །མི་རྟོག་ནི་ཅི་ཡང་མི་བསམ་པ་ཡིད་རྟོན་ནི་ཆ་བཞག་པ་རྟོགས་ལྡན་ནི་ཡོན་ཏན་ཅན་རྟོགས་ནི་ཤེས་པའམ་མཁྱེན་པ། །རྟག་ཏུ་ནི་དུས་ན་མར་རྟ་ལ་རྟེའུ་སྐྱེས་ནི་རཏའི་ཕྲུ་གུ་སྐྱེས་པ་རྟིང་ནི་རྗེས་མ། །རྟོལ་གོག་ནི་རྟའི་རྟོལ་ཕུར་རྟིང་པ་ནི་རྐང་པའི་རྟིང་པ་རྟོད་པས་བཅིངས་ནི་ཐག་པས་བཅིངས་པ། །རུ་རྟས་ནི་སྨན་རུ་རྟ་ཉམས་རྟས་རྒྱས་པ་གནས་སུ་རྟོལ་ནི་སྡོད་སར་སླེབ་པ། །རྨོང་རཏལ་ནི་བླུན་པོ་རཏལ་ཕོད་ནི་སྙིང་སྟོབས་ཆེ་བ་རྟེན་ནི་སྐུ་གསུང་ཐུགས་རྟེན་རྟེན་འབྲེལ་ནི་རྟེན་ཅིང་འབྲེལ་འབྱུང་། །མཆོད་རྟེན་ནི་བྱང་ཆུབ་མཆོད་རྟེན་སོགས་རྟ་བབས་ནི་དཀྱིལ་འཁོར་དང་ཕོ་བྲང་གི་དྲུང་ན་ཡོད་པའི་རྟ་བབས་བྱ་མ་རྟ་ནི་ཕོ་ཉའམ་བང་ཆེན་པ། །རྟ་ཐུལ་ནི་འཕགས་པ་རྟ་ཐུལ་གྱི་མཚན་རྟ་དབྱངས་ནི་སློབ་དཔོན་དཔའ་བོའི་མཚན་རྟོག་གེ་བ་ནི་མཚན་ཉིད་པ། །མི་གཙང་རཏག་ནི་སྐྱག་པ་ལ་སོགས་པ་རར་བཏགས་པའི་ཏའོ། །
༈ ལྟོས་འགྲོའི་ནི་སྦྲུལ་ལྟག་པ་ནི་གཉའ་བའི་ལྟག་པའམ་འཇིང་པ་དེ་ལྟ་བུ་ནི་དེ་བཞིན་དུ། །ལྟོ་འཕྱེའི་ནི་ས་བདག་ལྟེ་བར་ནི་ལུས་ཀྱི་ལྟེ་བར་ལྟད་མོར་ལྟ་ནི་གཟིགས་མོར་བྱེད་པ། །ལྟོ་བ་ནི་གསུས་པའམ་ཕོ་བ་ལྟོ་ཡིས་ནི་ཟས་ཀྱིས་ལྟིར་གྱིས་བཀང་ནི་ལྟེམ་གྱི་གང་བ། །བུར་ལྟང་ནི་བུ་རམ་འབྲས་སོགས་ཀྱི་ལྟང་འགྲང་ལྟོགས་ནི་ཟས་ཞུ་མ་ཞུའི་ཁྱད་པར་ད་ལྟ་ནི་དུས་ལྟོས་ནི་བལྟ་བའི་བསྐུལ་ཚིག །ལྟར་སྣང་ནི་ངོ་མ་མིན་པ་ལྟག་ཆད་ནི་བསུན་འབྱིན་པ་ལྟ་ལོག་གི་ནི་མུ་སྟེགས་པའི་ལྟ་བ། །ལྟུང་བས་ནི་ཉེས་ལྟུང་ལྟས་ངན་ནི་མི་མ་ཡིན་གྱི་ཆོ་འཕྲུལ་ལྟ་ཅི་སྨོས་ནི་སྒྲུབ་སྒྲ་ལྟར་སྣང་བའི་དགག་སྒྲ། །ལྟེང་རྒྱས་ནི་འཕགས་པ་ལྟེང་རྒྱས་འོད་སྲུང་གི་མཚན་ལྟེང་ཀ་ནི་ཆུ་མིག་ལྟེམ་གྱིས་གང་ནི་ཆུས་ཁེངས་པ། །རེ་ལྟོས་ནི་རེས་ལྟ་ཞོག་ནི་ལྟ་ལོད་ཞེས་པ་ལྟ་བུ་མདའ་ཡི་ལྟོང་ནི་ཁ་ལྟོང་། །ལྟར་ལྟར་ནི་མའི་མངལ་གྱི་གནས་སྐབས་ལྟེམ་ཀྱང་ནི་རེ་མོས་ལ་སོགས་པ་ལར་བཏགས་པའི་ཏའོ། །
༈ སྟོན་པའི་བཞུགས་སྟངས་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་བཞུགས་ཚུལ་བཀུར་སྟི་ནི་སྲི་ཞུ་སྟོབས་ནི་ཕུལ་བ། །སྟེས་དབང་ནི་སྟབས་ལེགས་པའི་དོན་མུ་སྟེགས་ནི་ཞིང་ངན་པའི་མུ་ལ་ལྟ་བ་གན་པས་སྟེགས་པ་བྱད་སྟེམས་ཀྱིས་ནི་ཕ་རོལ་པའི་ངན་སྔགས། །མི་སྟོ་ནི་མི་སྐྱོན་པ་ལྟ་སྟངས་ནི་མིག་གི་ལྟ་ཚུལ། །མེ་སྟག་ནི་མེའི་ཟེག་མཆེད་པ་སྟེགས་ནི་སྟེགས་བུ། །སྟ་གོན་ནི་གྲབས་སམ་ཉེར་བསྡོགས་སྟོང་གྲོགས་ནི་རོགས་རམ་ཤ་སྟག་བྱེད་ནི་ཁོ་ནའམ་རྐྱང་རྐྱང་བྱེད་པ། །གཞོགས་སྟེགས་ནི་ཟུར་མིག་ལྟ་བ་སྟངས་སྟབས་ནི་གོམས་པའི་བགྲོས་སྟ་ཟུར་ནི་དཔྱིད་མགོ་སྟོན་ནི་དཔེ་ཆ་སོགས་སྟོན་པ། །ཤིང་སྟག་ནི་སྟག་པ་སྟུག་ནི་མཐུག་པོ་ཁྲོད་ནི་དཀྱིལ་ལམ་དབུས་སྟོབས་ཅན་ནི་ཤུགས་ཅན་སྟག་ནི་གཅན་གཟན། །དགྲ་སྟ་ནི་ཕྱག་མཚན་སྟ་རེ་སྟ་རེ་ནི་ཤིང་གཅོད་བྱེད་སྟེའུ་ནི་སྟ་ཆུང་སྟོར་ནི་བོར་བའམ་བརླགས་པ། །སྟར་ཞུན་ནི་སྟར་ཤིང་གི་ཤུན་པ་སྟར་ཁའི་ནི་སྟར་གའི་འབྲས་བུ་སྟོན་མོ་ནི་ཟས་ཀྱི་དགའ་སྟོན་སྟེར་ནི་བྱིན་པ། །སྟོད་ལ་ནི་སྟོད་སྨད་གཉིས་ཀྱི་སྟོད་སྟན་ནི་གདན་ལ་གོ་བ་དང་སྟུ་ནི་མོ་མཚན་མ་སྟོན་ནི་གཞན་ལ་མ་བསྟན་ཞེས་པའི་བསྐུལ་ཚིག །སྟོན་དཔྱིད་ནི་སྟོན་ཀ་དང་དཔྱིད་ཀ་གང་སྟོངས་ནི་འཕེལ་སྒྲིབ་ཡས་སྟགས་ནི་མདོས་འཐག་པ་སྟོང་ནི་གྲངས་ཀྱི་སྟོང་ཕྲག །སྟིམ་བྱེད་ནི་ཡེ་ཤེས་པ་སྟིམ་པར་བྱེད་པ་སོ་སྟོར་ནི་སོ་གྲལ་མི་འགྲིགས་པ་སྟོར་ཁུང་ནི་མི་གཙང་བ་དོར་ས་གསང་སྤྱོད་ཟེར་བ་དང་། །སྟང་ཟིལ་ནི་དངུལ་རྡོ་སྟབས་གཅིག་ནི་ཆབ་ཅིག་སྟར་བརྒྱུས་ནི་ཕྲེང་བསྟར་ལ་བརྒྱུས་པ་སྟེང་ནི་འོག་གི་གཅིག་ཤོས། །སྟོང་པ་ནི་སྣོད་སྟོང་པ་སྟོང་ཉིད་ནི་ཆོས་ཉིད་དམ་གནས་ལུགས་ལ་སོགས་པ་སར་བཏགས་པའི་ཏའོ། །
༈ བརྟག་དཔྱད་ནི་རིག་པས་བརྟག་ཅིང་དཔྱད་པ་གནས་བརྟན་ནི་འཕགས་པའི་གནས་བརྟན་ཀུན་བརྟགས་ནི་མཚན་ཉིད་ངོ་བོ་ཉིད་གསུམ་གྱི་ཡ་གྱལ་བརྟགས་ནི་རིག་པས་དཔྱད་ཟིན་པ། །ཡིད་བརྟན་ནི་བློ་གཏད་དུ་རུང་བ་བརྟད་པ་ནི་གློ་བུར་བའི་དོན་བརཏལ་ཞུགས་ནི་རྣལ་འབྱོར་པའི་སྤྱོད་པ་བརྟན་ནི་མི་འགྱུར་བ། །སྦུབས་བརྟོལ་ནི་ནང་དུ་བརྟོལ་བ་བརཏན་པ་ནི་བརྩོན་འགྲུས་སྤྱི་བརྟོལ་ནི་ངོ་ཚ་མེད་པ་བརྟབས་ནི་བྲེད་པའམ་འཇིགས་པ། །ཡོངས་འདུ་ས་བརྟོལ་ནི་དཔག་བསམ་ཤིང་བརྟག་པ་ནི་རྒྱུད་ཀྱི་དུཾ་བུའམ་ལེའུའི་མིང་བརཏལ་ནི་ཉུང་དུར་བརཏལ་བའམ་སྡུད་པ། །རྟེན་པ་ནི་གནས་སམ་གཞི་ལ་བརྟེན་ནི་དེ་ལ་བརྟེན་པར་བྱ་བའི་ཆོས་ཕུར་བུས་བརྟོད་ནི་ཕུར་བུས་ས་ལ་བསྣུན་པ། །ལ་སོགས་པ་བས་འཕུལ་བའི་ར་མགོ་ལྡན་པའི་ཏའོ། །
༈ བལྟོས་ས་ནི་རེ་བའི་ཡུལ་ཕ་རོལ་པོ་ལྟ་བུ་བལྟོས་ཆོས་ནི་རེབ་པོ་ཚུར་རོལ་པོ་ལྟ་བུ་བལྟར་རུང་ནི་མིག་གིས་བལྟར་རུང་བ་བལྟས་ནི་ཟིན་པ། །བལྟ་བྱ་ནི་གཟུགས་སྐུ་བལྟམས་ནི་སྐུ་འཁྲུངས་པ་གོས་བལྟབ་ནི་བལྟབ་རྩི་ས་རྒྱབ་པ་ལ་སོགས་པ། །བས་འཕུལ་བའི་ལ་མགོ་ལྡན་པའི་ཏའོ། །
༈ བསྟི་སྟང་ནི་སྲི་ཞུའམ་བསྙེན་བཀུར་བསྟུད་པའི་ནི་ཞབས་ལ་བཏུད་པ་བསྟི་གནས་ནི་ངལ་གསོའི་གནས་བསྟར་ནི་བྱི་དོར་བྱེད་པ། །ཐུབ་བསྟན་ནི་ཐུབ་པའི་བསྟན་པ་དང་བསྟུན་ནི་དེ་དང་མཐུན་པར་བྱེད་པ་བསྟོད་འོས་ནི་བསྔགས་པར་འོས་པ་བསྟེན་ནི་བླ་མར་བསྟེན་པ། །བསྟང་བས་མ་བཟུང་ནི་མགོན་དང་གྲོགས་ཀྱིས་མ་བཟུང་བ་བསྟན་བཅོས་ནི་སྔར་བཞིན་བསྟན་ནི་གཞན་ལ་སྟོན་པའི་བྱ་བ། །ཐག་བསྟུངས་ནི་ཐག་ཉེ་བའམ་ཐུང་དུར་བྱེད་པ་སྣ་བསྟད་ནི་འགྲོ་བའི་ཕྱོགས་སུ་ཁ་བསྟད་པ་འགྲོ་ཆས་བསྟད་ནི་ལམ་ཆས་བསྟད་ནི་ལམ་ཆས་བསྟད་པ། །བསྟིང་ཚིག་ནི་མཁས་པའི་ཞེ་ཁྲེལ་བའི་ཚིག་སྟེ་བསྟོད་པའི་ཡུལ་མིན་པ་ལ་བསྟོད་པ་ལྟ་བུ་བསྟིམས་པས་ནི་ཡེ་ཤེས་པ་དམ་ཚིག་པ་ལ་བསྟིམ་ཟིན་པ་མི་བསྟོངས་ཀྱང་ནི་མི་ཕན་པ། །བསྟིར་མེད་ནི་མནར་མེད་དམ་ངལ་འཚོ་མེད་པ་མངོན་བསྟོད་ནི་ཚིག་གིས་མངོན་པར་བསྟོད་པ་བྱིན་ལེན་བསྟབས་ནི་བཟའ་བཏུང་བྱིན་ལེན་བྱེད་པ། །ལ་སོགས་པ་བས་འཕུལ་བའི་ས་མགོ་ལྡན་པའི་ཏའོ། །
༈ ཐུན་མོང་ནི་སྤྱི་མཐུན་ཐུ་བོ་ནི་ཆེ་བའམ་རྒན་པ་ཐ་གྲུ་ཆེ་ནི་རྒྱ་ཁྱོན་ཆེ་བ། །ཐུ་མི་ནི་མཁན་པོ་ཐུ་མིའི་མཚན་ཐོར་ཅོག་ཐོར་ཚུགས་ནི་དོ་ཀེར་དང་། །ཐ་མ་ནི་རབ་འབྲིང་ཐ་མ་ཐ་ན་ནི་ཁབ་སྐུད་ཙམ་ཡང་མེད་པ་ལྟ་བུ་ཐྲིག་ཐྲིག་སྒྲ་ནི་འདུལ་བ་ལས་ལྷམ་གྱི་སྒྲར་བཤད་པ། །ཐུར་ནི་འོག་ཏུ་དང་ཁམ་དཔེ་ལས་ཐུལ་ཞེས་བྱུང་བ་ལྟར་ན་སེམས་ཐུལ་བ་ལ་གོ་གང་ལྟར་ཡང་གཉིས་ཀ་དཀྱུས་སུ་བཀོད་པའོ་ཐ་མལ་ནི་སྐྱེ་བོ་ཐ་མལ་པ་ལ་སོགས་པ་ཐ་རྐྱང་ངོ་། །
༈ མཐོ་རིས་ནི་བདེ་འགྲོ་མཐའ་དག་ནི་ཐམས་ཅད་མཐའ་ཀླས་ནི་འབྱམས་ཀླས་པ་མཐོང་ནི་སྣང་བ། །མཐར་ཐུག་ནི་འབྲས་བུ་ནུས་མཐུ་ནི་མཐུ་སྟོབས་མཐུན་ནི་ཕན་ཚུན་མཛའ་བ་མི་མཐུན་ནི་མི་མཛའ་བ། །ལག་མཐིལ་ནི་ལག་པའི་དཀྱིལ་མཐེ་བོང་དང་མཐེའུ་ཆུང་ནི་ལག་པའི་སོར་མོའི་འིང་། །མཐོན་ག་མཐོན་མཐིང་ནི་ཁ་དོག་སྔོན་པོ་མཐང་གོས་ནི་ཤམ་ཐབ་མཐུག་ནི་སྟུག་པོ། །མཐར་གྱིས་ནི་ཐིམ་ཐིམ་གྱིས་རྟ་མཐུར་ནི་རཏའི་མཐུར་མཐོ་གང་ནི་ཚད་མཐུད་ནི་ཕན་ཚུན་མཐུད་པ། །མཐོ་འཚམས་ནི་ཅོ་དྲི་བའམ་གླགས་བལྟ་བ་མཐོལ་བཤགས་ནི་ཉེས་པ་མི་སྦས་པར་འཆགས་པ་མཐོ་ཡོར་ནི་ལ་ཁའི་མཐོ་ཡོར་མཐོ་ནི་དམའ་བ་མིན་པ། །མཐོན་པོའི་ནི་མཐོ་བ་རྒྱ་མཐོངས་ནི་འདུ་ཁང་རྒྱ་མཐོངས་མཐའ་འཁོབ་ནི་ཡུལ་མཐའ་ནི་དབུས་མིན་པ། །མཐིང་རིལ་ནི་ཆུ་བྱ་མཐིང་ཁ་ནི་མཐིང་གི་མདོག་ལ་སོགས་པ་མས་འཕུལ་བའི་ཐའོ། །
༈ འཐབ་མོར་ནི་རྩོད་པ་འཐོན་ཡང་ནི་ཕྱིར་འཐོན་པ་གྲོགས་སུ་འཐམས་ནི་གྲོགས་ལ་འཁྱུད་པ། །སྤྲིན་འཐིབས་ནི་ཆུ་འཛིན་འཁྲིགས་པ་ཆུ་འཐོར་ནི་གཏོར་བ་འཐོར་འཐུང་ནི་ཁྲུས་སམ་བུམ་ཆུ་དང་། །བློ་འཐུམས་ནི་རིག་པ་མི་གསལ་བ་མགོ་འཐོམས་ནི་རྨོངས་པ་དུ་བ་འཐུལ་ནི་དུ་བ་འཁྱུར་བ། །ས་འཐས་ནི་སྲ་ཞིང་མཁྲེགས་པ་འཐེམས་ནན་དང་ནན་ཏན་ནི་ནན་གྱིས་བརྣན་པ་དང་འབད་རྩོལ་འཐན་ནི་མི་འཐན་པོའམ་བརྟན་པ། །ཆུ་འཐུངས་ནི་བཏུང་བ་ཤ་ནས་འཐེན་ཞིང་ནི་བཟུང་ནས་ཚུར་འཐེན་པ་འཐོག་ནི་བཏོགས་པ། །སྨོད་ཚིག་འཐིང་སླད་ནི་སྨད་པའི་ཚིག་གམ་ཁ་ངན་བརྗོད་པ་འཐེན་པ་ནི་ཚུར་འཐེན་པ་འཐད་ནི་འོས་པའམ་རུང་བ། །ཟས་ལ་འཐུ་ནི་ཟས་སོགས་ལ་རྡུལ་དང་སྤུ་སོགས་འཐུ་བ་འཐུས་ནི་ཟིན་པ་ཕྱེ་མར་འཐག་ནི་ཞིབ་མོར་བརྟགས་པ། །ཞ་འཐེང་ནི་རྐང་ལག་སྐྱོན་ཅན་མལ་གོས་འཐེབ་ཀྱིས་ནི་མལ་ཆ་ལྷག་པོ་འཐུམ་ནི་བཏུམ་པ། །དུམ་བུར་འཐུབ་ནི་གཏུབས་པ་ལ་སོགས་འས་འཕུལ་བའི་ཐའོ། །
༈ གཞན་དྲིང་མི་འཇོག་ནི་གཞན་ལ་རེ་མི་དགོས་པ་བཀའ་དྲིན་ནི་གསུང་གི་དྲིན་དྲན་ནི་ཡིད་ལ་དྲན་པ། །དྲིལ་བུ་ནི་རྡོ་རྗེ་དྲིལ་བུ་དྲི་མཆོག་ནི་དྲི་བཟང་པོ་དྲ་དྲ་ཕྱེད་ནི་རིན་པོ་ཆེའི་དྲ་བ་དང་དྲ་ཕྱེད། །སྔ་དྲོ་ནི་ཞོགས་པ་ཕྱི་དྲོའི་ནི་དགོངས་མོ་དྲི་ནི་གཞན་ལ་དྲི་བ་དྲིས་ལན་ནི་དྲིས་པའི་ལན། །དྲང་དོན་ནི་ཀུན་རྫོབ་ཀྱི་ཆོས་གཡུང་དྲུང་ནི་མི་འགྱུར་བ་དྲང་སྲོང་ནི་སྒོ་གསུམ་དྲང་པོར་སྲོང་བའི་དཀའ་ཐུབ་པ་དྲུག་ནི་གྲངས། །ཁྲིམས་དྲལ་ནི་ཁྲིམས་རལ་བ་ལྕམ་དྲལ་ནི་མིང་སྲིང་ཟས་དྲངས་ནི་གསོལ་བ་དྲངས་པ་དྲོངས་ནི་བསྐུལ་ཚིག །དྲང་པོའི་ནི་འཁྱོག་པོར་མིན་པ་ཤིང་དྲུང་ནི་ཤིང་གི་རྩ་བ་དྲེལ་ནི་རྟ་དྲེལ་དྲེའུ་རྔོག་གྲུམ་རྩེའི་གདན། །མོན་དྲེ་དང་སྨིན་དྲུག་ནི་རྒྱུ་སྐར་མ་དྲོས་མཚོ་ནི་མཚོ་མ་ཕམ་པ། །དྲེག་ནད་རྐོང་ནད་དྲེག་པ་ནི་གོས་ཀྱི་དྲི་མ་དྲི་མ་ནི་སྐྱོན་གྱིས་གོས་པ་དང་། །ཁ་དྲག་ནི་དབང་ཆེ་བ་དྲག་ཤུལ་ནི་ཁྲོ་བོ་ས་ལ་དྲུད་ནི་ཤིང་དྲུད་པ། །དྲོད་ནི་མེ་དང་ཉི་མའི་དྲོད་དང་དྲོ་བ་ནི་ནམ་དུས་དྲོ་བ་ཟན་དྲོན་ནི་དྲོན་སྒོ་དྲིལ་ནི་རིལ་བུ་དྲིལ་བ། །དྲེད་ལྤགས་ནི་གཅན་གཟན་དྲེད་མོའི་པགས་པ་དྲས་ནི་གྲི་སོགས་ཀྱིས་དྲས་པ་དྲུབས་ནི་ཁབ་ཀྱིས་བཙེམ་པ་དྲེས་མས་ནི་རྩྭ་དྲགས་ནི་ཤུགས་ཐལ་བ། །དྲེད་པོ་ནི་ཆོས་དྲེད་དྲུ་བུའི་ནི་གོས་ཀྱི་ཐུ་ལྗི་དྲ་བར་ནི་དྲྭ་ཕད་དྲངས་ནི་ནང་དུ་འདྲེན་པ། །དྲིལ་བསྒྲགས་ནི་ཁྲིམས་བསྒྲགས་པ་དྲ་མའི་ནི་ཡ་རབས་གནས་སུ་དྲོངས་ནི་འདྲེན་པའི་བསྐུལ་ཚིག །དྲེགས་པ་ནི་ང་རྒྱལ་དྲུངས་ཕྱུང་ནི་རྩ་བ་ནས་བཏོན་པ་ཁ་ཡི་དྲོག་ནི་བེའུ་སོགས་ཀྱི་ཁ་ལ་དྲོག་རྒྱབ་པ། །ནད་དྲག་ནི་ནད་སངས་པ་དྭ་ཕྲུག་ནི་ཕ་མ་མེད་པའི་བུ་ཚ་དྭ་བའི་འབྲུ་ནི་འབྲུའི་བྱེ་བྲག །ཐལ་བའི་དྲགས་ནི་ཚད་ལས་བརྒལ་བ་ལ་སོགས་པ་ད་རྐྱང་ངོ་། །
༈ གདུགས་མེད་ནི་ཉི་གདུགས་མེད་པ་གདོང་པ་ནི་བཞིན་ནམ་ཁ་ངོ་གདུགས་ཀྱིས་གདུངས་ནི་ཉི་མས་ཚིག་པ། །གདོན་ལྟར་ནི་གནོད་པའི་གདོན་ལྟ་བུ་གདུག་པའི་ནི་མ་རུངས་པ་གདོལ་པ་ནི་རིགས་ངན་པ་གདུལ་ནི་ཐུལ་བ། །གདམས་ངག་ནི་མན་ངག་གསལ་གདབ་ནི་དྲན་གསོ་བྱེད་པ་གདིང་བ་ནི་དགེ་སློང་གི་གདན་གདན་ནི་བཞུགས་གདན། །གདུ་བུ་ནི་ལག་གདུབ་གདང་ནི་ཤིང་གི་གདང་བུ་དང་གདུང་མར་ནི་ཁང་པའི་གདུང་མ་གདགས་ནི་བཏགས་པ། །གདུང་རུས་ནི་རུས་བརྒྱུད་སྐད་གདངས་ནི་ངག་གི་དབྱངས་སྐས་ཀྱི་གདང་ནི་འཛེག་སྐས་ཀྱི་གདང་བུ། །གདུང་བརྒྱུད་ནི་རིགས་བརྒྱུད་གདུང་འཛིན་ནི་རིགས་བརྒྱུད་འཛིན་པ་གསོལ་གདབ་ནི་གསོལ་བ་བཏབ་པ་གདོན་ནི་བཏོན་པ། །གཉེར་གདམས་ནི་བཅོལ་གཏམ་བྱེད་པ་བཅོལ་གདམས་ནི་གཉེར་གདམས་བྱེད་པ་རྙེད་ལ་གདུ་ནི་གཉེར་ཚང་སོགས་ཚུར་གདུ་བ་ཐུག་པ་སོགས་གདུ་བ། །མིང་གདགས་ནི་མིང་འདོགས་པའམ་བཏགས་པ་སྙུན་གདངས་ནི་ནད་ལས་གྲོལ་བའི་ཞེ་ས་ས་བོན་གདབ་ནི་བཏབ་པ། །ཁ་གདངས་ནི་ཁ་བརྒྱང་བ་མཚོན་གདེངས་ནི་འཕྱར་བ་གདོན་མི་ཟ་ནི་ཐེ་ཚོམ་མེད་པ། །ད་གདོད་ནི་ད་གཟོད་དམ་ད་ཆར་སོས་གདལ་ནི་གྱི་ནར་གནས་པ་གདེང་ཐོབ་ནི་རང་དབང་ཐོབ་པ་གདའ་ནི་ཡོད་པའམ་འདུག་ཟེར་བ། །གདོས་པ་ནི་གྲུའི་དར་དང་གདོས་བཅས་ཤ་ཁྲག་གི་ལུས་ལའང་གོ་ཐུད་གདར་ནི་མར་དང་ཕྱུ་ར་བསྲེས་པའི་ཐུད་སྲང་ལ་གདེག་ནི་སྲང་ཁར་འཇལ་བ། །གདགས་པའི་བསྟན་བཅོས་ནི་འཇིག་རྟེན་གདགས་པའི་བསྟན་བཅོས་ཀྱི་མིང་གདམ་ང་བྱེད་ནི་འདམ་ཀ་བྱེད་པ། །གདེངས་ཅན་ནི་ཀླུ་སྦྲུལ་གྱི་གདེངས་ཀ་ཅན་གདུལ་བྱ་ནི་སློབ་མ་དམ་ལ་གདགས་ནི་དམ་ལ་བཏགས་པ། །ཁྱབ་གདལ་ནི་སྟོང་ཉིད་གདོད་ནས་ནི་ཀ་ནས་སམ་ཡེ་ནས་གདགས་གཞི་བྲལ་ནི་མིང་བཏགས་པའི་གཞི་མེད་པ། །གདངས་ཅན་ནི་རྒྱ་གར་གྱི་ཁྱིམ་བདག་གདངས་ཅན་གྱི་མིང་ཀུན་ར་ནི་དགེ་འདུན་གྱི་ཀུན་དགའ་རྭ་བ་ལ་སོགས་པ་གས་འཕུལ་བའི་དའོ། །
༈ བདག་ནི་རང་དབང་དང་བདག་འཛིན་བདེན་ནི་རྫུན་པ་མིན་པའི་ངོ་མ་བདུད་ནི་དགའ་རབ་དབང་ཕྱུག་བདུན་ནི་གྲངས་མདུན་དུ་བདར་ནི་དྲུང་དུ་འགྲོ་བའམ་མདུན་དུ་འདུས་པ། །བདེ་ནི་དགའ་བའམ་སྐྱིད་པ་བདོ་ནི་དར་བའམ་རྒྱས་པ་ཟས་བདའ་ནི་རོ་ཞིམ་པའམ་བྲོ་བ་བདུག་སྤོས་ནི་སྤོས་བདུག་ནི་དྲི་བདུག་པའམ་འཐུལ་བ། །བདའ་དེད་ནི་བདའ་གླ་དེད་པ་བདག་པོས་ནི་གཙོ་བོ་བདའ་ཞིང་ནི་རྟ་ནོར་བདའ་བའམ་དེད་པ་བདས་ནི་ཟིན་པ། །བདེ་གཤེགས་ནི་ལམ་བདེ་བ་བྱང་ཆུབ་སེམས་པའི་ཐེག་པ་ལས་འབྲས་བུ་སངས་རྒྱས་ཀྱི་སར་གཤེགས་པ་བདེ་ལེགས་ནི་བཀྲ་ཤིས་པའམ་དགེ་མཚན་བདེན་པ་བདར་ནི་བདེན་སྟོབས་བརྗོད་པ། །གཞུ་བདུངས་ནི་གཞུ་བཀུག་སྟེ་ཐག་པ་སྐྱལ་བ་བདོག་པའི་ནི་ནོར་རྫས་སྐྱེལ་བདར་ནི་དོས་སྐྱེལ་བའི་གླ་བརྔན་བདོག་ནི་མཆིས་པའམ་ཡོད་པ། །བདེན་གཉིས་ནི་ཀུན་རྫོབ་དང་དོན་དམ་བདུད་རྩི་ནི་བདུད་དང་ནད་སོགས་འཇོམས་པའི་བདུད་རྩིར་གྱུར་པའི་སྨན་ཕྱེ་མར་བདར་ནི་ཕྱེ་མར་གཏགས་པའམ་འཐག་པ། །ཕྱག་བདར་ནི་བྱི་དོར་རམ་ཕྱག་བདར་བྱེད་པ་ཕྱི་བདར་ནི་མཆོད་ཁྲི་སོགས་རས་ཀྱིས་ཕྱིས་པ་ལ་སོགས་པ་བས་འཕུལ་བའི་དའོ། །
༈ མདའ་མདུང་ནི་མཚོན་ཆ་མདེའུ་ནི་མདའི་ལྕགས་ལམ་མདོའི་ནི་ལམ་བཞི་མདོ་མདོས་ནི་ཡས། །མདུན་ནི་དྲུང་ངམ་སྡུན་མདོངས་ནི་རྨ་བྱའི་མདོངས་མདོག་ནི་སྐུ་མདོག་མདངས་ནི་བཀྲག་མདངས་མདོར་བསྡུས་ནི་ཉུང་ངུར་བཏུས་པ་མདོ་ནི་མདོ་སྡེ། །མདངས་སང་ནི་མདངས་དགོང་དང་སང་ཉིན་མདོངས་གསོལ་ནི་ངོ་བསྲུང་ར་མདའ་ནི་རོགས་རམ་དང་། །མདུད་པ་ནི་ཐག་པས་མདུད་པ་བཅིངས་པ་ལ་སོགས་པ་མས་འཕུལ་བའི་དའོ། །
༈ མྱ་ངན་འདའ་ནི་འཁོར་བ་ལས་ཐར་བ་འདས་ནི་ཟིན་པ་འདུན་པས་ནི་བློའི་འདུན་པ་འདུད་ནི་ཞབས་ལ་བཏུད་པ། །འདམ་ཁྲོད་ནི་འདམ་རྫབ་ཀྱི་ཁྲོད་འདུར་འདུར་ནི་འགྲོ་ཚུལ་འདོང་ཞིང་ནི་འགྲོ་བ་འདུག་ནི་སྡོད་པ། །འདོམ་དུས་ནི་ཁ་འདོམ་པའམ་གཉིས་འདོམ་སོགས་བྱས་པ་རྗེས་འདེད་ནི་རྗེས་སུ་བསྙེགས་པ་གསོལ་འདེབས་འདོན་ནི་ཁ་ཏོན་བྱེད་པ། །ལྷ་འདྲེ་ནི་མི་མ་ཡིན་ཤིང་འདྲུད་ནི་ས་ལས་འདྲུད་པ་ཁུང་བུ་འདྲུ་ནི་དོང་བརྐོ་བ། །འདུ་བྱེད་ནི་ཕུང་པོ་ལྔའི་ནང་ཚན་འདུས་བྱས་ནི་རྒྱུ་རྐྱེན་ལས་བྱུང་བའི་དངོས་པོའི་ཆོས་འདྲེས་མ་ནི་སྣ་ཚོགས་འདྲེས་མ་འདྲ་ནི་མཚུངས་པ། །འདྲུལ་བའི་ནི་རུལ་བ་གཏམ་འདྲི་ནི་སྐད་ཆ་དྲི་བ་ཡི་གེ་འདྲི་ནི་བྲིས་པ། །འདྲིད་ཅིང་ནི་བསླུ་བའམ་ཁ་འདྲིད་པ་ཁྲིམས་འདྲལ་ནི་ཁྲིམས་ལས་བརྒལ་བ་སྲོག་འདོར་ནི་སྲོག་བཏང་བ་འདར་ནི་སྐྲག་པས་ལུས་འདར་བ། །འདེགས་པ་ནི་གྱེན་དུ་བཏེག་པ་འདི་ནི་ཉེ་བའི་འདི་འདོད་ནི་བློའི་འདོད་པ་འདུལ་བས་ནི་ཆོས་འདུལ་བ་འདུལ་ནི་བཏུལ་བ། །འདམ་བུའི་ནི་འདམ་རྩ་འདམ་མར་ནི་ལོ་མ་འདབ་ཆགས་ནི་བྱ་སྤྱིའི་མིང་འདུ་ནི་ཚོགས་པ། །རི་འདབས་ནི་རི་བོའི་ངོགས་འདོལ་སར་ནི་ས་འཇམ་པ་འདག་གུ་འདག་ནི་སྐྱོ་མ་དང་ཕྱེ་ཐུག་ལྕེས་འདག་པ། །བློ་འདྲོག་ནི་སེམས་སྐྲག་པ་ཞབས་འདྲེད་ནི་འདམ་སོགས་ལས་འདྲེད་རྟགས་ཤོར་བ་འདྲད་ཅིང་འདྲུད་ནི་གཉའ་བར་འདྲད་ནས་འདྲུད་པ། །འདྲེན་པས་ནི་སངས་རྒྱས་ཆོས་འདོམས་ནི་ཆོས་བཤད་པ་དགེ་འདུན་ནི་དགེ་སློང་བཞིའི་ཡན་ཆད་འདུས་ནི་ཚོགས་པ། །འདོ་མེད་ནི་མགོ་མ་འཐོན་པ་འདོམས་སུ་ནི་གསང་གནས་སུ་འདོམ་གང་ནི་ཁྲུ་བཞིའི་ཚད་འདོགས་ནི་བཏགས་པ། །འདོད་ཆགས་ནི་འདོད་པའི་ཡུལ་ལ་ཆགས་པ་འདུ་ཤེས་ནི་བསམ་པ་འདུ་འཛིར་ནི་འཇིག་རྟེན་གྱི་བྱ་བ་ལ་གཡེང་བ་འདྲིས་ནི་གོམས་འདྲིས་བྱེད་པ། །འདྲེག་མཁན་ནི་སྐྲ་བཞར་མཁན་འདེང་ཕྱིར་ནི་འགྲོ་བའི་ཕྱིར་འདོ་རྟ་ནི་རྟ་བཟང་པོ་འདམ་ནི་འདམ་ཀ་བྱེད་པ། །འདས་པོས་ནི་གཤིན་པོ་འདས་ཀྱིས་ནི་གཤིན་པོའི་དགེ་རྩ་འཁོར་འདབས་ནི་ཉེ་འབྲེལ་འདུམས་ནི་འཛོམས་པ། །མིང་འདོགས་ནི་གདགས་ནི་གདགས་པའམ་བཏགས་པ་ཆུ་འདལ་ནི་ཆུ་འཁྱིལ་བ་སྐྱོ་མ་འདལ་ནི་ཕྱེ་ཐུག་སོགས་སླ་བ། །འདག་ཆལ་ནི་ཁྲུས་རྫས་གོ་འདུན་ནི་མང་པོ་ཚོགས་ཤིང་འདུས་པ་དེ་མ་འདྲོག་ནི་སེམས་མ་སྐྲག་པ། །དྲི་མ་འདག་ནི་འདག་པའི་དོན་ལ་སོགས་པ་འས་འཕུལ་བའི་དའོ། །
༈ གྲོང་རྡལ་ནི་ཚོང་དུས་ཆེན་པོ་ཐོག་རྡིབ་ནི་ཁང་པ་རྡིབ་པ་རྡོ་རྗེའི་རྡུལ་ནི་གནམ་ལྕགས། །རྡོ་ནི་ས་ཁའི་རྡོ་རྡེའུ་ནི་རྡོ་རུ་རྡོག་པོ་ནི་ཕོད་རྡོག་གཅིག་ལྟ་བུ་རྡེག་ཀྱང་ནི་རྡོ་སོགས་ཀྱིས་རྡེག་པ་རྡུགས་ནི་ཐབས་རྡུགས་པ་དང་གཞན་ལ་ཐོགས་པ། །རྡུང་འཚོགས་ནི་རྡུང་བཏགས་ཕེབ་རྡོབ་ནི་རོལ་མོ་ཆུང་བ་ཆ་ལང་རྡེབ་ནི་རོལ་མོ་བརྡུང་བ། །གློ་རྡེག་ནི་གློ་ལངས་པ་དང་རཏའི་གློ་སྐྱལ་བ་ལའང་གོ་རྡབ་འཆལ་ནི་ཐོགས་ཏེ་ལུས་ས་ལ་རྡབ་པ་ལུས་རྡོས་ཆེ་ནི་ལུས་བོང་ངམ་གཏོས་ཆེ་བ། །ལག་དུམ་ནི་ལག་པ་ཆད་པ་གློ་རྡོལ་ནི་བུམ་པ་སོགས་ལྟོ་བ་རྡོལ་བ་དབུ་བ་རྡོས་ནི་ཆུའི་ལྦུ་བ་འཐོན་པ། །གྲི་རྡོར་ནི་གྲི་བརྡར་བའི་བསྐུལ་ཚིག་རྡོལ་ཆོས་ནི་སྤྱོད་པ་རྩིངས་པོ་ལ་སོགས་པ་རར་བཏགས་པའི་དའོ། །
༈ མཁའ་ལྡིང་ནི་བྱ་ཁྱུང་འབྲུག་ལྡིར་ནི་འབྲུག་སྐད་སྒྲོག་པ་ལྡབ་ལྡིབ་སྐད་ནི་ལྕེ་མི་བདེ་བ། །ལྡ་ལྡི་ནི་ཆོས་རྫས་དར་གྱི་ལྡ་ལྡི་ལྡེ་མིག་ནི་སྒོ་ལྕགས་ཀྱི་འབྱེད་བྱེད་ཡོད་པའི་ལྡན་ནི་མཆིས་པའི་དོན། །མགོ་ལྡོག་ནི་མགོ་མཇུག་ལོག་པ་ལྟོ་ལྡིར་ནི་ལྟོ་བ་བུམ་པའི་དབྱིབས་ལྟ་བུ་ལྡུར་ལྡུར་ནི་ཆུས་བང་ནས་ལྡར་ལྡུར་སོང་བ་ལྡུགས་ནི་བླུགས་པ། །སེང་ལྡེང་ནི་ཤིང་བྱེ་བྲག་པ་ལྡེམ་ལྡེམ་ནི་གཟུགས་ཀྱི་རྣམ་འགྱུར་ལྡེར་བཟོའི་ནི་འཇིམ་བཟོ་ལྡེབས་ནི་ལག་ཆ་ལྡེབས་ཞོག་དང་བྱང་ལྡེབས་ལའང་གོ །ལྡོང་རོས་ནི་ཚོན་ངད་ལྡང་ནི་དྲི་འཐུལ་བ་ལྡེ་གུ་བྱུག་ནི་སྨན་བྱུག་པ། །འཇུག་ལྡོག་ནི་ནང་དུ་འཇུག་པ་དང་ཕྱིར་ལྡོག་པ་ལྡོབས་སྐྱེན་ནི་དཔེ་ཆ་སོགས་ཤེས་སླ་བ་ཕྱིར་མི་ལྡོག་ནི་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པ། །སྐོམ་ལྡུད་ནི་བཏུང་བ་བླུད་པའམ་བྱིན་པ་མེ་ལྡེ་ནི་དང་ཉི་མ་བསྲོ་བ་མིང་གི་ལྡེ་ནི་ཁྲི་སྲོང་ལྡེའུ་བཙན་ལྟ་བུ། །ལྡུམ་རའི་ནི་སྐྱེད་ཚལ་ལྡུམ་བུ་ནི་མེ་ཏོག་གི་ལྗང་བུ་ལྡབ་ལྡོབ་ནི་སྔོ་ཚོད་དང་། །བཅོམ་ལྡན་ནི་བཞི་བཅོམ་དྲུག་ལྡན་ལྡེམ་དགོངས་ནི་དྲང་པོ་མ་ཡིན་པ་དགོངས་པ་ཅན་གྱི་གསུང་དྲིས་ལན་ལྡོན་ནི་དྲིས་པའི་ལན་བརྗོད་པ། །བསྐྱར་ལྡབ་ནི་ཡང་བསྐྱར་བརྗོད་པ་ཉིས་ལྡབ་ནི་ཉིས་འགྱུར་ལྷག་མ་ལྡས་ནི་ལྷག་ལུས་པ། །ལྡན་པའི་སོ་ལྡེག་ནི་སོ་རྒྱབ་པ་མིག་ཀྱང་ལྡོངས་ནི་མིག་ལོང་པ། །ནེའུ་ལྡང་ནི་ན་ཚོད་མཉམ་པ་ལྡོམ་བུ་ནི་བསོད་སྙོམས་པ་སྟན་ལས་ལྡང་ནི་ཡར་ལངས་པ། །ལྡང་ཚད་ནི་བསྟན་བཅོས་ཀྱི་ལྡང་ཚད་ལ་སོགས་ལར་བཏགས་པའི་དའོ། །
༈ ཞེ་སྡང་ནི་ཁོང་ཁྲོ་སྡང་མིག་ནི་ཞེ་སྡང་ལངས་པའི་མིག་སྡིགས་མཛུབ་ནི་ལག་པའི་ཕྱག་རྒྱ་སྒྲེང་བ་སྡིགས་ནི་གཞན་སྐྲག་ཏུ་བཅུག་པ། །སྡར་མ་ནི་སྙིང་སྟོབས་ཆུང་བ་བདེ་སྡུག་ནི་ལེགས་ཉེས་དགེ་སྡིག་ནི་སྤང་བླང་སྡོམ་ནི་གཅིག་ཏུ་སྡོམ་པ། །སྡིངས་ཀྱི་ནི་དབུས་ཀྱི་མིང་སྡོང་པོ་ནི་ཤིང་ཆེན་པོའི་སྡོང་བོ་སྡོང་བུ་ནི་ཤིང་ཆུང་ངུ་སྡེ་ནི་མང་དུ་ཚོགས་པའི་སྡེ། །སྲོག་དང་སྡོ་ཞིང་ནི་སྲོག་ལ་འཛེམས་པ་མེད་པ་སྡེ་ཚན་ནི་སོ་སོའི་སྡེ་ཚན་སྡེབ་ནི་རིགས་མཐུན་པའི་ཕྱོགས་སུ་སྡེབ་པ། །སྲོག་ཆགས་སྡོམ་ནི་ཁ་ཆུ་དྲྭ་བ་ཅན་སྡིག་ནི་སྡིག་པར་ཙ་སྡེར་མོ་རྣོ་ནི་གཅན་གཟན་གྱི་སྡེར་མོ་རྣོ་བ། །སྡོམ་པ་ནི་སོ་ཐར་བྱང་སེམས་སྔགས་སྡོམ་སྟེ་གསུམ་བསྲུང་སྡོམ་ནི་དེ་དག་ལས་བྱུང་བའི་བསྲུང་བྱ་དམ་ཚིག་གི་སྡོམ་པ་སྡོད་གནས་ནི་སྡོད་ས་སྡོད་ནི་འདུག་པ། །སྡེབ་སྦྱར་ནི་ཡི་གེའི་སྦྱོར་བ་མཛེས་སྡུག་ནི་བལྟ་ན་སྡུག་པ་ནོར་སོགས་སྡུད་ནི་བུ་ལན་སོགས་ཚུར་སྡུད་པར་བྱེད་པ། །སྡུམ་པར་ནི་རང་ཁྱིམ་མཆོད་སྡོང་ནི་གཙུག་ལག་ཁང་སྡོམ་བུས་བསྐོར་ནི་ཁང་པས་བསྐོར་བ། །སྡེར་མའི་ནི་སྣོད་སྡེར་མ་དག་པ་ཟེར་བ་ཐུག་སྡོར་ནི་ཐུག་པའི་ཚོད་རྡོག་ལག་པས་སྡོམ་ནི་བསྡམ་པ། །བཀའ་སྡོད་ནི་རྒྱལ་བའི་བཀའ་ལ་གནས་ཤིང་སྡོད་པའི་སྲུང་མ་སྡེ་སྣོད་ནི་འདུལ་བ་མདོ་སྡེ་མངོན་པ་གསུམ་ལ་སོགས་པ་སར་བཏགས་པའི་དའོ། །
༈ གྲི་བརྡར་ནི་བརྡར་ཟིན་པ་བརྡེག་འཆོས་ནི་བརྡུང་བརྟགས་བརྡུང་བྱ་ནི་འབྲས་སོགས་བརྡུངས་ནི་ཟིན་པ། །ཁ་བརྡར་ནི་རྩོད་པའི་ཚིག་བླ་བརྡོལ་ནི་བབ་ཅོལ་ཆལ་བརྡབ་ནི་ས་རྡོ་སོགས་ལ་ཐོགས་ཏེ་སྒྱེལ་བ་བརྡབས་ནི་ས་ལ་བརྡབ་པ། །རྔ་བརྡུང་ནི་བྱ་བ་བྲོ་བརྡུང་ནི་ཁྲབ་པ་གོ་བྱེད་བརྡ་ནི་ལུང་སྟོན་པ། །ཆལ་མར་བརྡལ་ནས་ནི་ཐང་ལ་བཀྲམ་པ་བརྡུལ་ཞིང་ནི་བཏུལ་བ་བརྡེག་ནི་དབྱུག་པས་བརྡེག་པ། །ལ་སོགས་པ་བས་འཕུལ་བའི་ར་མགོ་ལྡན་པའི་དའོ། །
༈ བལྡབས་ནས་ནི་ཡང་བསྐྱར་བལྡག་པ་ནི་ལྕེས་བལྡག་པ་བལྡེག་ཅིང་ནི་སོས་མུར་བ་བལྡད་ནི་བ་གླང་གི་བལྡད་རྒྱབ་པ། །ལ་སོགས་པ་བས་འཕུལ་བའི་ལ་མགོ་ལྡན་པའི་དའོ། །
༈ བསྡུ་བྱ་ནི་དངོས་པོ་བསྡུ་ནི་བྱ་བ་བསྡུད་ནི་ཟིན་པ་བསྡུར་ནས་ནི་ཕན་ཚུན་གོ་བསྡུར་བྱས་པ་བསྡད་ནི་སྡོད་ཟིན་པ། །ཉེས་བསྡམས་ནི་སྡོམ་ཟིན་པ་བསྡོམས་ནས་ནི་ཕྱོགས་གཅིག་ཏུ་སྡོམ་ཟིན་པ་སྲོག་དང་བསྡོས་ནི་སྲོག་ལ་མ་འཛེས་པ། །འོག་བསྡོགས་ནི་བསམ་གཏན་ཉེར་བསྡོགས་ནི་སྟ་གོན་གཞན་ལ་བསྡིགས་ནི་གཞན་ལ་སྐྲག་ཏུ་བཅུག་ཟིན་པ། །གྲོགས་དང་བསྡོངས་ནི་གྲོགས་དང་འགྲོགས་ཟིན་པ་བསྡེབས་ནི་གཅིག་ཏུ་སྡེབ་ཟིན་པ་སྣ་ཐག་བསྡོགས་ནི་གཞན་དབང་དུ་མ་སོང་བར་རང་ཐག་བཅད་ཟིན་པ། །འགལ་བསྡུམས་ནི་ཤིང་གི་ཚིག་རོ་ལ་སོགས་པ་བས་འཕུལ་བའི་སར་བཏགས་པའི་དའོ། །
༈ ཕན་གནོད་ནི་མཐུན་དང་མི་མཐུན་པའི་རྐྱེན་གནས་སྐབས་ནི་དུས་གནང་བཀག་ནི་དགེ་སྡིག་གནད་ནི་དོན་གྱི་གནད། །གནོད་སྦྱིན་ནི་ཛམྦྷ་ལ་སོགས་གནག་ཕྱུགས་ནི་འབྲོག་པའི་ནོར་ཕྱུགས་གནམ་ལྟར་ནི་ནམ་མཁའ་འདྲ་བ་གནག་ནི་ཁ་དོག་ནག་པོ། །གནས་བརྟན་ནི་འཕགས་པའི་གནས་བརྟན་ཉེར་གནས་ནི་རིམ་གྲོ་པའམ་ཞལ་ཏ་པ་གནས་ཁང་ནི་ཁང་ཁྱིམ་གནས་ནི་ཡོད་པ། །གནོད་བྱེད་ནི་དགྲ་བགེགས་ཟིལ་གནོད་ནི་དབང་གིས་སྡུད་པ་གནའ་མི་ནི་སྔོན་གྱི་མི་གནུབས་ནི་རུས་ཀྱི་མིང་། །ཞི་གནས་ནི་བསམ་གཏན་གནས་འགྱུར་ནི་སྔ་མ་ལས་གཞན་དུ་འགྱུར་བ་གནས་ལུགས་རྟོགས་ནི་ཆོས་ཉིད་ཇི་ལྟ་བར་མཁྱེན་པ། །གནངས་གཞེས་ནི་གནངས་ཚེ་གཞེས་ཚོ་ཟེར་བ་གནམ་རུ་ནི་གཞུ་རྐང་པས་གནོན་ནི་མནན་པ། །ཞེ་གནོང་ནི་ནོར་བ་གནད་གཅོད་ནི་འཆི་ཁའི་སྡུག་བསྔལ་གནས་ངན་ལན་ནི་སྐྱེ་གནས་ངན་པ་ལེན་པ། །གནོད་གནས་ནི་གནོད་སྦྱིན་ལ་སོགས་པ་གས་འཕུལ་བའི་ནའོ། །
༈ མནལ་གཟིམ་ནི་གཉིད་ལོག་པའི་ཞེ་ས་མནའ་མ་ནི་བག་མའམ་ཆུང་མ་འགོ་ཏུ་མནན་ནི་ལྗིད་ཀྱིས་མནན་པ། །མནབ་རྩལ་ནི་ཁ་ཟས་དྲི་མནམ་ནི་དྲི་ཚོར་བ་མནར་མེད་ནི་དམྱལ་བ་མནར་ནི་སྡུག་བསྔལ། །མནར་སེམས་ནི་ངན་སེམས་ཟས་མནོག་ནི་ཟས་གྱ་ནོམས་པ་མནོག་ཆུང་བ་ནི་ཁེ་ཆུང་བ། །མནོལ་རི་ནི་གཅིག་གིས་གཅིག་སྒྲིབ་པ་མནའ་བསྐྱལ་ནི་བྲོ་བོར་བ་ན་བཟའ་ནི་དགོས་ཀྱི་ཞེ་ས་མནབས་ནི་བཀླུབས་པ་གྱོན་པ། །མནོ་བསམ་ནི་བསམ་བློ་མནོས་ནི་བསམ་བློ་བཏང་བ་ལ་སོགས་པ་མས་འཕུལ་བའི་ནའོ། །
༈ རྣམ་ཤེས་ནི་ཚོགས་དྲུག་གམ་བརྒྱད་རྣོན་པོའི་ནི་དབང་པོ་དང་མཚོན་ཆ་སོགས་རྣོ་བ་རྣལ་འབྱོར་ནི་ཆོས་ཉིད་རྣལ་མའི་དོན་འབྱོར་བ་རྣམས་ནི་མང་ཚིག །རྣམ་རྟོག་ནི་ཀུན་རྟོག་རྣམ་གྲངས་ནི་དབྱེ་བ་རྣམ་པ་མང་ནི་རྣམ་པ་སྣ་ཚོགས། །རྣ་གཤོག་ནི་རིགས་ལྔའི་རྣ་གཤོག་རྩེ་རྣོ་ནི་རྩེ་མོ་རྣོ་བ་རྣལ་མའི་དོན་ནི་མ་བཅོས་པའི་དོན། །ཁུག་རྣ་ནི་ས་སྨུག་གམ་ན་བུན་རྣག་ཁྲག་ནི་ལུས་ཀྱི་རྣག་ཁྲག་ཞིང་རྣང་མ་ནི་ཞིང་ལ་ཆུའི་རྣང་ངམ་ཡུར་བ་འཐེན་པ། །ཚིག་ཕྲད་ནི་རྗེས་འཇུག་ལ་ལྟོས་པའི་ཚིག་ཕྲད་རྣམ་པར་ནི་ངེས་པ་ལ་སོགས་པ་རར་བཏགས་པའི་ནའོ། །
༈ སྣར་མ་སྣྲོན་སྣུབས་གསུམ་ནི་རྒྱུ་སྐར་སྣག་ཚ་སྣུར་ནི་སྣག་ཚ་བཏུལ་བ། །སྣང་བ་ནི་མཐོང་སྣང་སྣ་ཚོགས་ནི་དུ་མ་ཚོགས་པ་སྣ་ཡི་ནི་སྣོམ་བྱེད་སྣ་སྣབས་ནི་མི་གཙང་སྣབས་ལུད། །སྣམ་བུའི་ནི་གོས་ཀྱི་བྱེ་བྲག་སྣམ་སྦྱར་ནི་སྣམ་ཕྲན་དང་གླེགས་བུ་དུ་མར་སྦྱར་བའི་ཆོས་གོས་རྣལ་མའི་ནི་འཐག་གི་སྐུད་པ་སྣེ་ནི་རྩེ་མོ། །བར་སྣང་ནི་བར་སྟོང་པ་སྣང་གསལ་ནི་སྒྲོན་མེ་སྣུམ་ནི་མར་ཁུ་དྲི་སྣོམ་ནི་དྲི་མ་དཀུ་བ། །ལམ་སྣར་ནི་སྣ་ཁྲིད་སྣ་བོའི་ནི་གཙོ་བོ་སྣག་དབོན་ནི་སྦུན་ཆ་རྒན་པ་སྣང་ནི་མཐོང་བའམ་ཡོད་པ། །ལྟར་སྣང་ནི་དངོས་མ་ཡིན་པ་སྣ་མང་ནི་སྣ་ཁག་མང་བ་སྣྲེལ་ཞི་ནི་མགོ་ཐུར་དུ་བསྟན་པ་སྣོད་ནི་སྣོད་ཆས། །ཡུག་སྣམ་ནི་སྣམ་བུ་ཡུག་སྣམ་ཕྲན་ནི་ཆོས་གོས་ཀྱི་གླེགས་འཐུད་སྣ་མ་ནི་ཛ་ཏིའི་མེ་ཏོག་སྣེའུ་ནི་སྔོ། །སྣད་ཡར་ནི་གྲིས་གཏུབ་ཚེ་ཡར་བ་སེར་སྣའི་ནི་ཕངས་སྟེ་གཏོང་མི་ཕོད་པ་སྣོན་མར་ནི་ཁ་སྐོང་སྣོམས་ནི་བསྣན་པ་རྒྱབ་ཅེས་པའི་བསྐུལ་ཚིག །རྒྱབ་ཀྱི་སྣམ་ལོགས་ནི་འོད་འཁོར་དང་རྒྱབ་གཡོགས་ལ་སོགས་པ་སར་བཏགས་པའི་ནའོ། །
༈ བརྣབ་སེམས་ནི་གཞན་ནོར་ཆགས་པ་ལྟོ་ལ་བརྣན་ཡང་ནི་ཟས་ལ་ནན་གྱིས་ཆགས་པ་བརྣངས་ནི་ཟས་ཀྱིས་མིད་པ་དགག་པ། །བརྣག་དཀའི་ནི་བཟོད་དཀའ་བའི་དོན་བརྣག་པས་ནི་བསམ་པ་མདུན་དུ་བརྣུར་ནི་ཚུར་འཐེན་པ། །སྦས་པའི་བརྣོགས་ནི་ལྐོག་ཏུ་སྦས་པ་དང་ངེས་བཟུང་བརྣན་ནི་ནན་གྱིས་དམིགས་སུ་བཀར་བ། །ལ་སོགས་པ་བས་འཕུལ་བའི་ར་མགོ་ལྡན་པའི་ནའོ། །
༈ གནད་བསྣུན་ནི་བྱ་བ་གནད་དུ་བསྣུན་པ་མཚོན་བསྣུན་ནི་མཚོན་རྒྱབ་པ་ནུ་མ་བསྣུན་ནི་འོ་མ་འཇོ་བ། །སྲོལ་བསྣུབས་ནི་ལུགས་སྲོལ་སྣུབ་ཟིན་པ་གོང་འོག་བསྣོར་ཞིང་ནི་དཀྲུགས་པའམ་ནོར་བ་བསྣོལ་ནི་ཕན་ཚུན་རྒྱབ་འགལ། །མཚོན་བསྣམས་ནི་ཕྱག་ཏུ་བཞེས་པ་དུས་བསྣུར་ནི་དུས་སྟུང་བའམ་ཉེ་པར་འཐེན་པ་ཞིབ་མོར་བསྣུར་ནི་ཞིབ་ཏུ་བཏུལ་བ། །མཇུག་བསྣར་ནི་མཇུག་མ་རིང་དུ་བསྣར་བ་དྲི་བསྣམས་ནི་དྲི་སྣོམ་ཟིན་པ་ནེམ་ནེམ་བསྣེམས་ནི་ས་འཇམ་པོ་དང་གདན་འབོལ་སོགས་མནན་པ། །མང་དུ་བསྣན་ནས་ནི་ཁ་སྐོང་མང་དུ་བྱེད་པ་འདྲེས་པར་བསྣོས་ནི་ཕན་ཚུན་འདྲེས་པར་བསྲེས་པ། །ལ་སོགས་པ་བས་འཕུལ་བའི་ས་མགོ་ལྡན་པའི་ནའོ། །
༈ པང་པར་ནི་ཐུ་བའམ་ཕང་པ་པར་པུར་ནི་སྣོད་སྡེར་མ་ལྟ་བུ་པི་ཝང་འཛིན་ནི་རྒྱུད་མངས་སམ་སྒྲ་བརྙན་བཟུང་བ། །གཅིག་པུར་ནི་གྲོགས་མེད་རྐྱང་པ་པིར་གྱིས་ནི་ཚོན་གྱི་པི་རི་པ་ཏྲ་བྲིས་ནི་རི་མོ་བྲིས་པ། །པུ་ཤུའི་ནི་མདའ་ཡབ་བམ་ལན་ཀན་པུ་ཤུད་ནི་བྱ་འདྲེ་ཏོ་ཟེ་མ་པུར་གྱིས་པུར་ནི་སྤར་གྱིས་འཕུར་བ། །པུཎྜྻ་རཱི་ཀ་ནི་པདྨ་དཀར་པོ་པི་པཱི་ལིང་ནི་དྲོད་ཀྱི་སྨན། །པ་ཤི་ནི་རྒྱ་ནག་གི་སྐད་དུ་བཙུན་པའམ་མཁས་པའི་མིང་པདྨ་ནི་ཆུ་སྐྱེས་སམ་འདབ་བརྒྱ་པ་པ་ལ་ཤ་ནི་རྒྱ་སྐྱེགས་ཤིང་། །པུས་བཙུགས་ནི་པུས་མོ་ས་ལ་བཙུགས་པ་པོག་པོར་ནི་སྤོས་ཕོར་ག་པུར་འཐུལ་ནི་དྲི་བཟང་པོའི་ངད་ལྡང་བ། །པར་མའི་ནི་དཔེ་ཆ་སྤར་མ་པོ་ཏི་ནི་གླེགས་བམ་པཎྜྻི་ཏ་ནི་ལྔ་རིག་སྨྲ་བའི་མཁས་པ། །ཟེ་པྲོག་ནི་སྒོ་ལྕགས་ཀྱི་ཟེ་པྲོག་བྱའི་ཟེ་ཏོ་ལའང་བཤད་པྲོག་ཞུ་ནི་དབུ་རྒྱན་འོག་པག་ནི་སྐ་རགས་རྒྱན་ཅན་དང་། །པུར་ཁང་ནི་རོ་ཁང་གི་ཞེ་ས་པར་ཏང་ནི་གྲུམ་རྩེ་གདན་པོ་ཏ་ལ་ནི་རི་བོ་གྲུ་འཛིན། །པུ་ས་ལ་ནི་སྨན་འུ་སུ་པུ་ཤེལ་ཙེ་ནི་སྨན་གྱི་བྱེ་བྲག །པ་སངས་ནི་གཟའ་པྲ་ཕབ་ནི་མར་མེ་དང་མེ་ལོང་ལ་བརྟེན་པའི་མོ་པྲི་ཡང་ཀུ་ནི་གླིང་དང་སྔོ་སྨན་ལ་འཇུག །པགས་པ་ནི་སེམས་ཅན་གྱི་པགས་པ་ལག་པོད་ནི་ལག་ཚབ་ཀྱི་དོན་པོ་ཟོས་ཀྱང་ནི་ཇི་ལྟར་ཐོགས་ཀྱང་། །པར་གྱིས་འཕར་ནི་འཕར་ཚུལ་ལ་སོགས་པ་རྐྱང་ངོ་། །
༈ དཔག་ཚད་ནི་རྒྱང་གྲགས་བརྒྱད་རྗེས་དཔག་ནི་ལྐོག་འགྱུར་རིག་པས་དཔག་པ་དཔག་བྱ་ནི་རྗེས་དཔག་གི་ཡུལ་དཔོག་ནི་བློས་གཞལ་བ། །རྒྱལ་པོས་དཔྱ་ཁྲལ་ནི་ཁྲལ་འཇལ་དཔྱང་ཐག་ནི་ཐག་པ་དཔྱངས་ནི་ཐུར་དུ་འཕྱང་བ། །དཔག་མེད་ནི་གཞལ་དུ་མེད་པ་དམག་དཔུང་ནི་དཔུང་བཞིའི་དམག་ཚོགས་དཔུང་བུ་ཆུང་ནི་རྐང་དམག །དཔེར་ན་ནི་བརྗོད་བྱའི་དོན་མཚོན་པའི་དཔེ་དཔེ་བྱེད་ནི་བརྒྱད་ཅུ་དཔེ་བྱ་ནི་མཚོན་བྱ་དཔེན་ནི་མཛེས་པའམ་ཡིད་དུ་འོང་བ། །རྣམ་དཔྱོད་ནི་བློ་གྲོས་རྟོག་དཔྱོད་ནི་བློས་བཅད་པ་བརྟག་དཔྱད་ནི་རིག་པས་བརྟག་པ་དང་། །རྗེ་དཔོན་ནི་དཔོན་པོ་སློབ་དཔོན་ནི་བླང་དོར་གྱི་གནས་སྟོན་མཁན་སེམས་དཔའ་ཆེ་ནི་སྙིང་སྟོབས་ཆེ་བའི་ཐེག་ཆེན་གྱི་གང་ཟག །དཔྱིད་དུས་ནི་ཤིང་རྩི་ཁ་འབུས་ཀྱི་དུས་དཔྲལ་བ་ནི་ཐོད་པ་དཔྱི་མགོ་ནི་སྟ་ཟུར་དཔྱོངས་ནི་འཕྱང་བའི་བསྐུལ་ཚིག །ཤིང་ང་དཔུང་བཅད་ནི་དགེ་སླང་མའི་གོས་དཔུང་རྒྱན་ནི་དཔུང་པའི་རྒྱན་དང་། །དར་དཔྱངས་ནི་དར་ཐུར་དུ་འཕྱང་བ་དཔངས་མཐོ་ནི་རི་རྒྱལ་ལྟར་མཐོ་བ་དཔག་བསམ་ཤིང་ནི་ཡོངས་འདུ་ས་བརྟོལ། །དཔའ་བོ་ནི་སྙིང་སྟོབས་ཅན་དཔའ་བའི་ནི་དྲག་ཤུལ་གྱི་ཉམས་དཔང་པོས་ནི་གཉའ་བའམ་འཛོམ་དཔང་དཔོད་ནི་ཡི་གེ་སོགས་སྤོ་བ། །གསོ་དཔྱད་ནི་ནད་ཀྱི་གཉེན་པོ་དཔྱིས་ཕྱིན་ནི་མཐར་ཕྱིན་པ་དཔྱས་མི་འདོགས་ནི་སྐྱོན་མི་བཏགས་པ། །དཔལ་ལྡན་ནི་འབྱོར་ལྡན་དཔང་ལོ་ནི་དཔང་སྟོན་ལོ་ཙྭ་བ་ལ་སོགས་པ་དས་འཕུལ་བའི་པའོ། །
༈ ཕ་སྤད་ནི་ཕ་བུ་སྤུན་ཟླ་ནི་སྤུན་ཆ་སྤང་བྱ་ནི་སྡིག་པ་སྤངས་ནི་ཟིན་པ། །སྤྲང་པོའི་ནི་སློང་མོ་བ་སྤར་མོར་ནི་ལག་པའི་མཐིལ་སྤ་དབྱུག་སྤྲད་ནི་མཁར་རྒྱུགས་ལག་ཏུ་སྤྲོད་པ། །སྤོས་ནི་བདུག་སྤོས་སྤྲིན་ནི་ཆུ་འཛིན་སྤྲོ་ནི་འོད་སྤྲོ་བ་སྤྲོས་ནི་བློའི་སྤྲོས་པ་དང་འོད་སྤྲོས་ཟིན་པ་ལོངས་སྤྱོད་ནི་འདོད་ཡོན་སྤྱོད་ནི་རོལ་བའམ་སྤྱད་པ། །སྤང་སྤོས་ནི་བསངས་རྫས་སྤར་ནི་མེ་ལ་སྤར་བ་སྤོར་ནི་བསྐུལ་ཚིག་སྤེན་ནི་རྩི་ཤིང་སྤེན་ནེ་སྤྱིལ་ནི་རྩ་དང་ལོ་མའི་སྤྱིལ་བུ་སྤྲོ་ནི་སེམས་སྤྲོ་བ། །སྤེན་ཏོག་ནི་རྒྱན་ཆ་སྤུག་གིས་ནི་རིན་པོ་ཆེ་སྤུད་པས་ནི་སྤྲས་བའམ་བརྒྱན་པ་སྤ་ནི་ངོམ་པའམ་མཛེས་པ། །གནས་སྤར་ནི་གོང་དུ་འཕོ་བ་བྱ་སྤུར་ནི་འཕུར་བ་གཞན་དུ་སྤགས་ནི་ས་གཞན་དུ་འགྲོ་བ། །མགོ་སྤུ་ནི་སྐྲ་སྤྲུག་ནི་གོས་ཀྱི་ཐལ་རྡུལ་སྤྲུག་པ་སྤྲུགས་ནི་ཟིན་པ་ཐགས་ཀྱི་སྤུན་ནི་རྒྱུ་མིན་པའི་སྤུན། །སྤེའུའི་ནི་ལྷ་ཁང་གི་སྤེན་རྒྱ་གཅེས་སྤྲས་ནི་གཅེས་འཛིན་སྤྱད་དངོས་ནི་བཅའ་ཆས་སྤེལ་ནི་མང་དུ་སྤེལ་བ། །སྤ་མ་ནི་ལ་ཁའི་ཤིང་སྤྲུ་་མ་ནི་སྔོ་སྨན་སྤྲ་བ་ནི་མེ་ལྕགས་ཀྱི་རྩྭ་སྤུངས་ནི་གཅིག་ཏུ་སྡུད་པ། །སྤྲ་ཆལ་ནི་འཆོལ་གཏམ་ཁ་མང་བ་སྤོད་ནི་ཤ་སྨན་དང་ཞོ་སྤྲིས་ནི་ཞོ་དང་འོ་མའི་ཞག་སྤགས་ནི་ཟན། །འཐབ་མོར་སྤྲད་ནི་འཐབ་འཛིང་བྱེད་པ་སྤྲོད་ནི་ལག་ཏུ་སྤྲོད་པ་སྤྱོས་ནས་ནི་བཀའ་བཀྱོན་ནམ་གཤེ་བའི་ཚིག་སྤྱུགས་ནི་མཐར་སྤྱུགས་པ། །སྤྱི་སྒོས་ནི་སྤྱི་དང་ཁྱད་པར་སྤེལ་མར་ནི་འདྲེས་མ་འཕྲིན་སྤྲིང་ནི་ཡི་གེའམ་ཐེན་བཏང་བ་སྤྲིངས་ནི་ཟིན་པ། །མུན་སྤྲུལ་ནི་བླུན་པོ་སྤོང་བ་ནི་ངན་སྤྱོད་སྤོང་བ་སྤོངས་སྤྱོད་པ་ནི་མུ་སྟེགས་ཀྱི་བྱེ་བྲག །ཚུར་སྤྱོན་ནི་སྤྱན་འདྲེན་པའི་བསྐུལ་ཚིག་དཀའ་སྤྱད་ནི་དཀའ་ཐུབ་ཆོས་སྤྱོད་ནི་ཡི་གེ་བྲི་མཆོད་སོགས་བཅུ་སྤོར་ནི་མང་དུ་སྤེལ། །སྤྲོས་བྲལ་ནི་སྤྲོས་པའི་མཐའ་དང་བྲལ་བ་སྤྲུལ་པ་ནི་རྣམ་འཕྲུལ་གཟའ་སྤེན་པ་ནི་རེས་གཟའ། །གོས་སྤོ་ནི་བརྗེ་བ་ཆུར་སྤྱིངས་ནི་ཆུ་ལ་བྱིང་བའམ་ནུབ་པ་སྤྲ་ཚིལ་ནི་སྦྲང་རྩིའི་སྙིགས་མ་སྤྱིན་ནི་སྦྱར་བྱེད། །ཁེ་སྤོགས་ནི་ཚོང་གི་ཁེ་སྤོགས་སྤྱང་ཀི་ནི་གཅན་གཟན་སྤྲ་ནི་སྤ་དཀར་ཟེར་བ་སྤྲེའུ་ནི་དེ་ལས་ཆུང་བ་སྤྲ་དམར་ཟེར་བ། །སྤྱང་པོའི་ནི་རིག་པ་གྲུང་པོ་སྤོབས་པས་ནི་མི་ཞུམ་པ་དགེ་མི་སྤྱོམས་ནི་དགེ་བས་མི་ངོམ་པ། །སྤྱི་བླུགས་ནི་སྣོད་རིལ་བའམ་ཆབ་ཁ་སྤུབ་ནི་སྣོད་ཁ་སྤུབ་པ་རྒྱན་གྱིས་སྤྲས་ནི་སྤུད་པའམ་བརྒྱན་པ། །སྤྱི་བོ་ནི་སྤྱི་གཙུག་རྡུལ་སྤྲུགས་ནི་གོས་གསིག་པ་རྡུལ་གྱི་སྤབས་ནི་དྲི་མའམ་དྲེགས་པ། །སྤྱོད་པ་ནི་ལུས་ངག་གི་སྤྱོད་པ་སྤ་བཀོང་ནི་ཕ་རོལ་པོ་སྐྲག་ཏུ་བཅུག་པ་རི་ཡི་སྤོ་ནི་རིའི་རྩེ་མོ། །མིག་གི་སྤྱན་ནི་མིག་གི་ཞེ་ས་ལ་སོགས་པ་སར་བཏགས་པའི་པའོ། །
༈ སྟག་ལྤགས་ནི་གཞི་དང་འབྲེལ་ན་ལ་མགོ་ཅན་དང་གཞི་དང་འབྲེལ་ཀྱང་དྲུག་སྒྲ་ཡོད་ན་པ་རྐྱང་དང་གཞི་དང་མ་འབྲེལ་བའི་མིང་རྐྱང་ལ་པ་རྐྱང་ངོ་ལ་སོགས་པ་ལར་བཏགས་པའི་པའོ། །
༈ ཕང་པར་ནི་པང་པར་ཕུན་ཚོགས་ནི་ཕུན་སུམ་ཚོགས་པ་ཕུན་ཚུགས་ཤིང་ནི་གཞི་ཚུགས་པ། །ཕྲུ་གུ་ནི་བུ་ཚ་དང་ཕྲད་ནི་ཕན་ཚུལ་མཇལ་རྡུལ་ཕྲན་ནི་རྡུལ་ཕྲ་མོ་ཕྲ་ནི་ཧ་ཅང་ཕྲ་བ། །བརྒྱ་ཕྲག་ནི་གྲངས་ཕྱང་ཕྲུལ་ནི་རྒྱན་ཆ་ཕྱལ་ནི་གྲོད་པའམ་ལྟོ་བ་ཕྱང་ངེ་ནི་འཇོལ་ལེ་བ། །ཕྱུག་པོའི་ནི་འབྱོར་ལྡན་ཕྱིར་དུ་ནི་ཆེད་དུ་ཕྱོགས་བཅུར་ནི་ཤར་ལ་སོགས་པའི་ཕྱོགས་ཕྱིན་ནི་འགྲོ་བའམ་སོང་བ། །ཕྱག་དར་ནི་བྱི་དོར་ཕྱི་སའི་ནི་མི་གཙང་བ་ཕྱེ་མ་ནི་སྨན་སོགས་ཀྱི་ཕྱེ་མ་ཕྱེ་ནི་རྩམ་པ། །ཕྱྭ་མཁན་ནི་གཡང་དགུག་པོའམ་མོ་འདེབས་མཁན་ལའང་གོ་ཕོངས་པས་ནི་དབུལ་པོ་ཕྱིང་རུལ་ནི་བལ་གྱི་ཕྱིང་ཕ་རལ་བ་ཕྱར་ནི་གནམ་དུ་ཕྱར་བ། །ཕྱི་བདར་གྱིས་ཕྱིས་ནི་རས་སོགས་ཀྱིས་དྲི་མ་ཕྱིས་པ་ཕྱོགས་མས་ཕྱོགས་ནི་གད་བདར་བྱེད་པ། །ནམ་ཕྱེད་ནི་མཚན་དགུང་ཕྱེན་གཏོང་ནི་འོག་རླུང་བཏང་ཕྱི་རྡོ་ཕང་ནི་རྒྱབ་ལ་རྡོ་རྒྱབ་པ། །དབང་ཕྱུག་ནི་ལྷ་ཆེན་པོ་དབུགས་ཕྱུང་ནི་དབུགས་འབྱིན་པ་སྒོ་ཕྱེ་ནས་ནི་ཁང་པའི་སྒོ་ཕྱེ་བ། །ཕྱགས་ལྷམ་ནི་ཐལ་རྡུལ་སྐྱབས་བྱེད་ཀྱི་ལྷམ་མམ་རྡུལ་ཕྱགས་བྱེད་ཀྱི་རས་འཇུག་ཕྲན་ཚེགས་ནི་ཕྲན་བུ་ཕྲེང་བ་ནི་བགྲང་ཕྲེང་ཕྲོགས་ནི་ནོར་སོགས་འཕྲོག་ཟིན་པ། །ཕྲ་མེན་ནི་མགོ་ལུས་མི་མཚུངས་པ་ཕྲིན་ལས་ནི་མཛད་བཟང་ས་ཕྱོད་ཆེ་ནི་རླབས་ཆེ་བ། །ཕྱུགས་ཀྱི་ནི་ནོར་ཕྲུ་མ་ནི་མངལ་གྱི་བུ་སྣོད་ཕྱེ་མ་ལེབ་ནི་མར་མེ་ལ་ལྕེབ་པའི་ཕྱེ་ལེབ། །ཕྲུ་བའི་ནི་སྣོད་ཕྱིར་ཕྱུང་ནི་ཕྱིར་བོར་བ་ཕྱག་གིས་ཕྱོར་ནི་གནམ་དུ་འཕྱར་བའི་བསྐུལ་ཚིག །སྨིན་ཕྲག་ནི་སྨིན་མཚམས་ཕྱག་འཚལ་ནི་གུས་པའི་བྱ་བ་ཉིན་མཚན་ཕྱད་ནི་བར་མ་ཆད་པ། །ཕྲ་མ་ནི་དབེན་བྱེད་པའི་ཚིག་ཕྲག་དོག་ནི་གཞན་གྱི་ཡོན་ཏན་ལ་མ་རངས་པ་ཕྲག་པ་ནི་དཔུང་པ་ཕྲལ་ནི་ཁ་ཕྲལ་བ། །ཕྱིན་ཆད་ནི་སླན་ཆད་ཡིད་ཕྱུང་ནི་སྐྱོ་བས་ཡིད་འབྱུང་བ་སུན་ཅི་ཕྱིན་ནི་རང་གིས་རང་ཁ་སུན་འབྱིན་པ། །ཕྱི་འབྲང་ནི་རྗེས་སུ་འབྲང་བ་ཕྱིར་ཕྱོགས་ནི་ཕྱིར་ལོག་པ་ཕྱིན་ཅི་ལོག་ནི་ཡང་དག་མིན་པ། །མི་ཕམ་ནི་བྱམས་པའི་མཚན་ཚིག་ཕྲད་ནི་ཡི་གེའི་ཕྲད་རྣམ་དབྱེ་ནི་ལས་དང་བྱ་བ་སོ་སོར་རྣམ་པར་དབྱེ་བ་ཕྱེད་ནི་ཕྱེད། །ཕྲུ་མ་ནི་དམག་སྒར་ཕྱར་གཡེང་ནི་རྣམ་གཡེང་ལ་སོགས་པ་ཕ་རྐྱང་ངོ་། །གཞན་ལ་འཕྱ་ནི་གཞན་ལ་འཁུ་བའམ་ཁ་བཏང་བ་འཕྱས་ནི་འཕྱ་ཟིན་པ་འོད་འཕྲོ་ནི་སྤྲོ་བའམ་བཀྱེ་བ་འཕྲོས་ནི་འོད་སྤྲོས་ཟིན་པ། །འཕྱི་བ་ནི་སྲོག་ཆགས་སྒོམ་ཆེན་འཕྱི་བ་འཕྱི་བོ་ནི་རྐང་མེད་དུས་འཕྱི་ནི་ཡུན་འགྱངས་འཕྱིས་ནི་འགྱངས་ཟིན་པ། །རྣམ་འཕྲུལ་ནི་སྤྲུལ་པ་སྒྱུ་འཕྲུལ་ནི་སྒྱུ་མའི་འཕྲུལ་འཁོར་ལྟ་བུ་མདའ་འཕེན་ནི་མདའ་རྒྱབ་པ་འཕངས་ནི་ཟིན་པ། །ནམ་འཕང་དང་ཁྲི་འཕང་དང་གོ་འཕང་གསུམ་ནི་ཡར་མཐོ་བའི་དོན་འཕྲོག་ནི་གཞན་ནོར་དབྲོག་པ། །མཚོ་འཕྱུར་ནི་རྦ་ལུད་པ་དུང་འཕྱུར་ནི་གྲངས་ས་ཡ་བཅུ་ལམ་འཕྱུག་ནི་འཛོལ་བའམ་ནོར་བ་འཕྱུགས་ནི་ནོར་ཟིན་པ། །སྙིང་འཕྱོའི་ནི་སེམས་མི་བདེ་བ་འཕྱོན་མས་ནི་སྨད་ཚོང་མ་ཕྱེ་འཕྱར་ནི་ཕྱེ་མར་རླུང་ལ་འཕྱར་བ་འཕངས་ནི་ཟོར་དང་རྡོ་སོགས་འཕེན་པ། །འཕོངས་ཀྱི་ནི་རྐུབ་ཀྱི་འཕག་འཕག་ནི་ཡར་འཕག་ཚུལ་མགོ་ཐུམ་ནི་མགོ་གོས་ཀྱིས་གཏུམ་པ་འཕུར་ནི་སྤུར་བའམ་འཕུར་བ། །འཕོང་གིས་ནི་མདའ་རྩལ་ལ་སོགས་ཀྱིས་གཞན་འཕམ་ནི་ཆམ་ལ་ཕབ་པ་འཕལ་ཀ་འགྲིག་ནི་མེ་ཏོག་དང་རིས་མོ་འགྲིག་པ། །འཕྱན་ཞིང་ནི་ཡུལ་གཞན་དུ་འཁྱམས་པའམ་གྱི་ནར་གནས་པ་འཕྱོ་ལྡིང་ནི་ནམ་མཁར་འཕུར་བ་དར་འཕྱར་ནི་བ་དན་སྒྲེང་བ་འཕྲལ་ནི་མྱུར་དུ། །འཕྲིན་འཕྲོད་ནི་ཡི་གེའམ་བརྡ་ལན་འཕྲོད་པ་འཆི་འཕྲས་ནི་མྱ་ངན་སེམས་ལ་འཕྲེང་ནི་སེམས་སྡུག་ལངས་པ། །འཕྲལ་བ་ནི་དབྲལ་བ་སྐྲ་འཕྱིངས་ནི་རལ་པ་རྩུབ་མོ་འཛིངས་པ་ཕྱག་དར་འཕྱག་ནི་གད་བདར་བྱེད་པ། །འཕྱང་ནི་འཇོལ་བ་དང་འཕྱེ་བ་ནི་འགྲོ་བའི་བརྡ་རྙིང་དང་ལྟོས་འགྲོ་ལའང་གོ་ལ་སོགས་པ་འས་འཕུལ་བའི་ཕའོ། །
༈ བླ་མའི་ནི་ཡོན་ཏན་གྱི་ཁུར་ལྕི་བའི་བླ་མ་བླ་ན་ནི་སྟེང་ངམ་གོང་ན་བླ་བྲེ་ནི་མཆོད་རྫས་བྲེས་ནི་བརྒྱན་པའམ་སྤྲས་པ། །བྱམས་པས་ནི་བྱམས་སེམས་བྱད་ནི་བྱད་ཁ་བྱུར་ནི་མྱ་ངན་བྱབས་པས་ནི་བྱབས་ཁྲུས་སྐབས་རྨ་བྱའི་སྒྲོ་སོགས་ཀྱིས་བྱབས་པ་བྱེར་ནི་བྲོས་པ། །བྲེ་ཡི་ནི་འཇལ་བྱེད་བྱེ་མས་ནི་རྡོ་ཕྱེ་བྱེ་མས་ནི་རྡོ་ཕྱེ་བྱེ་མས་བྲབས་པས་ནི་རྡེག་པ་བྱང་ནི་དྲི་མ་བྱང་བ། །བྲན་གཡོག་ནི་གཡོག་པོ་བྱེས་བྱོན་ནི་ཡུལ་ནས་བྱེས་སུ་འགྲོ་བ་བྱུག་པ་ནི་བྱུག་རྫས་བྱིན་ནི་སྟེར་བ། །བྱིས་པས་ནི་བུ་ཚ་བྱ་རའི་ནི་ལྟ་རྟོག་བྱེད་པ་བྱ་བ་ནི་ལས་ཀ་བྱོས་ནི་བསྐུལ་ཚིག །བྲམ་ཟེ་ནི་རིགས་བཞིའི་ཡ་གྱལ་བྲག་རིའི་ནི་བྲག་ཆེན་པོ་བྱང་དུ་ནི་ཕྱོགས་བྱོལ་ནི་གཟུར་བ། །བྱ་ནི་འདབ་ཆགས་བྱིའུ་ནི་བྱ་ཆུང་དུ་བྱི་བ་ནི་རྩི་རྩི་བྱི་ལའི་ནི་བྱི་བ་ཟ་མཁན་བྱད་ནི་གདོང་། །བྱོལ་སོང་ནི་དུད་འགྲོ་བྲང་འགྲོའི་ནི་སྦྲུལ་བྲང་ནི་ལུས་ཀྱི་བྲང་ཁོག་བྱིལ་བྱིལ་ནི་ཤ་ཉམས་ཡོད་པ། །བླ་གབ་ནི་སྟེང་གཡོགས་བླ་གོས་ནི་ཆོས་གོས་བླུས་ཀྱང་ནི་རིན་གྱིས་བླུས་པ་བླ་ནི་རུང་བའམ་ཆོག་པ། །བླུན་པོའི་ནི་རྨོངས་པ་འདབ་བྱིང་ནི་ནུབ་པ་བློ་ནི་རིག་པ་བློང་བློང་ནི་རིག་པ་མི་གསལ། །བྲོ་ནད་ནི་འགོ་ནད་ཐབས་བྲལ་ནི་ཐབས་མེད་པ་བྲོ་བོར་ནི་མནའ་བོར་བ་བྱོས་ནི་བྱེར་བ། །བྱན་མོའི་ནི་ཟས་གཡོས་མཁན་མོ་བྱི་བོར་ནི་ཕོ་འཕྱན་པ་རང་བྱན་ཚུད་ནི་རང་དབང་དུ་སྡུད་པ། །བྱག་མཁན་ནི་མདའ་མཁན་བྲོ་གར་ནི་ཞབས་བྲོ་བྱེ་བས་ནི་གྲངས་བྲེལ་ནི་འུར་ཟིང་། །སོས་བླད་ནི་སོས་མུར་བ་ཆུ་བླུད་ནི་ཆུ་སྟེར་བ་ཟས་བྲིམས་ནི་ཟས་དྲངས་པ་བྲོད་ནི་སྤྲོ་བ། །བྱ་ནའི་ནི་ཚོད་མའམ་ཐུག་པ་ཡོ་བྱད་ནི་རྒྱུ་དངོས་བྱུར་བུར་ནི་སྟེམ་གྱིས་གང་བ་བླུགས་ནི་སྣོད་དུ་བླུགས་པ། །ད་བྱིད་ནི་གངས་སྦལ་རོ་བྲོ་ནི་བྲོ་བ་ཞིམ་པ་བྲ་བའི་ནི་གྱི་བ་བྱེ་བྲག་པ་བྲན་ནི་མི་གཙང་བ། །དོང་བྲུབས་ནི་དོང་དུ་བཅུག་པ་ཆུ་བྲུག་ནི་ཆུ་བོ་རྒྱས་པ་བྲུ་བ་ཚ་ནི་གྲོད་པ་ལྟོགས་པ། །གོས་བྱེད་ནི་ཚེམ་བུ་བ་བཙོ་བླག་ནི་ཚོས་མཁན་གོས་ཀྱིས་བྱིབས་ནི་གོས་གྱིས་སྦུར་བ། །བླ་ཚེ་ནི་བླ་སྲོག་བྱང་བུར་ནི་མིང་བྱང་བ་བླ་ནི་ཚོན་སེར་པོ་བྱུགས་ནི་བསྐུས་པ། །ཁས་བླངས་ནི་ཁས་ལེན་པ་བླ་ཐབས་ནི་བདེ་བླག་ས་བླས་ཁྱེར་ནི་ས་སྟེང་ནས་བྱས་ཁྱེར་བ། །བློ་བྲིད་ནི་བསླུས་པ་བླ་དྭགས་ནི་མིང་ཡི་གེར་བྲིས་ནི་ཐོ་བཀོད་པ། །སྦུ་བྱི་ནི་སེམས་ཅན་གྱི་སྤུ་རང་བཞིན་གྱིས་བྱི་བ་ཆ་བྱད་ནི་ལུགས་གཟི་བྱིན་བྲི་ནི་ཉམས་པ། །བྱི་བཞིན་དང་བྲ་ཉེར་གཉིས་ནི་རྒྱུ་སྐར་བྲ་ཕྱེ་ནི་འབྲུ་བྲ་བོའི་ཕྱེ་བྱོར་ནི་སྣོད་དུ་བྱོ་བའི་བསྐུལ་ཚིག །བྱུག་རིས་ནི་གྲལ་སྒྲིགས་པ་བྱ་བའི་ནི་ལས་ཀྱི་བྱེ་བྲག་ནི་ནང་གསེས་ལ་གོ །རྒྱལ་བློན་ནི་རྒྱལ་པོ་དང་བློན་པོ་བློ་མིག་ནི་རིག་པའམ་རྣམ་དཔྱོད་བདེ་བླག་བྱེད་ནི་བཀའ་ཚེགས་མེད་པར་བྱེད་པ། །བླང་དོར་ནི་དགེ་སྡིག་བློན་འདེབས་ནི་གྲོས་འདེབས་བླ་བོ་ནི་གཏམ་སྨྲ་བ་ལ་གོ །རབ་བྱུང་ནི་བསྟན་པ་ལ་རབ་ཏུ་བྱུང་བ་སྐྲ་བྲེགས་ནི་སྐྲ་བཞར་བ་རྣ་བ་བླགས་ནི་རྣ་བ་གཏོད་པའི་དོན། །ལྟོ་གོས་བྲང་བྲེང་ནི་ལྟོ་གོས་ངན་ངོན་བྱ་དགར་བྱིན་ནི་གནང་སྦྱིན་སྩོལ་བ། །སྨན་བླ་ནི་སངས་རྒྱས་བྱང་ཆུབ་ནི་ལམ་དང་འབྲས་བུའི་མིང་བླ་ན་མེད་ནི་གོང་ན་མེད་པ། །བྱིན་རླབས་ནི་ཐུགས་རྗེ་བྱུ་རུ་ནི་རིན་ཆེན་དུ་མ་ལ་སོགས་པ་བ་རྐྱང་ངོ་། །
༈ དབྱེན་ནི་མཛའ་བ་འབྱེད་པ་དང་དབྱེ་བྲལ་ནི་དབྱེ་ཞིང་ཁ་བྲལ་བ་ཆོས་དབྱིངས་ནི་སྟོང་ཉིད་དབྱིབས་ནི་གཟུགས་ཀྱི་དབྱིབས། །དབྱེར་མེད་ནི་གཉིས་སུ་མེད་པ་དབུ་མ་ནི་མཐའ་དང་བྲལ་བ་དབུ་ནི་དབུས་ནས་མཐོ་བ་དང་དབུས་ནི་དཀྱིལ། །དབྱུ་གུ་ནི་ཆུ་ཚོད་དང་དབྱུག་པ་དབྱིག་པ་ནི་ནོར་གྱི་དབྱིག་དང་བེར་ཀའི་མིང་དབྱུག་པ་དབྱུགས་ནི་འཁར་བ་གཡུགས་པ། །རྫིང་དབོལ་ནི་ཆུའི་རྫིང་བུ་བརྟོལ་བ་ཆུ་དབོ་ནི་ཆུ་ལེན་པ་སྐར་མ་དབོ་ནི་རྒྱུ་སྐར། །ཕྱིར་དབྱུང་ནི་ཕྱིར་བཏོན་པ་སུན་དབྱུང་ནི་སུན་འབྱིན་པ་མཚན་གྱིས་དབུག་ནི་ཕུག་པའམ་རྡེག་པ། །དབུལ་པོས་ནི་སྤྲང་པོ་དབུགས་དབྱུང་ནི་དབུགས་ཕྱིན་པ་ནོར་མི་དབྲོག་ནི་མི་འཕྲོག་པ། །ཚོན་དབྱི་ནི་ཕྱི་བ་དབྱིག་མོར་ནི་ཞིབ་མོར་དབྱིག་དབྱིག་ནི་དབུར་ཚུལ་དབུར་ནི་འོད་སྟོན་པ། །དབོན་པོས་ནི་སྐུ་མཆེད་དབྱངས་དབུལ་ནི་གདངས་ཕུལ་བ་སྨ་མི་དབབ་ནི་སྨ་མི་ཕབ་པ། །དབྱིག་གཉེན་ནི་སློབ་དཔོན་དབྱིག་གཉེན་དབུ་ལ་ནི་མགོ་ལ་གདུགས་ཀྱང་དབུབ་ནི་གདུགས་ཕུབ་པ། །དབང་བསྐུར་ནི་དབང་གནང་བ་བྱིན་དབབ་ནི་བྱིན་ཕབ་པ་གཏན་ལ་དབབ་ནི་གཏན་ལ་འབེབས་པ། །ལུང་དབོག་ནི་ལུང་འབོག་པ་ཁུར་དབོག་ནི་ཁུར་འབག་པ་དབེན་སར་ནི་ས་སྟོང་པ་དབྲལ་ནི་གོས་སོགས་སྲལ་བ། །དབང་ཕྱུག་ནི་འབྱོར་ལྡན་དབང་ལྡན་ནི་དབང་དང་ལྡན་པ་དང་བྱང་ཤར་དབང་ཐང་ནི་མངའ་ཐང་དབྱར་ནི་དུས། །དབང་པོ་ནི་ལྷ་དབང་མི་དབང་སོགས་མཆོག་ཏུ་གྱུར་པའི་མིང་དབྱིག་མང་ནི་ནོར་མང་བ་དབྲལ་དབྱེས་ཆེ་ནི་གོ་ཡངས་པ། །དབའ་རླབས་ནི་རྦ་རླབས་དབུ་བ་ནི་ལྦུ་བ་སྐྱོན་གྱིས་དབགས་ནི་དྲི་མ་འབག་པ། །དབྲེ་བཙོག་ནི་མི་གཙང་བ་ཁ་དབྲི་ནི་ཁ་བྲི་བའམ་ཉམས་པ་ཞེ་སའི་དབའ་ནི་ལགས་ཟེར་ཞུ་བ། །དབལ་ནི་རཏའི་བགྲོས་དང་ཤ་ཉམ་གྱི་དབལ་དང་ཕུར་རྩེ་དབལ་དང་མེའི་དྲོད་ཀྱི་དབལ་དང་ཏོག་རྩའི་དབལ་ལ་གོ །ཞ་ཉེའི་དབྱར་འདབ་ནི་ལྷུང་བཟེད་ཀྱི་སྟེགས་བུ་ལ་སོགས་པ་དང་འཕུལ་བའི་བའོ། །
༈ རབ་འབྱམས་ནི་གྲངས་མེད་པ་འབྱམས་ཀླས་ནི་མཐའ་ཡས་འབྱུང་བཞི་ནི་ས་ཆུ་མེ་རླུང་འབྲུག་ནི་དབྱར་རྔའམ་སྤྲིན་གྱི་དབྱངས། །འབྲལ་མེད་ནི་སོ་སོར་མི་འབྱེད་པ་དང་འབྲེལ་ནི་བཟང་འབྲེལ་ངན་འབྲེལ་འབྲས་བུ་ནི་ལོ་ཏོག་འབྲུ་ནི་གྲོ་ནས་འབྲས་སོགས། །འབྲིང་པོ་ནི་བར་མ་འདམ་འབྱིང་ནི་ནུབ་པ་བྲུམ་ནད་ནི་རིམ་ནད་འབྱང་ནི་སྡིག་སྒྲིབ་བྱང་འགྱུར། །འབྲོག་ནི་འབྲོག་པའི་འབྲི་ནི་གནག་ཕྱུགས་འབྲོང་ནི་རི་དྭགས་རུས་ཀྱི་འབྲོམ་ནི་འབྲོམ་སྟོན་པའི་རུས། །འབྱུང་འགྱུར་ནི་མ་འོངས་པ་ཚེ་འབྱིད་ནི་ན་ཚོད་ཡོལ་བ་འདྲད་པའི་འབྱིད་ནི་འདྲད་རྟགས་ཤོར་བ། །སྐྲ་འབལ་ནི་སྐྲ་འཐོག་པ་འབེལ་གཏམ་ནི་ཡང་དག་པའི་གཏམ་སྒོ་འབྱེ་ནི་ཕྱེ་བ་འབྱེད་ནི་ཕྱེ་བར་བྱེད་པ། །འབྲས་ཆན་ནི་བཙོས་པའི་འབྲས་སམ་ལྟོ་ལྕེས་འབྱོག་ནི་ལྕེས་བལྡག་པ་ཆང་འབྱོ་ནི་སྣོད་དུ་འབྱོ་བའམ་བཞོ་བ་འབྱངས་ནི་ལྟོ་བ་འཁྲུ་བ། །འབྲོམ་སྟོན་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་འབྱོན་དུས་ནི་མ་འོངས་པ་འབྲོས་ཤིང་ནི་བྲོས་པ་འབྲང་ནི་རྗེས་སུ་འབྲང་བ། །འབྲུབ་ཁུང་ནི་ཧོམ་ཁུང་ངམ་དགྲ་བགེགས་བསྒྲལ་སའི་སྣོད་ཁ་འབྱེད་ནི་ཕྱེ་བ་འབྱོལ་ཞིང་ནི་གཟུར་པ་འབྱེར་ནི་བྲོས་པ། །མཚང་འབྲུའི་ནི་སྐྱོན་མཚང་སྔོགས་པ་ཚིག་འབྱིན་ནི་བརྗོད་པ་ཚོན་འབྱུག་ནི་བྱུག་པ་འབྱོངས་ནི་སློབ་གཉེར་རྩལ་འབྱངས། །ཁ་འབྲི་ནི་ཉམས་པ་ཆུ་འབྲུབ་ནི་ཆུ་བོས་རྒྱས་པ་སྦྱར་བའི་འབྱར་ནི་སྤྱིན་སོགས་ཀྱིས་སྦྱར་ནས་ཁ་འབྱར་བ། །འབྱུང་པོའི་ནི་གདོན་བགེགས་འབྱོར་པ་ནི་ལོངས་སྤྱོད་ལ་སོགས་པ་འས་འཕུལ་བའི་བའོ། །
༈ ཁྱི་རྦད་ནི་ཁྱི་བཏང་བ་རྦབ་སྒྲིལ་ནི་ཐུར་དུ་སྒྲིལ་བ་ཁ་རྦད་ཆེ་ནི་ཁ་ཤུགས་ཆེ་བ། །ནད་ཀྱི་སྐྱ་རྦབ་ནི་ལུས་སྐྲང་པའི་ནད་སྐྲ་རྦད་རྦོད་ནི་སྐྲ་མི་ལེགས་པ། །རྦོད་མ་སྐྱེལ་ནི་ཚབ་སྐྱལ་བ་ལ་སོགས་པ་རར་བཏགས་པའི་བའོ། །
༈ ལྦུ་བ་ནི་ཆུའི་དབུ་བ་ལྦ་བ་ནི་མགྲིན་པའི་ལྦ་བ་ལ་སོགས་པ་ལར་བཏགས་པའི་བའོ། །
༈ ནོར་སྦྱིན་ནི་ཛམ་ལྷ་གནོད་སྦྱིན་ནི་གདོན་སྦྱིན་བདག་ནི་ཡོན་བདག་སྦྲོན་ནི་ཞུ་བ་དང་ཆབ་སྦྲོན་པ། །སྦུན་པ་ནི་འབྲུའི་ཤུན་པ་སྦངས་ནི་རྟ་བོང་གི་སྐྱག་པ་དང་སྦངས་མས་ནི་ཆང་གི་སྙིགས་མ་སྦངས་ནི་ཆུར་སྦང་བ། །སྦུག་ཏུ་ནི་དཀྱིལ་དུ་ནོར་སྦ་ནི་ནོར་རྫས་སྦ་བ་སྦས་ནི་འདས་པ་སྦོས་ནི་བསྐུལ་ཚིག་སྦེད་ནི་ད་ལྟ་བ། །ཉིས་སྦྲག་ནི་གཉིས་གཅིག་ཏུ་བསྡམས་པ་སྦྲ་འབུབས་ནི་འབྲོག་པའི་སྦྲ་ཕུབ་པ་སྦྲེལ་ནས་ནི་བྱ་བ་གཉིས་སྦྲེལ་ནས་བྱེད་པ་སྦྱར་ནི་སྨན་སོགས་སྦྱར་བ། །སྦྲེབ་ནས་ནི་གྲང་བ་སྦུར་མར་ནི་རྩི་ཤིང་གི་རྩ་སྦུར་མེ་སྦར་ནི་སྦར་བ་སྦོར་ནི་བསྐུལ་ཚིག །ཆུས་སྦྲུས་ནི་ཆུས་བཀྲུ་བ་ཟས་སྦྲུས་ནི་ཟན་བརྫི་བ་ཕྱོགས་གཅིག་སྦོམས་ནི་བསྡོམས་པ། །སྦྲུམ་མ་ནི་མངལ་དུ་བུ་ཡོད་པ་ལྟོ་སྦོས་ནི་ཕོ་བ་སྐྲང་པ་སྲོག་ཆགས་སྦྲེ་ནི་སྲོག་ཆགས་བྱེ་བྲག་པ། །ཕྱག་སྦལ་ནི་བཙོན་ཁང་གྲོག་སྦུར་ནི་གྲོག་མོ་སྦལ་པ་ནི་གངས་སྦལ་རུས་སྦལ་ཆུ་སྦལ་སོགས་སྦྲུལ་ནི་འཁྱུག་འགྲོ་ལྕེ་གཉིས་མ། །གྲོགས་སྦྲན་ནི་ར་མདའ་འབོད་པ་སྦུངས་སྐྱེད་ནི་བྱ་བ་ལ་བརྩོན་པ་སྦུད་པའི་ནི་མེ་ཕུ་བའི་སྦུད་པ་སྦུབས་ནི་ནང་ཁོག །སྦྱིག་མོར་ནི་གོས་མེད་སྦྱིག་ཅིང་ནི་ཆགས་པའི་བྱེད་ལས་སྦེ་ག་སྦྱོར་ནི་ཕོ་མོ་འཛིང་ནས་སྦྱོར་བ། །སྦྱག་ཚེ་ནི་རིད་པའི་བརྡ་རྙིང་ལུས་སྦྲིད་ནི་ངལ་བ་སྦ་འཁར་ནི་དབྱུག་པ་སྦོམ་ནི་ཆེ་བ། །ཤ་སྦྲང་ནི་ཤ་ལ་འཁོར་བའི་སྦྲང་བུ་སྦྲང་མ་ནི་མེ་ཏོག་ལ་འཁོར་བའི་བུང་བའམ་རྐང་དྲུག་སྦྲང་ནི་སྦྲང་རྩི་དང་སྦྲགས་ནི་ཕན་ཚུན་སྦྲགས་པ། །སྦེད་བྱེད་ནི་རྡོ་གནས་བརྟན་ཞིག་གི་མཚན་གསེར་སྦྲམ་ནི་གསེར་གྱི་གོང་བུ་ས་ལེ་སྦྲམ་ནི་གསེར་རྡོ། །སྦྱོར་བ་ནི་ཡབ་ཡུམ་སྦྱོར་བ་སྦྱང་བྱ་ནི་དྲི་མ་སྦྱོང་བྱེད་ནི་གཉེན་པོ་སྦྱངས་ནི་ཟིན་པ། །དགེ་སྦྱོང་ནི་དགེ་སློང་གསོ་སྦྱོང་ནི་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་ཡན་ལག་བརྒྱད་པ་གཙང་སྦྲ་ནི་བྲམ་ཟེའི་སྤྱོད་པ་ལྟ་བུ་སྦྱོར་ནི་བྱ་བ་ལ་འཇུག་པ། །འདོམ་གྱི་སྦ་བ་ནི་ཕོ་མཚན་རླིག་པ་སོགས་པ་སར་བཏགས་པའི་བའོ། །
༈ རོ་མྱགས་ནི་རུལ་བའམ་མྱགས་པ་མྱག་མྱོག་ནི་ཁམས་ཉག་ཉོག་བྱེད་པ་ནགས་མྱུལ་ནི་ནགས་སུ་ཚོལ་བ་མྱུར་ནི་མགྱོགས་པ། །ཉམས་མྱོང་ནི་ཉམས་སུ་མྱོང་བ་མྱུ་གུའི་ནི་སྔོ་ལྗང་རོ་མྱང་ནི་བྲོ་བ་མྱོང་བ་མྱོས་ནི་ཆང་གིས་བཟིར་བ། །མྱང་འདས་ནི་མྱ་ངན་ལས་འདས་པ་མྱང་མྱང་ནི་གྲིས་ཤ་གཙབ་པ་མྱུག་མྱུག་ནི་གཙོག་གཙོག་དང་། །མྱ་ངན་ནི་སེམས་ཀྱི་སྡུག་བསྔལ་མྱང་ངམ་ནི་ཆུ་མེད་པའི་ཐང་ལ་སོགས་པ་མ་རྐྱང་ངོ་། །
༈ དམག་གི་ནི་གཡུལ་ངོ་ཉེས་དམིགས་ནི་རྣམ་སྨིན་དམངས་རིགས་ནི་འབངས་ཀྱི་རིགས་དམན་ནི་དམའ་བ། །དམེ་པོ་ནི་རུས་གཅིག་པ་གསོད་མཁན་དམུས་ལོང་ནི་མིག་ལོང་བ་དམིགས་བུ་མེད་ནི་ལོང་ཁྲིད་མེད་པ། །དམུ་རྒོད་ནི་རྒྱུད་ངན་པ་དམུ་ཆུ་ནི་ལུས་ལ་ཆུ་སེར་གྱིས་སྐྲང་པའི་ནད་འདྲེ་སྲིན་དམུ་ནི་གདོན་གྱི་བྲག །བློ་དམུན་ནི་བླུན་པོ་དམུས་བྱུང་ནི་ཐང་ཆད་པ་བུ་གའི་དམིག་ནི་ཀར་ཁུང་། །གཙང་དམེ་ནི་གཙང་བཙོག་འཛུམ་དམུལ་ནི་དགའ་བའི་འཛུམ་མདངས་དམིགས་པ་གཏོད་ནི་དམིགས་ཡུལ་ལ་སེམས་གཏོད་པ། །ལག་དམར་ནི་གཤན་པ་ཁ་དམར་ནི་མོ་རྩིས་ཀྱི་བཟང་ངན་བརྗོད་པ་ཁ་དོག་དམར་ནི་མདོག་དམར་པོ། །ཉམས་དམས་ནི་རྒུད་པ་དམོད་བཙུགས་ནི་བདེན་ཚིག་བརྗོད་པ་དམོད་པ་འདོར་ནི་ངན་པའི་ཚིག་གིས་དམོད་པ། །དམྱལ་བ་ནི་དམྱལ་ཁམས་བཅོ་བརྒྱད་གནས་དམའ་ནི་ས་དམའ་བ་དམིགས་བསལ་ནི་མང་པོའི་དཀྱིལ་ནས་བཀར་བ་དང་། །མྱུག་མྱུག་ནི་དབྱིབས་དམྱུགས་ནི་ཕྱིར་བཏོན་པ་ལ་སོགས་པ་དས་འཕུལ་བའི་མའོ། །
༈ རྨད་བྱུང་ནི་ཕུལ་བྱུང་རྨུགས་འཛིན་ནི་ཛམ་ལའི་མཚན་རྨི་ལམ་ནི་གཉིད་ཀྱིས་སླད་པའི་འཁྲུལ་ཤེས་རྨིས་ནི་མཐོང་བ། །རྨང་ནས་ནི་རྩ་བ་ནས་རྨོ་ནི་ཞིང་རྨོ་བ་རྨོས་ནི་བསྐུལ་ཚིག་རྨོན་དོར་ནི་གླང་རོལ་ཁར་བཙུགས་པ་དང་། །རྨོངས་ནི་མི་ཤེས་པ་རྨྱུགས་ནི་སེམས་ནང་དུ་བྱིང་བ་ཁྱིས་རྨུར་ནི་ཁྱིས་སོ་རྒྱབ་པ་རྨུགས་པའི་རྨ་ནི་ཁྱིས་སོ་རྒྱབ་པའི་རྨ། །རྨེན་པ་ནི་ཞིང་རྨོ་བའི་གླང་རྨེན་རྟ་རྨིག་ནི་རཏའི་རྨིག་པ་སྒ་ཡི་རྨེད་ནི་གོང་རྨེད་ཞེས་པའི་རྨེད། །རྨོངས་བུ་ནི་བླུན་པོ་རྨེག་མེད་ནི་གཏན་ནས་མེད་པ་སུན་པའི་རྨུས་ནི་བློ་སུན་པ། །སེར་རྨེ་ནི་སེར་སྣ་བསྲིས་རྨེ་ནི་སྦས་པ་ངོ་མཚར་རྨད་ནི་ཡ་མཚན་ཆེ་པ། །རྨོ་མོ་ནི་ནེ་ནེ་བལ་རྨེལ་ནི་བསལ་བ་དྲིས་པའི་རྨད་ནི་གཏམ་བརྗོད་པ། །རྨྱ་བྱ་ནི་མདོངས་མཐའ་ཅན་ཁམས་རྨྱུ་ནི་ཁམས་ཉོག་པ་བྱ་རྨྱད་བྱེད་ནི་ཁ་གཡལ་བ་དང་ལུས་ངལ་བ། །རྨོག་ནི་ལྕགས་རྨོག་དང་དབུ་རྨོག་ནི་ཞེས་ལ་སོགས་པ་རར་བཏགས་པའི་རྨའོ། །
༈ སྨན་ནི་ནད་ཀྱི་གཉེན་པོ་དང་སྨན་པའི་གཏམ་ནི་འཚོ་བྱེད་ཀྱི་ངག་སྨྲ་ནི་བཤད་པ་སྨོས་ནི་བསྐུལ་ཚིག །སྨིག་རྒྱུ་ནི་སོས་ཀའི་ཐང་ལ་ཆུར་མཐོང་བ་སྨུག་རུམ་ནི་མུན་རུམ་ཟོང་མིན་སྨར་ནི་དངུལ་རྐྱང་སྨར་བདོག་འདྲིལ་ཟེར་བ། །སྨན་ལྗོངས་ནི་སྨན་ལྡན་གྱི་ཡུལ་སུག་སྨེལ་ནི་སྨན་སྨྱག་ཤད་ནི་ཤིང་གི་བྱེ་བྲག་དང་། །སྨྱུག་མ་ནི་སྦ་སྨྱུགས་སྨྱི་གུ་ནི་ཡི་གེ་བྲིས་བྱེད་སྨྱིག་མ་ནི་ཆུ་ཤིང་སྨིན་ནི་འབྲས་བུ་སྨིན་པ། །ཚེ་སྨད་ནི་ཚེ་མཇུག་མ་སྨ་ཕབ་ནི་སྨད་ར་གཏོང་བ་སྨད་རས་སྨོད་ནི་ཚིག་ངན་གྱིས་སྨད་པ། །མགོ་སྨྱུང་ནི་དབྱིབས་རིང་བ་སྨྲང་ནི་སྨྲ་བ་དང་སྨྲེ་སྔགས་ནི་མྱ་ངན་གྱི་ཚིག་སྨྲས་ནི་བཤད་ཟིན་པ། །བུ་སྨད་ནི་མ་བུ་མིང་སྨོས་ནི་བརྗོད་པ་སྨྱན་ཀ་བྱེད་ནི་ཕོ་མོ་ཕྲད་དུ་བཅུག་པ། །ངུར་སྨིག་ནི་མདོག་དམར་སེར་རྣམ་སྨིན་ནི་ལས་ཀྱི་འབྲས་བུ་སྨོས་ཅི་དགོས་ནི་བཤད་ཅི་དགོས། །སྨྱུང་གནས་ནི་སྒོ་གསུམ་སྨྱུང་བར་གནས་པ་དུས་སྨྱུར་ནི་མྱུར་བ་སྨོན་པ་ནི་འཆོལ་བ་སྨྱོ་ནི་གདོན་གྱིས་དཀྲུགས་པ། །སྨོན་འདྲིན་ནི་གྲོགས་པོ་དྲི་སྨེད་ནི་གཏམ་དྲི་བ་སྨོན་ལམ་ནི་འབྲས་བུ་ལ་སྨོན་པ་སྨན་ནི་ཕན་པའི་དོན། །སྨིན་དྲུག་དང་སྨལ་པོ་ནི་རྒྱུ་སྐར་སྨིན་དྲུག་བུ་ནི་གཞོན་ནུ་གདོང་དྲུག སྨེ་བ་ནི་ཤའི་སྨེ་བ་སྨུག་རྩི་ནི་གཏོར་རྩི་ཁ་དོག་སྨུག་ནི་སྨུག་པོ། །སྨ་ར་ནི་ཁ་སྦུ་སྨིན་མ་ནི་མིག་གི་རྫི་མ་སྨེ་ཤ་ཅན་ནི་རིགས་ངན་པ། །རྩིས་ཀྱི་སྨེ་བ་ནི་གཅིག་དཀར་སོགས་དགུ་ལ་སོགས་པ་སར་བཏགས་པའི་མའོ། །
༈ ཙབ་ཙུབ་མི་བྱ་ནི་ཚབ་ཚུབ་མི་བྱེད་པ་ཙོག་ཙོག་བུ་ནི་གུས་པའི་འདུག་སྟངས། །ཙན་དན་ནི་ཤིང་ཙུ་ཏ་ནི་ཙམ་པ་ཀའི་ཤིང་ཙམ་པ་ཀ་ནི་དེའི་མེ་ཏོག །ཙ་ཀ་ར་ནི་ལྷ་བྱ་གོང་མ་དང་ཙི་ཏི་མོ་ནི་བྱིའུ་བྱེ་བྲག་པ། །ནེ་ཙོ་ནི་བྱ་དེ་ཙམ་ནི་ཚད་དེ་ཙུག་ལགས་ནི་དེ་ཀ་ལགས། །ཙེ་ནེ་ཙེ་རེ་ནི་སྐད་ཙ་རི་བ་ནི་ཙ་རི་ལ་གནས་པའི་མི། །ཙཱ་རུའི་བཟའ་བ་ནི་ཟས་བཟང་པོ་ཙ་ན་ཀ་ནི་སན་མའི་བྱེ་བྲག །ཙུག་ཙུག་ནི་ཁའི་སྒྲལ་སོགས་པ་ཙ་རྐྱང་ངོ་། །གཙུག་ཏོར་ནི་སྤྱི་པོའི་ཏོག་སྤྱི་གཙུག་ནི་སྤྱི་བོ་གཙང་ཁང་ནི་མཆོད་ཁང་གི་སྦུབ་གཙང་ནི་བཙོག་པ་མིན་པ། །མི་གཙིགས་སྤྱོད་པ་ནི་མི་རིགས་པའི་སྤྱོད་པ་གཙུག་ལག་ཁང་ནི་སྡེ་སྣོད་བཞུགས་པའི་ཁང་པ། །གཙོད་རུས་ནི་རི་དྭགས་གཙོད་ཀྱི་རུས་གཙེས་ཤིང་ནི་གཞན་ལ་འཚེ་བ་གཙེར་བས་ནི་མི་རིགས་པའི་བྱ་བ་གཙེས་ནི་སྡུག་བསྔལ་གྱིས་གཙེས་པ། །མཆེ་གཙིགས་ནི་མཆེ་བ་གཙིགས་པ་གཙུབ་ཤིང་ནི་སྟེང་མ་གཙུབ་གཏན་ནི་འོག་མ་གཙུབས་ནི་དེ་གཉིས་བརྡར་བ། །གཙོ་བོ་ནི་བདག་པོ་གཙིགས་ཆེ་ནི་གནད་ཆེ་བ་གཙག་བུས་གཙག་ནི་མཚོན་གྱིས་ཁྲག་གཙག་པ། །གཙང་ཕྱོགས་ནི་དབུས་གཙང་ཞེས་པའི་གཙང་གཙང་ཆུ་ནི་གཙང་ནས་བབ་པའི་ཆུ་དང་ཆུ་བོ་སྤྱིའི་མིང་ལ་སོགས་པ་གས་འཕུལ་བའི་ཙའོ། །
༈ བཙན་པོ་ནི་རྒྱལ་པོ་སྲོང་བཙན་སྡེ་བཙན་ལྟ་བུ་བཀའ་བཙན་ནི་བཀའ་ཁྲིམས་དམ་པ་རྫོང་བཙན་ནི་མཁར་རྫོང་བཙན་པོ་དང་། །བཙུན་མོར་ནི་རྒྱལ་པོའི་བཙུན་མོ་བུ་བཙས་ནི་བུ་སྐྱེས་པ་གྲུ་བཙས་ནི་གྲུ་གླ་བཙལ་ནི་ཚོལ་བ། །བཙུན་པ་ནི་དགེ་སློང་མིག་བཙུམས་ནི་མིག་འཛུམས་པ་བཙོན་རར་ནི་བཙོན་ཁང་བཙུད་ནི་བཅུག་པ། །བཙོང་ནི་སྒོག་བཙོང་བཙུགས་ནི་ས་ལ་བཙུགས་ཟིན་པ་བཙགས་ནི་ཁུ་བ་བཙགས་ཟིན་པ་བཙོངས་ནི་ཟོང་སོགས་བཙོང་ཟིན་པ་བཙོད་ནི་ཐབ་ཏུ་བཙོད་པ་བཙོ་ནི་བྱ་བ་བཙོས་ནི་འདས་པ། །གོས་བཙེམས་ནི་འཚེམས་པ་བཙག་ནི་ས་ཚན་དང་བཙོད་ཀྱིས་ནི་དམར་ཚོད་བཙོས་ནི་ཚོད་ཟིན་པ། །བཙན་དུག་ནི་དུག་ཆེན་ཚགས་ཀྱིས་བཙགས་ནི་ཁྲལ་ཚགས་ཀྱིས་བཙགས་ཟིན་པ་ཤིང་ནི་ཚིག་ཕྲད་བཙིར་ནི་སྣུམ་སོགས་བཙིར་བ། །བཙས་ཁྱེར་ནི་ལྕགས་ལ་བཙས་ཟིན་པ་འབགས་བཙོག་ནི་དྲི་མ་བཙོ་བླག་མཁན་ནི་ཚོས་མཁན། །མཐོ་བཙམས་ནི་གླགས་ལྟ་བ་རྡེག་བཙོག་ནི་བརྡུང་བཏགས་བཙོག་པོ་རྡེག་ནི་རྡོས་བརྡུང་པ། །བཙན་རྒོད་ནི་འདྲི་རྒོད་བཙན་ཐབས་ནི་གློ་བུར་གསེར་བཙོ་མ་ནི་གསེར་ལྷད་མེད། །སྲོལ་བཙུགས་ནི་གཏོད་པ་ཤིང་བཙུགས་ནི་འཛུགས་པ་སྒོག་བཙོང་ནི་ཀུན་དོང་བཙོངས་ནི་ཚོང་ཟིན་པ། །
༈ བཙད་པོ་ནི་རྒྱལ་པོ་བཙས་མ་ནི་ཞིང་གི་སྟོན་ཐོག་ལ་སོགས་པ་བས་འཕུལ་བའི་ཙའོ། །
༈ རྩ་ལག་ནི་གཉེན་རྩ་རྩེ་ནི་རྩ་བ་དང་རྩེ་མོ་ཚོན་རྩི་ནི་ཚོན་མདངས་རྩིང་ནི་རྩིང་པོ། །རྩི་མར་ནི་མར་རྩི་ཤིང་ནི་ཤིང་ཆང་ཆུང་རྩི་ཐོག་ནི་རྩ་དང་ཤིང་གི་འབྲས་བུ་རྩྭ་ནི་སྤང་གི་རྩྭ། །འཐབ་རྩོད་ནི་འཁྲུག་ལོང་རྩེད་མོ་རྩེ་ནི་རྩེད་དགའ་བྱས་པ་རྩེས་ནི་བསྐུལ་ཚིག་རྩེན་ནི་རོལ་བའམ་ལོངས་སྤྱོད་པ། །ལྔས་རྩེན་དང་སུམ་རྩེན་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་མིང་རྩིས་ནི་དཀར་ནག་རྩིས་གཞུང་རྩིས་མཁན་ནི་རྩིས་པ། །རྩིབ་མའི་ནི་ལུས་ཀྱི་རྩི་བ་ལོགས་རྩ་རྒྱུས་ནི་རྩའི་རྒྱུས་པ་རྩིད་པ་ནི་གཡག་རྔའི་སྦུ་རྩུབ་ནི་གྱོང་པོ། །ཁ་བཙང་ནི་ཁ་སང་རྩེ་རྒོད་ནི་འཁོར་ལ་གཡེང་བ་རྩམ་རིན་ནི་ཕྱེའི་རིན་རྩེག་ནི་མང་དུ་རྩེག་པ། །རྩབས་གཙོད་ནི་ཤ་རྩ་བ་ནས་གཙོད་པ་རྩད་གཅོད་ནི་ཡིན་མིན་རྩད་གཅོད་པ་ཚེར་མའི་རྩང་ནི་ཕུག་བྱེད་ཀྱི་རྩང་། །སྟོབས་རྩལ་ནི་ལུས་རྩལ་འབད་རྩོལ་ནི་རྩོལ་སྒྲུབ་རྩོམ་པ་རྩོམ་ནི་བསྟན་བཅོས་སོགས་རྩོམ་པར་བྱེད་པ། །ཞོ་རྩབས་ནི་ཞོ་རྩི་རྩབ་མོ་ནི་སྐོམ་སླ་མོ་སེར་རྩའི་གོས་ནི་གོས་སེར་པོ་ལ་ལས་དཔག་བསམ་ཤིང་གི་གོས་ལའང་བཞེད། །རྩིག་པ་ནི་ཁང་པའི་རྩིག་པ་རྩིག་མཁན་ནི་རྡོ་བཟོ་བ་འཁོར་ལོའི་རྩིབས་ནི་རྩིབས་བརྒྱད་རྩིབས་སྟོང་། །རྩངས་པ་ནི་བྲག་གསེབ་ཏུ་ཡོད་པའི་སེམས་ཅན་སྲོག་རྩོལ་ནི་རླུང་སེམས་ལ་སོགས་པ་རར་བཏགས་པའི་ཙའོ། །
༈ བཀའ་སྩོལ་ནི་བཀའ་གནང་བ་དངོས་གྲུབ་སྩལ་ནི་མཆོག་མཐུན་གྱི་དངོས་གྲུབ་གནང་བ་དང་སྩོལ་ནི་བསྐུལ་ཚིག །སྦྱིན་པ་སྩལ་བགྱི་ནི་གནང་བའི་བྱ་བ་བགྱིད་དུ་སྩལ་ནི་བྱེད་དུ་བཅུག་པ། །སྩལ་དུ་གསོལ་ནི་བསྐུལ་ཚིག་ལ་སོགས་པ་སར་བཏགས་པའི་ཙའོ། །
༈ བརྩོན་འགྲུས་ནི་འབད་པའམ་བརཏན་པ་སྙིང་བརྩེ་ནི་སྙིང་རྗེ་བརྩེ་བ་ཅན་ནི་སྙིང་རྗེ་ཅན། །བརྩད་ཅིང་དྲིས་ནས་ནི་ལུང་རིགས་ཀྱིས་བརྩད་ཅིང་དྲི་བ་བརྩམ་བྱ་ནི་བསྟན་བཅོས་སོགས་བརྩམས་ནི་ཟིན་པ། །ཁང་བརྩེགས་ནི་ཁང་བུ་བརྩེགས་པ་བརྩིགས་ཤིང་ནི་བརྩིགས་ཟིན་པ་བརྩི་བྱ་ནི་གྲངས་བརྩིས་ནི་ཟིན་པ། །སོ་བརྩེ་ནི་ཤིང་ཏོག་སྐྱུར་པོ་ཟོས་པས་སོ་བརྩེ་བ་ཧ་ཅང་བརྩེངས་པའི་གོས་ནི་གོས་ཧ་ཅང་བརྫེས་པ། །ལ་སོགས་པ་བས་འཕུལ་ར་མགོ་ལྡན་པའི་ཙའོ། །
༈ ནགས་ཚལ་ནི་ནགས་ཁྲོད་སྐྱེད་ཚལ་ནི་ལྡུམ་ར་ཚིག་གུའི་ནི་རྒྱ་ཤུག་གི་ཚིག་གུ་ཚིགས་ནི་རྐང་ལག་སོགས་ཀྱི་ཚིགས། །ཚོགས་པའི་ནི་འདུས་པ་སྡེ་ཚན་ནཾ་བཞི་ཡན་ཆད་ཀྱི་སྡེ་ལུས་ལང་ཚོ་ནི་ན་ཚོད། །ཚོན་རྩི་ནི་ཚོན་མདངས་ཕྲ་ཚོམ་ནི་རིན་པོ་ཆེའི་ཕྲ་ཚོམ་ཚར་དུ་དངར་ནི་བཀོད་ལེགས་པ། །ཐེ་ཚོམ་ནི་སོམ་ཉི་ཚམ་རྔམས་ནི་འཇིགས་སྐྲག་སྟོན་པ་འཇུ་བྱེད་ཚྭ་ནི་ལན་ཚྭ། །ཁང་པའི་ཚོམ་ནི་ཁང་པའི་བཅད་ལ་སོགས་པ་ཚ་རྐྱང་ངོ་། །
༈ ངོ་མཚར་ནི་རྨད་དུ་བྱུང་བ་མཚན་དཔེ་ནི་བརྒྱ་དང་བཅུ་གཉིས་མཚོ་ནི་རྒྱ་མཚོ་དང་མཚེའུ་ནི་མཚོ་ཆུང་། །མཚེ་མ་ནི་བུ་ཚ་གཉིས་སྐྱེས་མཚམས་བཅད་ནི་བར་བཅད་པ་མཚན་གཞི་ནི་མེ་དམར་འབར་བ་ལྟ་བུ་དང་། །མཚན་ཉིད་ནི་ཚ་ཞིང་བསྲེག་པ་ལྟ་བུ་མཚོན་བྱ་ནི་དོན་མཚན་མས་ནི་རྟགས་མཚོན་ནི་ཤེས་པ། །ཕྱོགས་མཚམས་ནི་ཤར་ལྷོ་སྐྱོན་མཚང་ནི་ནང་གི་སྐྱོན་མཚན་མོ་ནི་ནམ་གུང་མཚོན་ནི་མངོན་པ། །མཚུར་སྟོན་ནི་མར་པའི་སློབ་མ་ཁ་མཚུལ་ནི་མཆུ་སྒྲོས་མཚལ་ནི་ཚོན་དང་མཚུངས་ནི་འདྲ་བ། །རྒྱལ་མཚན་ནི་མི་མཐུན་ཕྱོགས་ལས་རྒྱལ་བའི་མཚན་མ་མཚའ་མེས་ནི་གཅན་གཟན་འཕར་བ་རྟ་མཚའ་ལུ་ནི་རྟ་དམར་རྟིང་དཀར། །མཚར་སྡུག་ནི་མཛེས་པ་ཁྱིམ་མཚེས་ནི་ཉེ་བའི་ཁྱིམ་གྲོགས་མཚེ་ནི་རྩི་ཤིང་དང་མཚན་ནི་ཕོ་མཚན། །མཚམས་མེད་ལ་ནི་མཚམས་མེད་པ་ལྔ་ལ་མཚེར་ནི་སེམས་མཚེར་བ་དུར་མཚོད་ནི་དུར་གནས་མཚུན་ནི་ཕ་མའི་ཕོ་ལྷ། །མཚོན་ཆའི་ནི་མདའ་མདུང་ཕྱག་མཚན་ནི་ལག་ཆ་མཚོག་མར་འཕྱར་ནི་སྤྱི་པོར་གདེངས་པ། །མིང་གི་མཚན་ནི་ཞེ་ས་ལ་སོགས་པ་མས་འཕུལ་བའི་ཚའོ། །
༈ བློ་འཚམས་ནི་བློ་མི་བདེ་བ་ཆུ་འཚག་ནི་ཁྲོལ་ཚགས་ནང་དུ་འཚངས་ནི་ཤེད་ཀྱིས་འཛུལ་བ། །ཏིལ་འཚིར་ནི་བཙིར་བ་མེས་འཚིག་ནི་བསྲེག་པ་དུ་བ་འཚུབས་ནི་དཀུ་བ་ཟས་འཚེད་ནི་བཙོད་པ་ལུས་འཚོ་ནི་བདེ་བ་འཚོ་བྱེད་ནི་སྨན་པ་འཚེངས་ནི་ཡི་རངས་པ། །འཚེ་མེད་ནི་གནོད་པ་མེད་པ་འཚག་བཟང་ནི་ཤ་རྒྱས་པ་འཚལ་མ་ནི་ཟས་འཚལ་ནི་ཟ་བ། །ནོར་འཚོལ་ནི་བཙལ་བ་ཕྱུགས་འཚོ་ནི་ནོར་རྫི་འཚོག་ཆས་ནི་ཡོ་བྱད་འཚོང་ནི་བཙོང་བ། །བརྡེག་འཚོག་ནི་བརྡུང་བཏགས་ངལ་འཚོ་ནི་ངལ་གསོ་འོད་འཚེར་ཞིང་ནི་འབར་བ། །བློ་དང་འཚམ་པར་ནི་མཐུན་པར་སྐྱིན་པ་འཚབ་ནི་འཇལ་བ། །གདུང་འཚོབ་ནི་གདུང་འཛིན་འཚང་རྒྱ་ནི་སངས་རྒྱས་པའི་མ་འོངས་པ་ལོངས་པའི་འཚར་ནི་བྱ་བ་ཆེན་པོ་འགྲུབ་པའི་དོན། །ཕྱག་འཚལ་ནི་གུས་པའི་ཕྱག་ཤེས་དང་ཆོག་པའི་འཚལ་ནི་ཆོག་ཤེས་པ། །འཛོམ་པའི་འཚག་ནི་ཚོགས་པའི་བརྡ་ལ་སོགས་པ་འས་འཕུལ་བའི་ཚའོ། །
༈ ཛ་རབ་ནི་ཡ་ར་བླ་ཛ་ལང་ནི་ཞེ་སྡང་ཛ་པོ་ཤིང་ནི་ཤིང་བྱེ་བྲག་པ། །ཛ་ཡ་ཅན་ནི་རྒྱ་གར་གྱི་གྲོང་དང་རྒྱལ་བ་ལ་སོགས་པ་ཛ་རྐྱང་ངོ་། །
༈ དཔའ་མཛངས་ནི་དཔའ་ཞིང་མཁས་པ་མཛའ་བོའི་ནི་མཐུན་གྲོགས་བང་མཛོད་ནི་མཛོད་ཁང་མཛེས་ནི་མཚར་བ། །གནོད་མཛེས་ནི་ཁྲོ་རྒྱལ་མཛུབ་མོ་ནི་ལག་མཛུབ་མཛོད་སྦུ་དཀར་ནི་སྨིན་མཚམས་ཀྱི་མཛོད་སྤུ་གཡས་སུ་འཁྱིལ་བ། །མཛོ་རཏའི་ནི་མཛོ་དང་རྟ་མཛེར་པ་ནི་ཤ་དང་ཤིང་གི་མཛེར་པ་མཛེ་ནད་ནི་ཀླུ་ནད་དང་། །མཛོལ་བུ་ནི་སྨད་ཚོང་མའི་བུ་བསྲུང་བའི་མཛད་པ་ནི་མཛད་ཕྲིན་མཛོད་ནི་བསྐུལ་ཚིག །ཡ་རབས་མཛངས་ནི་མཁས་པ་ཡ་རབས་ལ་སོགས་པ་མས་འཕུལ་བའི་ཛའོ། །
༈ འཛིངས་པས་ནི་འཁྲུགས་པ་གོས་འཛར་ནི་འཛག་པ་ལག་པས་འཛིན་ནི་འཆང་བ། །འཛག་ནི་ཟག་པ་དང་འཛིར་བའི་ནི་བཙིར་བ་སྣོད་འཛེད་ནི་བཟེད་པ་འཛེམ་ནི་སྡིག་ལས་ལ་འཛེམ་པ། །འཛུར་ཞིང་ནི་བཟུར་བ་སྒོར་འཛུལ་ནི་འཇུག་པ་འཛེག་སྐས་ནི་བེར་སྐས་འཛུགས་ནི་བཙུགས་པ། །བཞིན་འཛུམ་ནི་དགའ་འཛུམ་འཛིན་པ་ནི་ཤ་སྨན་སྣོད་དུ་འཛུད་ནི་བཅུག་པ། །འཛམ་གླིང་དུ་ནི་འཛམ་བུ་གླིང་འཛོམ་ནི་ཚོགས་པ་ནོར་འཛངས་ནི་དཀོན་པ་འཛད་ནི་ཟད་པ། །འཛབ་བཟླས་ནི་སྔགས་བཟླས་པ་སྐད་འཛེར་ནི་གཟེར་སྐད་ནོར་བའི་འཛོལ་ནི་ནོར་འཁྲུལ། །འདུ་འཛི་ནི་བྱ་བ་མང་བ་ཆུད་འཛའ་ནི་ཆུད་ཟོས་རྡོ་ཡི་འཛིང་ནི་རྡ་ོགསོབ། །འཁྲུགས་པའི་འཛག་འཛོག་ནི་འཁྲུགས་འཛིང་བ་ལ་སོགས་པ་འས་འཕུལ་བའི་ཛའོ། །
༈ ཀུན་རྫོབ་ནི་སྙིང་པོ་མེད་པ་རྫུན་གྱི་ནི་མི་བདེན་པ་རྫབ་རྫུབ་ནི་ཟོག་ཟོལ་དང་། །ཕྱུགས་རྫིའི་ནི་ནོར་རྫི་རྫོངས་སུ་ནི་སྐྱེས་སམ་སྐྱེལ་རྫོང་རྫིའུ་བྱིན་ནི་རྫམ་ཆུང་། །རྫིང་བུར་ནི་ཆུ་རྫིང་རྫུས་སྐྱེས་ནི་མེ་ཏོག་ལས་སྐྱེས་པ་འདམ་རྫབ་ནི་ས་འདམ་རྫོགས་ནི་ཟད་པ། །རྫི་ཕྱོགས་ནི་རླུང་ཕྱོགས་རྫ་མའི་ནི་ཁོག་མ་བུ་རྫི་ནི་བུ་ཚ་བལྟ་མཁན་དང་། །རྫི་མེད་ནི་རླུང་མེད་པའམ་དྲི་མི་ཚོར་བ་རྫི་མ་ནི་མིག་གི་ཟིན་པའི་རྫོགས་ནི་ཚར་བ། །མཁར་རྫོང་ནི་རྫོང་ཁག་ནོར་རྫས་ནི་ལོངས་སྤྱོད་རྫུ་འཕྲུལ་ནི་སངས་རྒྱས་ཀྱི་སྤྲུལ་པ་དང་། །རྫོགས་སངས་རྒྱས་ནི་སངས་རྒྱས་པ་ལ་སོགས་པ་རར་བཏགས་པའི་ཛའོ། །
༈ གཞན་གྱིས་མི་བརྫི་ནི་མི་ཐུབ་པ་ཁྲོ་བོར་བརྫུས་ནི་ཁྲོ་བོ་ལངས་པ། །རལ་པ་གྱེན་བརྫེས་ནི་གནམ་དུ་གཟེངས་པ་སྲོག་ཆགས་བརྫིས་ནི་རྐང་པས་བརྫི་བ། །ཟན་བརྫིས་ནི་ཟན་སྒོང་བ་ཡུལ་གཞན་བརྫངས་ནི་མཐའ་ལ་སྤྱུགས་པ་ལ་སོགས། །པ་བས་འཕུལ་ར་མགོ་ལྡན་པའི་ཛའོ། །
༈ ཝ་སྐྱེས་ནི་སེམས་ཅན་ཕ་ཝང་ནི་རྡོ་དང་པགས་བྱིའུ་ཆུའི་ཝ་ཁ་ནི་ཆུའི་ཟར། །འགིའུ་ཝང་ནི་གླང་ཆེན་ལས་བྱུང་བ་པི་ཝང་ནི་སྒྲ་བརྙན་འཛུམ་ཝང་ཝང་ནི་མཁུར་འཛུམ། །ཡིད་ལ་ཝལ་ལེ་ནི་ཡིད་ལ་གསལ་ལེ་བ་ཝང་ལོང་ནི་ཨ་ལོང་དང་། །ཝ་ཏ་ཡུག་ནི་རས་ཡུག་ལ་སོགས་པ་ཝ་རྐྱང་ངོ་། །
༈ ཞ་བོའི་ནི་རྐང་ལག་སྐྱོན་ཅན་ཞྭ་མོ་ནི་མགོའི་ཞྭ་ལ་སོགས་པ་ཞ་རྐྱང་ངོ་། །
༈ མཉམ་གཞག་ནི་ཏིང་ངེ་འཛིན་གཞལ་བྱ་ནི་ཚད་དམ་ཡུལ་གཞལ་མེད་ཁང་ནི་ལྷའི་ཁང་བཟང་། །ཀུན་གཞི་ནི་རྣམ་ཤེས་རྣམ་གཞག་ནི་བྱ་གཞག་ནམ་གཞག་གཏན་ནི་རྒྱུན་དུ། །གཞོན་ནུ་ནི་བཅུ་དྲུག་ལོན་པ་གཞུང་བཟང་ནི་གཤིས་བཟང་བ་གཞའ་ཚོན་ནི་འཇའ་ཚོན་གཞུ་ནི་གནམ་རུ། །གཞོགས་སླང་ནི་ངོ་བསྟོད་ཀྱིས་ལེན་པ་བདུད་གཞོམ་ནི་འཇོམས་པ་སྦོ་གཞོགས་ཀྱི་ནི་ལུས་ཀྱི་གཞོགས་གཡས་གཡོན། །གནས་གཞི་ནི་རྟེན་གཞོང་པ་ནི་སྣོད་གཡང་གཞི་ནི་རྐང་ལག་མ་ཉམས་པའི་པགས་པ་གཞན་ནི་རང་ལས་གཞན་པ། །མངག་གཞུག་ནི་གཡོག་པོ་ཁུ་བ་གཞིབ་ལ་ནི་འཇིབ་པ་གཞོལ་ནི་བྱ་བ་ལ་འཇུག་པ། །གཞའ་གསང་ནི་བརྟན་པའམ་གཡུང་དྲུང་གཞོངས་སུ་ནི་ལྗོངས་སུ་ལྕག་གིས་ནི་རྟ་ལྕག་བརྡེག་པ། །གཞི་གྲུབ་ནི་གཞལ་བྱ་ཡོད་པ་གཞུང་ལུགས་ནི་བསྟན་བཅོས་བརྟག་གཞིག་ནི་རིགས་པས་དཔྱད་པ་གཞུག་ནི་འཇུག་པ། །གཞོགས་ཀྱི་ནི་ལུས་ཀྱི་སྦོ་ནད་གཞི་ནི་སྙུན་གཞི་གཞང་འབྲུམ་ནི་བཤང་བའི་ནད་གཞིལ་ནི་འཇོམས་པ། །གཞར་ཡང་ནི་ནམ་ཡང་གཞོམ་མེད་ནི་གཞུར་མེད་དམ་མི་བཤིགས་པ་ཡིད་གཞུངས་ནི་མཁས་པ་གཞོབ་ནི་ཚིག་དྲི། །གཞིས་ཀ་ནི་ཞིང་ཁ་གླུ་གཞས་ནི་བྲོ་ཁྲབ་པ་འཚོ་ཞིང་གཞེས་ནི་མྱ་ངན་མི་འདའ་བ། །དྲན་པ་ཉེར་གཞག་ནི་ལུས་ཚོར་སེམས་ཆོས་བཞི་བསྒྲིགས་པའི་གཞིབས་ནི་གཤིབས་པ། །གཞེན་བསྐུལ་ནི་དྲན་བསྐུལ་ནང་གཞུག་ནི་ནང་དུ་འཇུག་པ་ལ་སོགས་པ་གས་འཕུལ་བའི་ཞའོ། །
༈ བཞག་ཟིན་ནི་འདས་པ་བཞད་གད་ནི་གད་མོ་བཞད་དཀར་ནི་ཆུ་བྱ་བཞི་ནི་གྲངས། །བཞབས་ནས་ནི་འཇབས་པ་སྐྲ་བཞར་ནི་བཞུར་བ་བཞམས་བསྒོ་བྱེད་ནི་དྲན་བསྐུལ། །གསོལ་བཞིའི་ནི་བསྙེན་རྫོགས་ཀྱི་ལས་དགོངས་བཞེད་ནི་ཐུགས་འདོད་དེ་བཞིན་ཉིད་ནི་དོན་དམ། །བཞེངས་ནི་ལངས་པ་བཞུགས་ནི་སྡོད་པ་འབྱོན་བཞུད་ནི་གཤེགས་པ་བཞོན་པ་ནི་རྟ་ཞོན་ནི་རྟར་ཆིབས་པ། །བཞོན་མ་ནི་བ་ཕྱུགས་བཞོ་ནི་འོ་མ་འཇོ་བ་བཞོས་ནི་ཟིན་པ་བརླན་བཞའ་ནི་བརླན་གཤེར་བཞོགས་ནི་གྲིས་བཞོགས་པ། །གཡོག་བཞུན་ནི་བྲན་མར་ཞུ་ནི་མེར་བཞུ་བ་བཞུར་ནས་ནི་སྣམ་ཐེར་གྱི་སྦུ་བཞུར་བ་བཞེས་ནི་ལེན་པ། །བཞིན་རས་ནི་གདོང་མེ་བཞི་དང་གྲོ་བཞིན་དང་བྱི་བཞིན་གསུམ་ནི་རྒྱུ་སྐར། །འདི་བཞིན་ནི་འདི་ལྟར་ཁུར་བཞེས་ནི་འགན་ཁུར་ལེན་པ་དཔང་ཆེ་བཞི་ནི་དཔང་པོ་བཞི། །བཞི་མཉམ་ནི་ལུས་བཞག་ནི་ནང་ཁྲོལ་གྱི་བཞག་ལ་སོགས་པ་བས་འཕུལ་བའི་ཞའོ། །
༈ ཟྭ་ཚོད་ནི་སྔོ་མི་ཟད་ནི་མི་འཛད་པ་གཞན་ལ་ཟློ་ནི་བརྗོད་པ། །སྔགས་ཟློས་ནི་བསྐུལ་ཚིག་ཟློས་གར་ནི་འཆམས་བ་ནི་བསིལ་ཟེར་ཅན་ཟླུམ་ནི་དབྱིབས། །ཟླ་གམ་ནི་ཟླ་ཕྱེད་ཟླས་དབྱེ་ནི་སོ་སོར་ཕྱེ་བ་ཟློག་པ་ནི་བར་ཆད་ཟློག་པ་དང་། །ཟླ་གྲོགས་ནི་ར་མདའ་ལོ་ཟླ་ནི་དུས་ཚིགས་མྱ་ངན་ཟློ་ནི་འདའ་བ། །བསྐྱར་བའི་ཟློས་ནི་ཡང་ཡང་ལ་སོགས་པ་ཟ་ཉིད་དོ། །
༈ གཅན་གཟན་ནི་མཆེ་སྡེར་ཅན་གཟིག་གི་ནི་སྟག་གི་ཅིག་ཤོས་གཟུགས་བརྙན་ནི་སྣང་བརྙན་གཟིགས་ནི་བལྟ་བའི་ཞེས། །གཟའ་སྐར་ནི་སྐར་ཚོགས་འོད་གཟེར་ནི་ཟེར་གཟི་བརྗིད་ནི་བཀྲག་མདངས་གཟི་ནི་ནོར་བུ། །རྔུལ་གཟན་ནི་དགེ་སློང་གི་ན་བཟའ་ཕྲག་པར་གཟེད་ཅིང་ནི་བཀལ་བ་གཟར་ནི་དཔྱང་བ། །གཟོང་གིས་ནི་རྐོ་བྱེད་གཟེར་ལ་ནི་ཤིང་གཟེར་གཟེར་བུ་ནི་ལྕགས་གཟེར་ཆུང་ངུ་གཟུགས་ནི་གདས་པ། །གཟེགས་མ་ནི་ཉག་མ་གཟེགས་ཟན་ནི་མུ་སྟེགས་པའི་མིང་གཟིར་བར་ནི་སྐྲག་ཏུ་བཅུག་པ་གཟས་ནི་བརྡེག་པར་བརྩམ་པ། །ད་གཟོད་ནི་ད་ཆར་དྲིན་གཟོ་ནི་དྲིན་ལན་འཇལ་བ་ཆུད་མི་གཟོན་ནི་ཆུ་མི་ཟ་བ། །གཟུ་ལུམས་ནི་རང་བཟོའམ་བབ་ཅོལ་གཟུང་འཛིན་ནི་ཡུལ་ཡུལ་ཅན་གཟེག་ཆ་ཆུང་ནི་རེག་ས་མེད་པ། །ཟུག་གཟེར་ལ་ནི་ན་བའི་ཟུག་རྔུ་གཟེམ་ནི་འཛོམས་པ་གཟིམ་མལ་ནི་མལ་ཆ་གཟུད་ནི་བཙུད་པ། །གཟེར་མ་ནི་རྩང་གཟེ་མ་ར་མགོ་ཚེར་མ་གཟང་རིང་ནི་རྩེ་རྣོན་པོ་གཟན་ནི་རྐང་པ་ལ་གཟན་པ། །གྲུ་གཟིངས་ནི་ཆུ་ལས་སྒྲོལ་བྱེད་ཤ་གཟུགས་ནི་ཤ་ཁོག་ཟས་ཀྱི་གཟན་ནི་སྤགས། །ཕྱིང་གཟར་ནི་རཏའི་ཤ་གདན་གཟར་བུ་ནི་གཟར་རུ་དགང་བླུགས་གཟར་ནི་སྦྱིན་སྲེག་གི་བླུགས་གཟར། །གཟེངས་བསྟོད་ནི་མངའ་གསོལ་གཟི་མདངས་ནི་བཀྲག་མདངས་གཟོད་མའི་དུས་ནི་གདོད་མའི་དུས། །རི་གཟར་ནི་གྱེན་གཟར་པོ་གཟུགས་མོ་བྱི་དུར་ནི་བྱ་སྒྲོ་རྩང་ཅན་གཟུགས་ནི་དེས་ཟུག་པ། །གཟར་ཐག་ནི་དཔྱང་ཐག་གཟུངས་ཐག་ནི་ཞགས་པའམ་གཟུངས་ཐག་རྡོ་རྗེ་གཟབས་ཀྱང་ནི་ཟབ་ཟབ་བྱེད་པ་གཟགས་ནི་གཟག་པ། །གཟུངས་སྤོབས་ནི་མི་བརྗེད་པའི་གཟུངས་དང་མི་འཇིགས་པའི་སྤོབས་པ་གཟུགས་སྔགས་ནི་མཚན་སྔགས་ཐུགས་གཟུ་པོ་ནི་དྲང་པོ། །བསྒོ་བ་རྣར་གཟོན་ནི་བསླབ་བྱ་ལ་མི་ཉན་པ་ལ་སོགས་པ་གས་འཕུལ་བའི་ཟའོ། །
༈ བཟའ་བ་ནི་ཟས་བཟའ་ནི་ཟ་བ་བཟས་ནི་ཟིན་བུད་མེད་བཟའ་ནི་རྒྱ་མོ་བཟའ་བལ་མོ་བཟའ་མཁའ་ཆེན་བཟའ་སོགས། །བཟའ་མི་ནི་ཁྱོ་ཤུག་བཟི་ཞིང་ནི་ཆང་གིས་བཟི་བ་མ་བཟླུགས་ཀྱང་ནི་མ་དྲིས་ཀྱང་། །ན་བཟའ་ནི་གོས་བཟང་པོ་ནི་ལེགས་པ་ལག་པས་བཟུང་ནི་འཛིན་པ། །བཟོ་བོས་ནི་ཤིང་བཟོ་སོགས་ལྷུང་བཟེད་ནི་དགེ་སྦྱོང་གི་གམ་དུ་ཟས་ལྷུང་བ་བཟེད་པའི་སྣོད་བཟེད་ཞལ་ནི་ཞལ་ཕྱག་བཀྲུ་བའི་སྣོད་བཟེད་ནི་འོག་ནས་བཟེད་པ། །བཟེ་ཆུང་ནི་སྲན་ཆུང་བ་མི་བཟད་ནི་མ་རུང་པ་ལས་ལ་བཟུར་ནི་བྱོལ་བ། །བཟོད་པ་ནི་ཁོང་མི་ཁྲོ་བ་ཚོགས་བཟླུམས་ནི་བསྡུ་བ་སྔགས་བཟླ་ནི་བགྲང་བ་བཟླས་ནི་ཟིན་པ། །མི་བཟློག་ནི་ཕྱིར་མི་བཟློག་པ་གཡུལ་བཟློག་ནི་གཡུལ་ངོ་བཟློག་པ་མྱ་ངན་བཟླ་ནི་སྡུག་བསྔལ་ལས་འདས་པ་གཅིག་ཏུ་བཟླུམས་ནི་བསྡོམས་པ་ལ་སོགས་པ་བས་འཕུལ་བའི་ཟའོ། །
༈ ཡི་རང་ནི་ཡིད་ཆེས་པ་ཡི་ཆད་ནི་ཁོ་ཐག་ཆད་པ་ཡི་དྭགས་ནི་ངན་འགྲོ་དང་། །མདའ་ཡབ་ནི་ཁང་པའི་པུ་ཤུ་རྔ་ཡབ་ནི་བསིལ་གཡབ་ལ་སོགས་པ་ཡ་རྐྱང་ངོ་། །
༈ གཡོར་མོ་ནི་གྲུའི་དར་གཡོ་ནི་རླུང་གིས་གཡོ་བ་གཡོས་ནི་འདས་པ་གཡབ་མོ་ནི་མདའ་དར་གཡབས་ནི་གཡབ་ཟིན་པ། །གཡོར་པོ་ནི་ཡུལ་གྱི་མིང་གཡུར་ཟ་ནི་འབྲས་བུ་ཐུར་དུ་འཕྱང་བ་གཡན་པ་དགབ་ནི་ནད་གཡན་པ་སྒྲིབ་བྱེད་ཀྱི་གོས། །གཡང་ས་ནི་རི་བྲག་གཟར་པོ་མི་གཡོ་ནི་མི་འགུལ་བ་གཡུང་དྲུང་ནི་རྟག་པའི་དོན་གཡང་ནི་ཕྱྭ་གཡང་། །གཡེལ་མེད་ནི་མ་ཡེངས་པ་གཡུང་ཟ་ནི་མི་དང་འདྲེས་པའི་རི་དྭགས་ཟས་གཡོ་ནི་ལྟོ་གཡོ་བ་གཡོས་ནི་ཟིན་པ། །གཡང་གཞི་ནི་པགས་པ་ཡན་ལག་ཅན་གཡོག་ནི་ལུས་ལ་གཡོག་པ་གཡོགས་ནི་ཟིན་པ་གཡེར་མས་ནི་ཐིང་ངེ་གཡིགས་ནི་སྐྱིག་བུ། །གཡི་ལྤགས་ནི་གཅན་གཟན་གཡིའི་པགས་པ་གཡར་ནས་ནི་གཡར་བ་གཡབ་ནི་གོས་སོགས་གཡབ་གཡུག་ནི་ལག་པ་གཡུག་གཡོབ་ནི་གོན་པ། །གཡོན་མ་ནི་བུད་མེད་ལོག་གཡེམ་ནི་འདོད་ལོག་གཡེང་བས་ནི་རྣམ་གཡེང་གཡེངས་ནི་འདས་པ། །གཡའ་སྒོག་ནི་མཆན་ཁུང་སྐྱི་གཡའ་ནི་འཇིགས་པ་ལྕགས་གཡའ་ནི་བཙའ་གཡུ་ནི་རིན་པོ་ཆེ། །གཡུང་མོ་ནི་རིགས་ངན་གཡོ་སྒྱུ་ནི་མགོ་བསྐོར་གཡེར་བག་ནི་བག་མེད་གཡག་ནི་ལ་ནོར། །གཡས་གཡོན་ནི་ལོགས་གཡུལ་སྤྲོད་ནི་དམག་འགྱེད་པ་གཡུལ་ལས་ནི་དམག་ལས་གཡོག་ནི་བྱ་བ། །མིག་གཡོར་ནི་མིག་འཁྲུལ་བ་ཁ་གཡལ་ནི་གླང་བ་གཡར་ངོ་ཚ་ནི་སྐྱེངས་པ། །གཡར་ཁྲལ་ནི་ལས་མོ་གཡར་དམ་ནི་དམ་བཅའ་གཡར་ཁམས་ནི་སྐུ་ཁམས་དང་། །སྣང་གཡེལ་ནི་གཡེལ་བ་གཡེལ་ཁ་ནི་ལི་གཤང་ལ་སོགས་པ་གས་འཕུལ་བའི་ཡའོ། །
༈ ར་ལུག་ནི་དུད་འགྲོ་རྭ་ཅོ་ནི་མགོ་བོའི་རྡུལ་དུ་རློག་ནི་འཇོམས་པ། །མངོན་རློམ་ནི་ང་རྒྱལ་རློམ་སེམས་ནི་འདོད་སེམས་བྱིན་རླབས་ནི་ཐུགས་རྗེ་རློབས་ནི་བསྐུལ་ཚིག །རློན་པ་ནི་གཤེར་བ་རླག་བྱེད་ནི་གཞོམ་བྱེད་འདོམས་ཀྱི་རླིག་ནི་རླིག་པ། །རླབས་ཆེན་ནི་རྒྱ་ཆེ་བ་དབའ་རླབས་ནི་རྦ་རླབས་རླངས་པ་ནི་ཆུའི་རླངས་པ་རླུང་ནི་གསེར་བུ། །རླམ་ཁྱེར་ནི་ཧམ་ཅན་ཁྲག་རླངས་ནི་ཁྲག་གི་རླངས་པ་རླན་རློན་ཆང་ནི་ཆུ་དང་འབྲུའི་ནུས་པ། །རློག་མོ་ནི་མི་གཙང་བ་རླུགས་པ་ནི་ཟས་མ་ཞུ་བར་འཐོན་པ་ཁུང་བུའི་རླུབས་ནི་བུ་ག །དུད་འགྲོའི་རླིད་བུ་ནི་གསོབ་ལ་སོགས་པ་བས་འཕུལ་མེད་པའི་རྐྱང་འདོགས་སོ། །
༈ བཅོམ་བརླག་ནི་རྒྱ་གར་གྱི་ཡུལ་ཞིག་གི་མིང་ཚིག་བརླང་ནི་ཚིག་རྩུབ་བརླག་བྱ་ནི་དགྲ་བརླགས་ནི་ཟིན་པ། །བརླ་ཤ་ནི་ལུས་ཀྱི་ཆུས་བརླན་ནི་སྦང་བ་ཡ་མ་བརླ་ནི་སྙིང་པོ་མེད་པ། །བློ་བརླུག་ནི་གྲོགས་པོ་བརྟན་བརླིང་ནི་མི་འགྱུར་བ་བྱིན་གྱིས་བརླབས་ནི་ཟིན་པ། །གདོན་གྱིས་བརླམས་ནི་བདུད་ཀྱིས་ཟིན་པ་ལ་སོགས་པ་བས་འཕུལ་བའི་རླའོ། །
༈ ལྭ་ནི་གོས་ཀྱི་བྱེ་བྲག་སྟེ་གོས་སྲབ་ཅིང་ཡང་པ་ཞིག་ཡིན་ནོ། །
༈ ཤར་གྱི་ནི་ཕྱོགས་ཤིང་ཁར་ནི་ཤིང་རྩེར་ཤང་ཤང་ནི་བྱ་ཤི་ནི་འཆི་བ། །ཤུལ་དུ་ནི་རྗེས་སུ་ཤིད་ཟན་ནི་གཤིན་པོའི་ཟས་ཤེལ་གྱི་ནི་ཤེལ་གྱི་མེ་ལོང་ལྟ་བུ་ཤུབས་ནི་དེའི་ཤུབ། །ཤེད་བུ་ནི་ཚངས་པའི་ཤེད་ལས་སྐྱེས་པའི་བུ་ཚ་ཤེད་བདག་ནི་ཚངས་པ་ཤེད་ལས་སྐྱེས་ནི་མི་སྤྱིའི་མིང་། །ཤུན་ལྤགས་ནི་པགས་ཀོ་ཤམ་ཐབས་ནི་སྨད་གོས་ཤུར་བུས་བཅིངས་ནི་སྐ་རག་གིས་བསྡམས་པ། །ཤེས་ལྡན་ནི་བློ་ལྡན་ཤིན་ཏུ་ནི་ཧ་ཅང་ཤུབ་བུར་སྨྲ་ནི་སྐད་ཆུང་དུར་གླེང་བ། །ཤན་པ་ནི་གཤན་པ་ཤྭ་འོད་ནི་ཆུ་རུལ་བ་ལ་སོགས་པ་ཤ་རྐྱང་ངོ་། །
༈ བདེ་གཤེགས་ནི་སངས་རྒྱས་གཤིས་ལུགས་ནི་གནས་ལུགས་དེ་བཞིན་གཤེགས་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པ། །གཤིན་པོའི་ནི་ཚེ་འདས་གཤགས་འབྱེད་ནི་ཁ་འཐབ་གཤིན་རྗེ་ནི་གཤིན་པོའི་རྗེ་བོའམ་དཔོན་པོ་གཤེད་ནི་དགྲ། །གཤེན་རབས་ནི་བོན་པོའི་སྟོན་པ་གཤང་དཀྲོལ་ནི་བོན་པོའི་རོལ་མོ་དབུ་སྐྲ་གཤོར་ནི་བཞར་བ། །གཤིས་ངན་ནི་སེམས་རྒྱུད་ངན་པ་གཡུལ་གཤོམ་ནི་དམག་གི་གྲབས་གཤུང་ནི་ཤུབ་བུར་སྨོད་པ་དང་གཤེ་ནི་འཐབ་འཛིང་། །མོ་གཤམ་ནི་རབས་ཆད་གཤའ་མ་ནི་བདེན་པ་ཡིན་དུ་གཤའ་ནི་ཡིན་ཤས་ཆེ་བ། །གཤོར་གྱིས་ནི་མ་ཐུབ་པ་ཆུ་གཤོ་ནི་ཕྱིར་གཤོར་བ་ཤིང་གཤོག་ནི་གཞོག་པ་གཤགས་ནི་བཀས་ཟིན་པ། །ཐོང་གཤོལ་ནི་ཁ་དམིགས་གཤག་ཅིང་ནི་བཀས་པ་འདབ་གཤོག་ནི་བྱའི་གཤོག་པ་གཤིབས་ནི་གོ་གཞིབ་པ། །བརླན་གཤེར་ནི་ཆུ་བྲེས་གཤོར་ནི་འཇལ་བ་འཕྲང་ལ་གཤོར་ནི་ལམ་ལ་འགྲོ་བ། །གཤམ་གྱི་ནི་འོག་གི་སྤངས་གཤོང་ནི་སའི་དབྱི་བ་ཞིང་ས་གཤིན་ནི་བཟང་པོ། །གཤོང་བུ་ནི་ཀྱོང་ཀྱོང་གཞོང་པ་ལྟ་བུ་ལ་སོགས་པ་གས་འཕུལ་ནི་ཤའོ། །
༈ མཛའ་བཤེས་ནི་གཉེན་དགེ་བཤེས་ནི་མཁས་པ་ལྷ་བཤོས་ནི་ཞལ་ཟས་བཤམས་ནི་སྒྲིགས་པ། །སྡིག་བཤགས་ནི་ཉེས་པ་ཆགས་པ་ཕྱི་བཤོལ་ནི་ཡུན་འགྱངས་པ་བཤུལ་ལམ་ནི་ལམ་ཁ་བཤར་ནི་འགྲོ་བ། །བཤུམ་ནི་དུ་བའི་ཞེ་ས་བཤུམས་ནི་འདས་པ་བཤད་དྲུད་ནི་ས་ནས་དྲུད་པ་བཤུད་ནས་ནི་ཕར་བཤུད་པ་བཤགས་ནི་བཟོད་གསོལ། །བཤའ་ཚེ་ནི་ཞ་ཉེ་བགོ་བཤའ་ནི་རང་སྐལ་རི་དྭགས་བཤར་ནི་འདེད་པ། །རྒྱབ་བཤུལ་ནི་མི་རྒོལ་བ་པགས་བཤུས་ནི་པགས་པ་བཤུས་པ་བཤན་པས་ནི་དམར་མཁན་བཤས་ནི་སེམས་ཅན་གསོད་པ། །མེར་བཤུར་ནི་མེ་ལ་སྤར་བ་ཆུས་བཤལ་ནི་བཀྲུས་པ་བཤང་གཅི་ནི་མི་གཙང་བ་བཤོ་ནི་བོར་བ། །མཁར་བཤིག་ནི་ཁྱིམ་བཤིག་པ་བྲེས་བཤར་ནི་འཇལ་བ་འཕྲང་ལ་བཤར་ནི་ལམ་བཤུར་བ། །སྦུབས་བཤངས་ནི་བརྟོལ་བ་དཔེ་བཤད་ནི་དཔེར་བརྗོད་པ་ལ་སོགས་པ་བས་འཕུལ་བའི་ཤའོ། །
༈ སངས་རྒྱས་ནི་བདེ་གཤེགས་སོར་མོ་ནི་ཕྱག་ཞབས་ཀྱི་མཛུབ་མོ་སེན་མོ་ནི་མཛུབ་མོའི་སེན་མོ་སོ་ནི་ཁའི་སོ། །སིལ་སྙན་ནི་རོལ་མོའི་བྱེ་བྲག་སིལ་སིལ་ནི་སྒྲ་སྐད་སེ་མོ་དོ་ནི་རྒྱན་གྱི་བྱེ་བྲག །ཚེ་སྲོག་ནི་བླ་ཚེ་སྲུང་ཞིང་ནི་སྲུང་བྱེད་འོད་སྲུང་ནི་སངས་རྒྱས་སོགས་ཀྱི་མཚན་སྲས་ནི་བུའི་ཞེ་ས། །སྲིད་པར་ནི་འཁོར་བ་དྲང་སྲོང་ནི་ལྷའི་བྱེ་བྲག་སྲོལ་ཚུགས་ནི་ལུགས་སྲོལ་བཙུགས་པ་སྲིད་ནི་ཡོད་པ། །སྲོང་དུས་ནི་སྲོད་འཁོར་ས་སྲོས་ནི་ས་རུབ་པ་སྲེ་ནག་ནི་བྱ་སྒྲོ་ནག་པོ་སྲབ་ནི་ཡལ་བའམ་ཉུང་བ། །སྲིན་པོ་ནི་ཤ་ཟ་ལུས་སྲུང་ནི་གདོན་གྱི་བྱེ་བྲག་ས་སྲུང་བུ་ནི་གླང་ཆེན། །སྲུབས་ཀྱི་ནི་བར་མཚམས་ལམ་སྲང་ནི་བརྒྱ་ལམ་སྲིད་དུ་ནི་རིང་དུ་སྲིངས་ནི་བསྐུར་བའི་བསྐུལ་ཚིག །ཡིད་སྲུབས་ནི་འདོད་ལྷའི་རྒྱལ་པོ་ཀྱིས་ནི་ཚིག་གྲོགས་བྱེད་སྒྲ་སྲེག་ནི་ཚིག་པ་སྲིང་མོར་ནི་ནུ་མོ་སྲེད་ནི་ཆགས་པ། །སྲུ་མོའི་ནི་ཨམ་སྲུ་སྲི་ཞུ་ཞབས་ཏོག་སྲིའུའི་ནི་བུ་ཚའི་སྲི་ནི་ཆུང་སྲི་སོགས། །སྲེ་མོ་ནི་གཅན་གཟན་འདྲེད་མོ་སྲེག་པ་ནི་བྱ་སྲིན་བྱ་ནི་འབྱུང་པོའི་བྱ་སྲམ་ནི་ཉའི་གཤེད་མ། །སྲིན་བུ་ནི་སྲོག་ཆགས་སྲོ་མ་ནི་ཤིག་གི་སྲོ་མ་སྲད་བུ་ནི་སྐུད་པ་སྲ་ནི་མཁྲེགས་པ། །ཇི་སྲིད་ནི་དུས་དེ་སྲིད་ནི་ཚད་སྲན་མ་ནི་འབྲུ་སྲུས་ནི་ནས་སྲུས། །བསྙེན་སྲིང་ནི་ཉེ་རིང་སྲེག་བྱེད་ནི་མེ་སྲེག་བླུགས་དང་ནི་སྦྱིན་སྲེག་རྫས། །རྒྱལ་སྲིད་ནི་རྒྱལ་པོའི་མངའ་ཐང་མུན་སྲིབས་ནི་མཚན་མོ་རྟ་ཡི་སྲབ་ནི་རྟ་ཁ་སྒྱུར་བྱེད། །སྲུབ་ཤིང་ནི་ཇ་སྲུབ་སྲུབ་ཐག་ནི་འོ་མ་དཀྲོགས་བྱེད་ཀྱི་རྐྱལ་ཐག་འཇལ་བྱེད་སྲང་ནི་ཉ་ག །སློབ་དཔོན་ནི་ཡོན་ཏན་སྟོན་མཁན་སློབ་མ་ནི་སློབ་མཁན་སློབ་གཉེར་སླ་ནི་ཡོན་ཏན་ཤེས་སླ་བ། །སློབ་པ་ནི་ཡོན་ཏན་སྦྱངས་པ་སློ་མར་ནི་བང་ཅུང་སློ་མོ་ནི་བསོད་སྙོམས་སློང་ནི་ལེན་པ། །སླེ་བ་ནི་ཡན་ལག་སྐྱོན་ཅན་གྱེན་སློང་ནི་བསྒྲེང་བ་སློག་ཀྱང་ནི་ལོག་པ་སླེབ་ནི་གནས་སུ་འཁོད་པ། །སླེ་ཏྲེས་ནི་སྨན་སླུ་གུའི་ནི་མཆོད་མེ་བཞུར་སྣོད་ཆུ་སླ་མོ་ནི་བསྐ་བ་མིན་པ། །ཀུན་སློང་ནི་བསམ་པ་སླེ་ཡོན་ནི་གྱ་གྱུ་ཅན་བསད་པའི་སློ་ནི་ནང་ཁྲོལ་གྱི་སྐྱག་པ། །སླར་ཞིང་ནི་ཕྱིར་ཞིང་སླར་ཡང་ནི་ཡང་བསྐྱར་སླུ་མེད་ནི་མི་བསླུ་བ་སླད་ནི་ཆེད་དུ། །སླེའུ་ནི་མལ་གཟན་ཕྱ་ར་སློག་པ་ནི་གོས་ཕྱི་ནང་སློག་ནི་ཕྱི་ནང་སྒྱུར་བ། །སླ་ངའི་ནི་རྫར་སོགས་རྔོ་རྒྱུའི་སྣོད་སླད་རོལ་ཕྱོགས་སུ་སློན་ནི་ཕྱོགས་སུ་གཏོགས་པ། །སླད་མར་ནི་རྗེས་མར་སླད་ནས་ནི་རྗེས་ནས་དུག་རོ་སློང་ནི་ནད་རོ་སློང་བ། །ས་བརྐྱང་བཏིང་ནི་དབྱར་གནས་ཟིན་དུས་ཆོས་གོས་བྱིན་རླབས་སྤོ་གཞི་བཏིང་བ་ལ་སོགས་པ་ས་ཉིད་དོ། །
༈ གསར་བུ་ནི་ལས་དང་པོ་པ་གསར་ནས་ནི་གསར་པ་འཁར་གསིལ་ནི་ཕྱག་འཁར་གསོར་ནི་བཙུགས་ཚུལ། །ཁ་གསག་ནི་ངོ་བསྟོད་གསོག་གསོབ་ནི་སྙིང་པོ་མེད་པ་གསད་བྱ་ནི་སེམས་ཅན་གསོད་ནི་གསོད་བྱེད། །གསང་སྔགས་ནི་ལམ་ཟབ་མོ་སྙན་གསན་ནི་རྣ་བས་ཐོས་པའི་ཞེ་ས་གསུང་རབ་ནི་དམ་པའི་ཆོས་གསུངས་ནི་ཟིན་པ། །གསོང་པོའི་ཚིག་ནི་སྐད་གསང་འདོན་པ་གསོལ་ནི་ཞུ་བ་གསོལ་འདེབས་ནི་གསོལ་བ་བཏབ་པ་གསོན་ནི་ཉོན་ཅིག་ཅེས་པའི་བསྐུལ་ཚིག །གསེར་མདོག་ནི་ཁ་དོག་གསེར་ལྟར་བཟང་བ་ནེའུ་གསིང་ནི་སྤང་ལྗོངས་གསེག་མའི་ནི་རྡོའི་གསེབ་ནི་རྡོ་གསེབ་ནགས་གསེབ། །གསེབ་དང་ནི་རྟ་གསེབ་ཟེར་བ་གསའ་ཡིས་ནི་སྲོག་ཆགས་གསག་གསིར་ཏེ་ནི་སྡོད་མི་ཆགས་པའི་ཟར་ཟིར་ཅན། །ཤིང་གསོམ་ནི་གསོམ་ཤིང་གསོར་གྱིས་ནི་བཟོ་བོའི་ལག་ཆ་གསིལ་ཞིང་ནི་དྲ་བ་གསེས་ནི་དྲ་བ་གསེས་ནི་དུམ་བུར་གཤག་པ། །གསས་མོ་ནི་ལྷའི་བྱེ་བྲག་གསོག་འཇོག་ནི་ནོར་བསགས་པ་གསང་གཏམ་ནི་སྙིང་གཏམ་གསོང་ནི་གསང་བའི་བསྐུལ་ཚིག །གསོ་རས་ནི་གསོ་མར་ཙ་སྤུ་གསེད་ནི་སྤུ་རྨེལ་བ་གསང་གི་གསུར་ནི་བསངས་དང་གསུར། །གསུས་པ་ནི་ལྟོ་བ་གསོ་ཕྱིར་ནི་འཚོ་ཕྱི་གསོལ་ཡང་ནི་ཟ་བའི་ཞེ་ས་གསུད་ནི་སྒྲེགས་པ། །སོ་གསོད་ནི་དལ་ཁོམ་ལུས་གསིག་ནི་འདར་བ་དྲིལ་གསིལ་ནི་དྲིལ་བུ་དཀྲོལ་བ་གསུམ་ནི་གྲངས། །སྐད་གསང་ནི་སྐད་བཟང་བ་གསེག་གཤང་ནི་འཁར་གསིལ་གསེག་ཀ་ལི་ནི་ཤོག་ཀ་ལི། །གསོན་པོ་ནི་མ་ཤི་བ་སྙན་གསང་ནི་རྣ་བ་གསལ་བའི་ཞེ་ས་ཆུད་མ་གསོན་ནི་ཆུད་ཟོས་མ་སོང་བ། །འོད་གསལ་ནི་ཉི་ཟླའི་འོད་གསལ་བ་ནང་གསེས་ནི་ནང་ཚན་དྲི་ཆུ་གསིལ་ནི་ཆུ་གཏོང་བའི་ཞེ་ས། །གསལ་ཤིང་ནི་མཚོན་ཆའི་བྱེ་བྲག་ཆུད་གསན་ནི་ཆུད་ཟོས་པ་ལ་སོགས་པ་གས་འཕུལ་བའི་སའོ། །
༈ སྔོ་བསངས་ནི་ནམ་མཁའི་མདོག་འབགས་བསངས་ནི་བཙོག་པ་བསངས་པ་ཚོགས་བསག་ནི་བསོད་ནམས་བསག་པ་བསགས་ནི་ཟིན་པ། །དམིགས་བསལ་ནི་ལོགས་སུ་བཀར་བ་སྐྱོན་བསལ་ནི་སྐྱོན་སྤངས་པ་བསམ་བྱ་ནི་དགེ་མི་དགེ་ལས་བསམས་ནི་ཟིན་པ། །བསྲེ་ཁྲབ་ནི་གོ་ཁྲབ་ཀྱི་བྱེ་བྲག་བསོད་ནམས་ནི་ལེགས་བྱས་བསོད་སྙོམས་ནི་ལྡུམ་བུ་བསོགས་ནི་བརྡ་རྙིང་བརྡ་གསར་ལ་བསགས། །ཚེ་བསྲིང་ནི་ཚེ་རིང་དུ་བཏང་བ་བསམ་བློ་ནི་མནོ་བསམ་དྲིན་བསབ་ནི་དྲིན་ལན་འཇལ་བ་བསབས་ནི་ཟིན་པ། །ཡོ་བསྲང་ནི་གཡོ་བ་བསྲང་བ་ནོར་བསྲི་ནི་མང་པོའི་ཁྲོད་ནས་གདམས་པ་རྒྱང་བསྲིང་ནི་ཡུན་བསྲིང་བསྲིངས་ནི་ཟིན་པ། །དྲི་བསུང་ནི་དྲི་ཞིམ་པ་གིས་བསུས་ནི་དྲངས་པའམ་སྣ་འདྲེན་པ་བསེ་རུ་ནི་རི་དྭགས་བསད་ནི་སྲོག་བཅད་པ། །བསྲུངས་པ་ནི་གནོད་པ་བསྲུང་ཟིན་པ་བསྲུང་བྱ་ནི་སྡོམ་པ་བསྲེག་བྱ་ནི་ཤིང་བསྲེགས་ནི་ཟིན་པ། །བཟོད་བསྲན་ནི་བསྲན་ཆེ་ཆུང་བསྲོ་ཁང་ནི་ཁྲུས་བསྐུ་མཉེ་ཕྱིས་སོགས་བྱེད་པའི་མེ་ཁང་གི་མིང་ཞོ་བསྲུབས་ནི་དཀྲོགས་པ་བསྲེས་ནི་འདྲེས་ཟིན་པ་བསོད་པའི་ཟས་ནི་ཟས་བཟང་པོ་བསྲེལ་ནི་བཟུང་བའམ་འཆང་བ་རིང་བསྲེལ་ནི་གདུང་རིང་བསྲེལ་བསྲིངས་ནི་བསྐུར་ཟིན་པ། །བྱ་བའི་བསྲལ་ནི་བྱ་བ་རླབས་ཆེ་བའི་དོན་དང་སྒྲིབ་པ་བསབས་ནི་སྒྲིབ་པ་ཆུང་ངུར་སོང་བ། །བསེལ་བའི་ནི་འཇིགས་སྐྱོབ་ཀྱི་སྐྱེལ་མ་བསོ་སྒྲ་ནི་ཀི་སྒྲ་ངལ་བསོས་བུ་ནི་རྣམ་ཐོས་སྲས། །ཁ་བསུམ་ནི་ཁ་བསྡམས་པ་རྗེས་བསུབས་ནི་རྐང་རྗེས་སོགས་བསུབས་པ་བསེར་བུ་ནི་རླུང་བསིལ་ནི་གྲང་བ། །ལྷ་བསངས་དང་མེ་བསངས་ནི་བསངས་མཆོད་སྐྱོ་བསངས་ནི་ཁམས་བསངས་དང་། །བློ་བསྲུན་ནི་བློ་ངན་པ་བསམ་བསེའུ་ནི་བུད་མེད་ཀྱི་མངལ་སྦ་བསྲིས་མེད་ནི་མ་སྦས་པ། །བསང་གཏོར་ནི་བུམ་ཆུ་ཞབས་བསིལ་ནི་ཆུ་གཙང་ཞལ་བསིལ་ནི་མཆོད་ཡོན་བསོ་ནི་མེ་དང་ཉི་མ་བསོ་བ། །བསླད་བྱ་ནི་སྐྱོན་བསླད་ནི་སྐྱོན་གྱིས་བསླད་པ་བསླུ་བྱ་ནི་ཕ་རོལ་པོ་བསླུས་ནི་ཟིན་པ། །བསླང་བྱའི་ནོར་ནི་ལེན་པའི་བྱ་བ་བསླངས་ནི་ཟིན་པ་ཕྱོགས་སུ་བསླན་ནི་ཕྱོགས་སུ་གཏོགས་ཟིན་པ། །བསླབ་བྱ་ནི་སྡོམ་པ་དམ་ཚིག་བསླབ་པ་ནི་ཡོན་ཏན་སྦྱངས་པ་གྱེན་དུ་བསླངས་ནི་བསྒྲེངས་ཟིན་པ། །འདོད་པའི་བསོད་ཉམས་ནི་འདོད་པ་ལྷག་པར་སྤྱོད་པའི་མིང་ལ་སོགས་པ་བས་འཕུལ་བའི་སའོ། །
༈ སྲལ་སྲལ་ནི་སྤྱོད་པ་རྩིངས་པ་སྲུལ་སྲུལ་ནི་གོས་ངན་པ་མིག་སྲིག་སྲིག་ནི་བལྟ་ཚུལ། །ཧྭ་ཤང་ནི་རྒྱ་ནག་གི་མཁས་པ་ཧྭགས་ནི་བུ་རམ་གྱི་དྭངས་མ་དང་གོས་ཀྱི་ཧྭ་ནི་གོས་ཀྱི་སོ། །རྩབ་སྲལ་ནི་གོས་རྩབ་མོ་ལ་སོགས་པ་ཧ་ཉིད་དོ། །
༈ ཨ་ཀ་རུ་ནི་ཤིང་དང་ཨ་རུ་ར་ནི་སྨན། །ཨུ་དུམྦ་ར་དང་ཨུཏྤ་ལ་ནི་མེ་ཏོག་གི་མིང་། །ཨུ་རྒྱན་ནི་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཨུ་མ་ནི་ལྷ་མོ་ཨུ་མ་ཨནྡ་རྙིལ་ནི་ནོར་བུ་དབང་སྔོན། །ཤིང་ཐོག་ཨ་མྲ་ནི་ཤིང་འབྲས་ཨེ་ལའི་འདབ་ནི་ཤིང་དང་ཀླུ། །ཨཽ་ཌྲ་ཡ་ན་ནི་རི་དྭགས་དང་ཡུལ་གྱི་མིང་ལ་སོགས་པ་ཨ་ཉིད་དོ།། །།ལེའུའི་མཚན་ནི་བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་ཚིག་ལེའུའི་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་ལས། སྔོན་འཇུག་སོགས་ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་སྟེ་ལེའུ་དང་པོའོ།། །།
ད་ནི་རྣམ་དབྱེ་དང་ཚིག་ཕྲད་ལ་སོགས་པ། །གཅེས་བསྡུས་སྣ་ཚོགས་སིལ་བུར་བསྟན་པ་ལས། །ཐོག་མར་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡི། །ཨི་ལྡན་ཀྱི་གི་གྱི་འི་ཡི་རྣམས་ནི། །རྗེས་འཇུག་ད་བ་ས་དང་ད་དྲག་དག །ཐོབ་པའི་མཐར་ཀྱི་ཐོབ་པ་དང་རྗེས་འཇུག་ག་ང་གཉིས་ལ་གི་ཐོབ་པ་དང་། །རྗེས་འཇུག་ན་མ་ར་ལ་བཞི་པོ་ཐོབ་མཐར་གྱི་ཐོབ་པ་དང་། །མཐའ་རྟེན་མེད་པའི་མཐར་འི་ཐོབ་ཅིང་། །ཚིག་གི་རྐང་པ་སྐོང་ཚེ་ཡི་ཐོབ་པ་སྟེ་དཔེར་ན། །ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆར་ལྟ་བུ་ད་བ་ས་གསུམ་དང་། །གྱུར་ཀྱི་ལྟ་བུ་ད་དྲག་དང་བྲག་གི་བྱང་གི་ཕྱོགས་ལྟ་བུ་ག་ང་དང་། །དཔོན་གྱི་ལམ་གྱི་བར་གྱི་སར། །གཞོལ་གྱི་ལྟ་བུ་ན་མ་ར་ལ་བཞི་དང་ས་གཞིའི་བདག་དེ་ཡི་ལྟ་བུ་འི་ཡི་དང་། །འོ་འུ་འམ་གྱི་ཚེག་ཁྱིམ་ཡང་། །ཚིག་གི་རྐང་པ་ཁ་སྐོང་མི་སྐོང་གིས་དབྱེ་བ་ཤེས་དགོས། །བདེ་འོ་ལ་སོགས་མཐའ་རྟེན་མེད་པའི་རྫོགས་ཚིག་ལ། །འོ་ཉིད་ཐོབ་པ་དང་སྤྱི་བོ་ལ་སོགས་པའི། །མིང་ལ་བ་ཕྱེད་ཝ་ཞེས་འབོད་པ་ཉིད་དོ། །རྗེས་འཇུག་གི་མཐའ་རྟེན་ཅན་དང་མགོ་ཅན་གྱི་བརྩེགས་པ་དང་། །དབྱངས་ཀྱི་གུག་ཀྱེད་ཅན་མཐར་འ་མཐའ་སྤང་དགོས་པ་དང་། །གཞན་ཡང་ཉེ་མཁོའི་ཚིག་ཕྲད་སྦྱོར་ཚུལ་རྗེས་འཇུག་ག་ད་བའི་རྗེས་སུ། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག་ཐོབ་པ་དང་། །རྗེས་འཇུག་ང་ན་མ་འ་ར་ལ་དང་། །མཐའ་རྟེན་རྗེས་འཇུག་མེད་པའི་རྗེས་དག་ཏུ། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག་ཐོབ་པ་དང་། །རྗེས་འཇུག་ས་མཐར་དམིགས་བསལ་ཞེས་མ་གཏོགས་ཤིང་ཤེའོ་ཤེ་ན་ཤིག་ཐོབ་པ་དང་། །རྗེ་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་ནི། །ད་དྲག་ཐོབ་པའི་ཕྱིར་རྗེས་འཇུག་དེ་གསུམ་གྱི། །རྗེས་སུ་ཞིང་སོགས་ལྔ་པོ་ཐོབ་ཀྱང་། །འདས་པ་དོན་གྱིས་སོང་བས་ད་དྲག་ངེས་པར་ཐོབ་པ་དེར། །ཅིང་སོགས་ལྔ་པོ་ལེགས་པ་ཡིན་ཏེ་དག་རིམ་པ་བཞིན་དཔེར་བརྗོད་པ་ནི། །རྟག་ཅིང་རྟོག་ཅེས་ལྷག་ཅེའོ། །སུ་འདུག་ཅེ་ན་ཁྱོད་འདུག་ཅིག་ལྟ་བུ་ག་དང་། །རྒུད་ཅིང་ཟད་ཅེས་མེད་ཅེའོ། །ཅི་འཆད་ཅེ་ན་ཆོས་ཤོད་ཅིག་ལྟ་བུ་དང་། །ཟབ་ཅིང་ཐོབ་ཅེས་ནུབ་ཅེའོ། །གང་རྒྱབ་ཅེ་ན་གྲི་རྒྱོབ་ཅིག་ལྟ་བུ་བ་དང་། །བྱང་ཞིང་དྲང་ཞེས་འབྱུང་ཞེ་འོ། །གང་གཟུང་ཞེ་ན་སེམས་གཟུང་ཞིག་ལྟ་བུ་ང་དང་། །སྙན་ཞིང་འཇེན་ཞེས་དཀོན་ཞེ་འོ། །ལྷ་ཡིན་ཞེ་ན་དོན་ཞིག་གཉེར་ལྟ་བུ་ན་དང་། །འཇམ་ཞིང་ངོམ་ཞེས་འཛོམ་ཞེ་འོ། །དབེན་ནམ་ཞེ་ན་ནམ་ཞིག་དབེན་ལྟ་བུ་མ་དང་། །དགའ་ཞིང་བཟའ་ཞེས་གདའ་ཞེ་འོ། །དུ་གདའ་ཞེ་ན་འགའ་ཞིག་གོ་ལྟ་བུ་འ་དང་། །དར་ཞིང་འཕྱུར་ཞེས་འགྱུར་ཞེ་འོ། །ཅི་འཕྱར་ཞེ་ན་དར་ཕྱོར་ཞིག་ལྟ་བུ་ར་དང་། །འཆོལ་ཞིང་འཆལ་ཞེས་འཁྲུལ་ཞེ་འོ། །གང་འཚོལ་ཞེ་ན་ཆོས་ཚོལ་ཞིག་ལྟ་བུ་ལ་དང་། །ཟ་ཞིང་བདེ་ཞེས་སྤྲོ་ཞེའོ། །ཨེ་སྨྲ་ཞེ་ན་མ་སྨྲ་ཞིག་ལྟ་བུ་མཐའ་རྟེན་མེད་པ་དང་། །འདུས་ཤིང་འབྲལ་བར་ངེས་ཤེ་འོ། །ཅི་ངེས་ཤེ་ན་གཏམ་སྨྲོས་ཤིག་ལྟ་བུ་ས་དང་། །མཁྱེན་ཅིང་འཕྲལ་ཅེས་བརྒྱན་ཅེ་འོ། །ཅིས་གྲོལ་ཅེ་ན་གྲོལ་གྱུར་ཅིག་ལྟ་བུ་ད་དྲག་གོ །འབྱེད་སྡུད་དྲི་བ་དང་སླར་བསྡུ་རྫོགས་ཚིག་སྐབས་སུ་ནི། །མཐའ་རྟེན་མེད་པ་དང་རྗེས་འཇུག་འ་མཐར་འ་དང་། །མཐའ་རྟེན་རྗེས་འཇུག་གཞན་གྱི་མཐར་རྗེས་འཇུག་རང་རང་དང་མཐུན་པ་ལ་སྦྱར་བའོ། །ད་དྲག་ཅན་གྱི་མཐར་ཏ་ཐོབ་པ་སྟེ་རིམ་བཞིན་དཔེར་བརྗོད་པ་ནི། །བདེ་འམ་བདེ་འོ་དགའ་འམ་དགའོ་ལྟ་བུ་མཐའ་མེད་དང་འ། །གྱུརད་ཏམ་གྱུརད་ཏོ་ལྟ་བུ་ད་དྲག་ཅན་དུའོ། །ལྷག་མ་ཅན་གྱི་ཏེ་སྟེ་དེ་གསུམ་ནི། །རྗེས་འཇུག་ན་ར་ལ་ས་ད་དྲག་གི །རྗེས་སུ་ཏེ་རྐྱང་ཐོབ་པ་དང་རྗེས་འཇུག་ད་མཐར་དེ་ཐོབ་པ་དང་། །རྗེས་འཇུག་ག་ང་བ་མ་འ་དང་ནི། །མཐའ་རྟེན་མེད་མཐར་ས་སྟེ་ཐོབ་པ་སྟེ་དཔེར་ན། །བྱིན་ཏེ་བསྐོར་ཏེ་ནོར་བཙལ་ཏེ། །སྐྱེངས་ཏེ་གྱུར་ཏེ་ལྟ་བུ་ཏེ་རྐྱང་དང་དོན་མེད་དེ་ལྟ་བུ་དེ་དང་། །རྟོག་སྟེ་གཙང་སྟེ་ལྷུན་གྲུབ་སྟེ། །འཛོམ་སྟེ་དགའ་སྟེ་སེམས་བདེ་སྟེ་ལྟ་བུ་ས་སྟེའོ། །རྣམ་དབྱེ་བདུན་པ་ལ་དོན་གྱི། །ཏུ་དུ་རུ་སུའི་ཞབས་ཀྱུ་ནི། །རྗེས་འཇུག་ག་བ་ད་དྲག་ཅན་གྱི་མཐར་ཏུ་ཐོབ་པ་དང་། །རྗེས་འཇུག་ང་ད་ན་མ་ར་ལ་རྣམས་ཀྱི་མཐར་དུ་ཐོབ་པ་དང་། །རྗེ་འཇུག་ས་མཐར་སུ་ཐོབ་དང་མཐའ་རྟེན་མེད་པ་དང་། །རྗེས་འཇུག་འ་མཐར་རུ་ཐོབ་པ་སྟེ་དཔེ་བརྗོད་རིམ་བཞིན་བསྟན་པ་ནི། །རྟག་ཏུ་རབ་ཏུ་ཤིན་ཏུ་དང་ལྟ་བུ་ཏུ་དང་། །སྟེང་དུ་སྣོད་དུ་རྒྱུན་དུ་ཟོ། །ལམ་དུ་མྱུར་དུ་མཇལ་དུ་སོང་ལྟ་བུ་དུ་དང་། །རྗེས་སུ་ལྟ་བུ་སུ་དང་འདི་རུ་དགའ་རུ་ཆུག་ལྟ་བུ་རུའོ། །མཚམས་སྦྱོར་ཀྱང་འང་ཡང་རྣམས་ནི། །རྗེས་འཇུག་ད་བ་ས་ཉིད་དང་ནི། །ད་དྲག་ཐོབ་པའི་རྗེས་སུ་ཀྱང་ཐོབ་པ་དང་། །རྗེས་འཇུག་ང་ན་མ་འ་ར་ལ་རྣམས་ཀྱི་མཐར་ཡང་ཐོབ་པ་དང་། །མཐའ་རྟེན་མེད་མཐར་འང་ཐོབ་པ་དང་ནི། །ཚིག་གི་རྐང་པ་སྐོང་ཚེ་ཡང་ཐོབ་པ་སྟེ་དཔེར་ན། །བདག་རྐྱང་འབད་ཀྱང་དོན་གྲུབ་ཀྱང་། །བྱས་ཀྱང་འོན་ཀྱང་ལྟ་བུ་ཀྱང་དང་མ་བྱུང་ཡང་། །བྱོན་ཡང་ནམ་ཡང་དགའ་ཡང་ནི། །སླར་ཡང་མཇལ་ཡང་བློའང་བདེ་ཡང་ལྟ་བུ་ཡང་ཉིད་དོ། །མིང་མཐའི་པ་བའི་དབྱེ་བའམ་ཁྱད་པར་ནི། །རྗེས་འཇུག་ག་ད་ན་བ་མ་ས་དང་། །ད་དྲག་ཅན་གྱི་མཐར་པ་ཐོབ་པ་དང་ནི། །རྗེས་འཇུག་ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་པ་རྣམས་ལ་བ་ཐོབ་པ་དང་། །གཞན་བདག་སྒྲ་ཉིད་ལ་པ་ཉིད་སྦྱར་ཏེ་དཔེར་ན། །ཟག་པ་མེད་པ་ཕན་པ་མཆོག །ཐོབ་པ་དམ་པ་མཁས་པ་རུ། །གྱུར་པ་ལྟ་བུ་པ་དང་དང་བ་ལ་དགའ་བ། །མྱུར་བར་མཇལ་བར་སྤྲོ་བ་ལས་ལྟ་བུ་བ་དང་། །ལུང་པ་མདའ་པའི་འབྱོར་པ་ཡིས། །ཡུལ་པ་ཕུ་པ་ཚིམ་སོགས་ལྟ་བུ་བདག་སྒྲའི་པ་དང་མིང་མཐའ་སོ་སོར་དཔྱད་པར་གལ་ཆེའོ། །གཅོད་མཚམས་མཐའ་རྟེན་ག་ཡི་མཐར། །ཆིག་ཤད་ཐོབ་པ་དང་ང་ཡིག་མ་གཏོགས་པའི། །ཡི་གེ་གཞན་རྣམས་ཀྱི་ཤད་གོང་རྣམས་སུ་ཕྱི་ཚེག་མི་དགོས་པས་སྤང་བར་བྱ་བ་དང་། །ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ལྟ་བུའི་དོན་མང་པོ་བགྲངས་པའི་མིང་གི་ནི། །བར་མཚམས་དང་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་ལྟ་བུའི་དོན་འབྲིང་འབྱེད་པ་དང་། །ཟབ་བོ། ཤའོ་ལྟ་བུའི་དོན་ཉུང་རྫོགས་ཚིག་མཚམས་སུ་ཆིག་ཤད་ཐོབ་པ་དང་། །ཚིགས་སུ་བཅད་པའི་རྐང་མཐའ་དང་། །ལྷུག་པའི་སྡེ་ཚན་རྫོགས་མཚམས་ཀྱི། །ན་རུ་ཅན་མཐར་ཉིས་ཤད་ཐོབ་པ་བྱ་བ་དང་། །སྡེ་ཚན་ཆེན་པོ་རྫོགས་མཚམས་དང་། །ལེའུ་མཚམས་ལྟ་བུར་བཞི་ཤད་ཐོབ་པ་ཡིན་ནོ།། །།ལེའུའི་མཚན་ནི་བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མེ་ཞེས་བྱ་བ་ལས་རྣམ་དབྱེ་དང་ཕྲད་སོགས་གཅེས་པ་སྣ་ཚོགས་ཐུན་མོང་དུ་བཤད་པ་སྟེ་ལེའུ་གཉིས་པའོ།། །།
༈ ད་ནི་སྔོན་འཇུག་འཕུལ་དང་རྗེས་འཇུག་མཐའ་རྟེན་དང་མགོ་ཅན་བརྩེགས་པ་རྣམས། །མེད་པ་ཆད་པ་ལ་སྦྱོར་དགོས་པ་དང་ཡོད་པ་ལྷག་པོ་ལ་སྤོང་དགོས་པ་དང་། །གདམ་ང་ཅན་གང་ཡང་རུང་བ་ལ་བླུན་པོ་རྣམས་ཀྱིས་མཐའ་གཅིག་ཏུ། །འཛིན་པའི་འཁྲུལ་སྤོང་ཅུང་ཟད་བཤད་པར་བྱའོ། །རྔ་ཡབ་གེ་སར་སིལ་སྙན་དང་། །མངོན་སུམ་ཕུན་སུམ་ཚོགས་པ་དང་སུམ་ཅུ་ནང་ཞུགས་ཞལ་ཟས་ཟན་ལ་སོགས་པ་རྣམས་ལ། །གས་འཕུལ་ཡོད་ན་ནོར་རོ་སྟེ་འཁྲུལ་བ་དང་གཤའ་མ་དང་། །གཤགས་འབྱེད་དང་གཅེན་གཅུང་སྒྲ་གཅན་གཟེགས་གཟན་ལ་སོགས་པ་རྣམས་ལ་གས་འཕུལ་མེད་ན་ནོར་བ་དང་། །སར་པ་ལྟ་བུར་གས་འཕུལ་ཡོད་མེད་གང་ཡང་རུང་བ་དང་། །སྐྱིལ་ཀྲུང་དང་པེ་དཀར་པུས་མོ་སོགས་ལ་དས་འཕུལ་མེད་ཅིང་། །དགུང་ལོ་མཚན་དགུང་ལོང་ཁྲིད་ཀྱི། །དམིགས་བུ་དང་དཔུང་པ་དཔང་པོ་དཔག་མེད་སོགས་ལ་དས་འཕུལ་་མེད་ན་ནོར་བ་དང་། །སྙན་དངགས་དང་འཛུམ་དམུལ་སོགས་ལ་དས་འཕུལ་ཡོད་མེད་གང་ཡང་རུང་བ་དང་། །ཕྱག་དར་ལག་དར་གད་མོ་དང་། །སྐྲ་ཤད་དང་བབ་ཅོལ་མུ་ཅོར་ས་རྗེན་རྗེ་ངར་ཙོག་པུར་སོགས་ལ་བས་འཕུལ་སྤང་དགོས་པ་དང་། །བསེར་བུ་སྐྱོ་བསངས་རྒྱ་མོ་བཟའ། །ཕྱི་བདར་དང་བདོག་པ་མཛའ་བཤེས་བཙོ་མ་འོད་བཀྱེ་སོགས་ལ་བས་འཕུལ་མེད་ན་ནོར་བ་དང་། །སྔོ་སངས་ལྟ་བུར་བས་འཕུལ་ཡོད་མེད་གང་ཡང་རུང་བ་དང་། །ཐ་གྲུ་ཐ་མ་ཚར་དུ་དངར། །ཚོན་རྩི་དང་སྡེ་ཚན་ལེ་ཚན་ཁ་དོག་ཆོ་ག་ཆོག་ཤེས་སོགས་ལ་མས་འཕུལ་ཡོད་ན་སྤང་དགོས་པ་དང་། །མཐེ་བོ་མཚེ་མ་སྔོ་སྨན་མཚེ། །ཁྱིམ་མཚེས་དང་སྐྱོན་མཚང་མཆུ་དང་མཆེ་བ་མཇེ་དང་མཇུག་མ་སོགས་ལ་མས་འཕུལ་མེད་ན་ནོར་བ་དང་། །ཐུན་མོང་དང་མངན་བགྲང་སོགས་ལ་མས་འཕུལ་ཡོད་མེད་གང་ཡང་རུང་བ་དང་། །ཚོང་དུས་ཁམས་དང་ཚོགས་པ་ཚོམས། །ཕྲ་མ་ཁོན་འཛིན་ཁྲོ་བོ་ཁྲོས། །རིམ་གྲོ་ཕྲ་མོ་ཕོངས་པ་དང་། །ཕྱུག་པོ་དང་ལང་ཚོ་ཆམ་ནད་ཐབ་ཚང་ཆང་མ་ཆམ་ལ་ཕོབ་སོགས་ལ་འས་འཕུལ་ཡོད་ན་སྤང་དགོས་པ་དང་། །མཐའ་འཁོབ་འཁྲི་ཤིང་འཁུར་བ་དང་། །ཚུལ་འཆོས་དང་འཚོ་བ་སེམས་འཁང་འཁུ་བ་འཐབ་འཁྲུགས་སོགས་ལ་འས་འཕུལ་མེད་ན་ནོར་བ་དང་། །ཕྲིན་ལས་ཕྲེང་བ་ལམ་ཕྲང་ཁོར་ཡུག་སོགས་ལ་འས་འཕུལ་ཡོད་མེད་གང་ཡང་རུང་བ་དང་། །ཡི་གེ་མྱུ་གུ་ལུ་གུ་རྒྱུད། །ཤཱཀྱ་དང་སླུ་གུ་དུ་གུ་སོགས་ལ་ག་མཐའ་སྤང་ཞིང་། །ཕྲག་དོག་ཕྲུག་གུ་དང་ཚིག་གུ་དབྱུག་གུ་སོགས་ལ་ག་མཐའ་མེད་ན་ནོར་བ་དང་། །པུས་མོའི་ལྷ་ང་སླ་ང་དང་། །སྒོ་ང་རུ་ང་ཡ་ང་སོགས་ལ་ང་མཐའ་ཡོད་ན་ནོར་བ་དང་། །ཡི་དམ་ཡི་རང་ཡི་དྭགས་དང་། །སྲི་ཞུ་སྲི་ཆ་སྲིའུ་སོགས་ལ་ད་མཐའ་ཡོད་ན་ནོར་བ་དང་། །སྐ་ཅིག་དང་ཡི་ཆད་ལྟ་བུ་ད་མཐའ་ཡོད་མེད་གང་ཡང་རུང་བ་དང་། །སེ་མོ་དོ་དང་གཞན་དྲིང་སོགས་ལ་ན་མཐའ་སྤང་ཞིང་། །བྱན་མོ་དང་སེན་མོ་བཀྲིན་ལྟ་བུར་ན་མཐའ་མེད་ན་ནོར་བ་དང་། །ལྷ་བཙུན་བཟའ་བཏུང་གདུ་བུ་དང་། །ལེ་བརྒན་བཅུ་བདུན་བཅོ་བདུན་བརྒྱད་སོགས་ལ་བ་མཐའ་ཡོད་ན་ནོར་བ་དང་། །རྒྱ་འདྲེ་ཁ་མཆུ་ར་མདའ་དང་། །ར་མཉེན་བཟའ་རྩ་མཆོག་གྲོང་། །རྒྱ་མཚོ་ངོ་མཚར་ཡ་མཚན་སོགས་ལ་མ་མཐའ་ཡོད་ན་ནོར་བ་དང་། །ལྷ་རྗེ་མདོ་རྒྱུད་ང་རྒྱལ་ཅན། །བྱ་རྒོད་རྡོ་རྗེ་མཐའ་རྟེན་དང་། །ལྷ་རྟེན་གཞི་རྩ་སོགས་ལ་ར་མཐའ་མེད་པ་དང་། །དུར་ཁྲོད་མདོར་བསྡུས་བར་དོར་ལྟ་བུ་ལ་ར་མཐའ་མེད་ན་ནོར་བ་དང་། །བདེ་བར་གཤེགས་པའི་སྒྲ་བསྡུས་པ་བདེར་གཤེགས་དང་རྗེ་མཐོར་སོགས་ལ་ར་མཐའ་ཡོད་མེད་གང་ཡང་རུང་བ་དང་། །སྙུན་གྱི་གསོས་སྨན་ཁ་དྲོ་དང་། །གྲྭ་ལྔ་རིགས་འགྲེ་ཕྲད་འཕྲོད་སོགས་ལ་ལ་མཐའ་ཡོད་ན་ནོར་བ་དང་། །རིག་སྔགས་གསུར་རབ་མཁྱེན་རབ་དང་། །ནམ་མཁའ་གོ་འཕང་ཁྲི་འཕང་མཆོག །བསྐྱེད་རིམ་རྫོགས་རིམ་འདུ་ཤེས་དང་། །མཁའ་སྤྱོད་ས་སྤྱོད་དོ་ཤལ་འཕྲེང་། །ཉམ་ཆུང་ཉམ་ཐག་ཉམ་ང་བ། །ལོག་རྟོག་སོམ་ཉི་ཆོམ་རྐུན་དང་། །ཆོ་ག་དང་ར་ལུག་སྟག་གཟིག་དོམ་དྲེད་སོགས་ལ་ས་མཐའ་ཡོད་ན་ནོར་བ་དང་། །ལྷས་བྱིན་ཀླུས་བྱིན་ལྟ་བུའི་བྱེད་སྒྲང་དང་གདམས་ངག་སྐྱེ་རབས་ཡ་རབས་ཉམས་རྟོགས་ལེགས་ཚོགས་སོགས། །མང་བོ་ཞིག་ལ་ས་མཐའ་མེད་ན་ནོར་བ་དང་། །དྲི་བཟང་རྒྱུད་མངས་གོ་རིམས་དང་། །འཁོར་ལོས་སྒྱུར་བ་དང་གཞིས་ཀ་མིག་སྡོངས་བསངས་གཏོར་སོགས་ལ་ས་མཐའ་ཡོད་མེད་གང་ཡང་རུང་བ་དང་། །ཀླད་ཀོར་སྟོད་ཀོར་གདུབ་ཀོར་དང་། །པད་ཀོར་ཐན་ཀོར་འོད་ཀོར་ཕྲེང་། །ཨ་མྲ་འགོ་ནད་མགོ་བཀས་བཏོན་གནམ་ག་སོགས་ལ་ས་མགོ་མེད་ཅིང་། །ངུར་སྨྲིག་སྨྲིག་རྒྱུར་དང་སྡོམ་སྡིག་ལྟ་བུར་ས་མགོ་མེད་ན་ནོར་བ་དང་། །ཡི་གེ་ཞལ་ཏ་ད་ལྟ་དང་། །ལ་སོགས་ཐ་དད་ཅེས་རྣམས་ལ། །བར་ཚེག་མི་བྱེད་པ་ནི་བླུན་པོའི་ལུགས་ཡིན་པས་སྤང་བར་བྱའོ། །གོང་དུ་བསྟན་པ་དེ་ལྟར་ཐམས་ཅད་སྨོས་ཀྱིས་མི་ལངས་ཤིང་མདོ་ཙམ་བཤད་པ་འདིས། །མཚོན་ནས་ཤེས་བྱ་ཤིན་ཏུ་རྒྱ་ཆེ་བའི་གནས་རྣམས་ལ། །རང་རང་གི་རྣམ་དཔྱད་དང་བསྟུན་པའི་རིག་པས་དཔྱད་དེ་རྟོགས་པར་གྱིས་ཤིག །ཐ་སྙད་ཀྱི་མིང་ཚིག་མཐའ་དག་ཡི་གེར་བརྗོད་ཀྱིས་མི་ལང་བས་ཚུལ་ལྡན་གྱི་སློབ་དཔོན་མཉེས་པའི་ངག་ལས་རྟོགས་པར་བྱའོ། །ལེའུའི་མཚན་ནི་བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མེ་ཞེས་བྱ་བ་ལས། །ཡི་གེའི་སྦྱོར་བ་ལ་འཁྲུལ་བ་སྤོང་བ་བཤད་པ་སྟེ་ལེའུ་གསུམ་པའོ།། །།
༈ དེང་སང་སྙིགས་མ་ལྔ་བདོ་བའི་བྱིས་པ་སོ་སོའི་སྐྱེ་བོ་ཕལ་མོ་ཆེ་རྣམས་ཀྱིས། །བརྡ་དག་གི་བསྟན་བཅོས་འདི་ཀོ་ལུང་རིགས་ཀྱི་སྒོ་ནས། །ཡུན་རིང་དུ་སྦྱངས་པའི་དཔྱད་གཞི་ཆུང་ཞིང་ཚིག་འགའ་རེ་གོ་ལོ་ཐོས་ལོ་ཙམ་གྱིས་ཚེགས་མེད་དུ། །ཤེས་སོ་སྙམ་ནས་ང་རྒྱལ་གྱི་རྒྱུད་ཁེངས་ཏེ་བཙོན་པ་དོར་བས་ཐ་སྙད་ཀྱི་མིང་དོན་ལ་འཁྲུལ་པས་མགོ་བོ་རྨོངས་པ་མང་བས་ཤིན་ཏུ་ཟབ་པར་གལ་ཆེའོ། །ཀྱེ་མ་ཞེས་སྙིང་རྗེ་བའི་ཚིག་གིས་བསུས་ནས་ཐ་སྙད་ཤེས་བྱའི་ཆོས་ཀྱི་རང་བཞིན་ནི་ཕ་མཐའ་ཡས་པ་སྟེ་བློར་མི་ཆུད་པས། །ཐ་སྙད་དེ་དག་རེ་རེའི་མིང་གིས་ཡང་ནང་ཚན་མིང་གི་ཚོགས་དུ་མ་ཡོད་པ་ཡིན་པས། །དེ་དག་གི་རྒྱུ་མཚན་ངེས་ཚིག་མི་ཤེས་ན། །ཐ་སྙད་བརྡ་དག་གི་ཡི་གེའི་སྦྱོར་བ་ཇི་ལྟར་འབྱུང་སྟེ་མི་འབྱུང་ངོ་། །ཆོས་དོན་ངེས་ཚིག་སྤོབས་པ་སྟེ་སོ་སོ་ཡང་དག་པར་རིག་པ་བཞི་ལ་མངའ་བརྙེས་པའི་ས་དགུ་པ། །མ་ཐོབ་པ་དེ་སྲིད་དུ་ཤེས་བྱའི་ཆོས་ཀུན་གྱི། །ངེས་ཚིག་ཤེས་པ་མིན་པ་རྒྱུ་མཚན་དེ་ཡི་ཕྱིར། །ཐ་སྙད་མིང་དོན་མཐའ་དག་གི་ཡི་གེའི་སྡེབ་སྦྱོར་སུ་ཡིས་ཤེས་ཏེ་མི་ཤེས་མོད་ཀྱི། །འོན་ཀྱང་རང་བློ་དང་འཚམས་པའི་ཕྱོགས་རེ་བའི་བརྡ་དག་གི་བསྟན་བཅོས་ཐམས་ཅད་ཀྱང་། །བརྩོན་པ་མི་འདོར་བར་འབད་པ་དུ་མས་བཙལ་བར་བྱའོ། །ཅིའི་ཕྱིར་ཞེ་ན་ཐ་སྙད་ཡི་གེའི་སྦྱོར་བ་ལ་འཁྲུལ་པར་གྱུར་ན། །དེ་ལ་བརྟེན་པའི་དོན་རྣམས་འཁྲུལ་པ་སྨོས་ཅི་དགོས་ཏེ་སྨོས་མི་དགོས་སོ། །བརྡ་དག་གི་བསྟན་བཅོས་འདི་ནི་རྒྱལ་བའི་གསུང་རབ་མ་ལུས་པའི། །རྩ་བའམ་ཕྱི་མོར་ལྟ་བུ་ཡིན་པར་ཤེས་པའི་རྒྱུ་མཚན་གྱིས་མཁས་པ་མང་པོ་དག་གིས་མཛད་པའི། །གཞུང་ལུགས་རྣམས་ལ་བརྟེན་ནས་ཁོ་བོ་དཔལ་ཁང་ཆོས་མཛད་བདག་གིས་ཀྱང་། །བརྡ་དག་གི་བསྟན་བཅོས་འདི་ཉིད་ཁོ་ནར་ནན་ཏན་བྱས་ཏེ་བརྩམ་པས་དགོས་པ་ཆེན་པོ་ཡོད་པ་ཡིན་ནོ། །འོ་ན་སྔོན་གྱི་མཁས་པའི་བསྟན་བཅོས་མང་པོ་ཡོད་བཞིན་དུ་ཁྱོད་ཀྱི་འདི་ལ་དགོས་པ་ཆེན་པོ་ཅི་ཡོད་ཅེ་ན་སྔོན་གྱི་མཁས་པ་དུ་མས་མཛད་པ་ཡི། །བརྡ་ཡི་བསྟན་བཅོས་གྲངས་མང་ཡང་། །རྗེ་བྱམས་པ་གླིང་པའི་སྨྲ་རྒྱན་སོགས་འགའ་ཞིག་ཚིག་རྒྱས་ལ་དགོས་དོན་ཉུང་བ་དང་། །རྗེ་ཞ་ལུ་ལོ་ཙྭ་བའི་ཟ་མ་ཏོག་སོགས་འགའ་ཞིག་ཚིག་དོན་གཉིས་ཀ་ཧ་ཅང་བསྡུས་པ་དང་། །སྣར་ཐང་ལོ་ཙྭ་བའི་ལི་ཤིའི་གུར་ཁང་སོགས་འགའ་ཞིག་ཡིག་རྙིང་དང་མི་མཐུན་པ་དང་། །ཁྲོ་ཕུ་ལོ་ཙྭ་བའི་འོད་ཟེར་བརྒྱ་པ་སོགས་འགའ་ཞིག་སུམ་རྟགས་སོགས་དང་འགལ་བས་དེ་རྣམས་ལ་ཡིད་བརྟེན་དུ་མི་རུང་བས། །རྒྱུ་མཚན་དེ་ཕྱིར་རྗོད་བྱེད་ཚིག་ཉུང་ལ་བརྗོད་བྱའི་དོན་རྒྱས་པའི། །ལེགས་བཤད་མཁས་པའི་ངག་གི་སྒྲོན་མ་འདི་ནི་བདག་གིས་བྱས་པ་ཡིན་ནོ། །འདི་ལ་ཁུངས་མེད་རང་བཟོ་མ་མཆིས་ཏེ། །ཚད་ལྡན་མཁས་པའི་ལེགས་བཤད་ཀྱི་གཞུང་ལ་ཡང་དག་བརྟེན་ནས། །གསར་རྙིང་སྐད་ཀྱི་བརྡ་དང་རྒྱ་བོད་སྐད། །ལ་སོགས་པ་རྣམས་ལ་ངལ་བ་དང་དུ་ལེན་ཏེ་རིགས་པས་ཞིབ་མོར་དཔྱད་དེ་བཀོད་པ་ཡིན་ནོ། །དེང་སང་སྙིགས་མའི་མི་རྣམས་བློ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་མིག་ལ། །ཕྱོགས་ལྷུང་ཆགས་སྡང་གི་ལིང་ཏོག་གིས་བསྒྲིབས་ནས། །ཕྱོགས་བྲལ་གཟུ་བོའི་བློ་ཡི་ལྷག་བསམ་བཟང་པོས་བརྩམས་པའི་ལེགས་བཤད་ལ། །བཟང་ངན་གྱི་རྣམ་འབྱེད་མི་རྟོག་པའི་བླུན་པོ་རྣམས་གྲགས་པའི་རྗེས་སུ་འབྲང་ནས། །མཁས་པའི་ངག་གི་སྒྲོན་མ་འདི་ཀོ་ལེགས་བར་བཤད་པའི་ཆ་ཐམས་ཅད་རྫོགས་ཤིང་རྨོངས་པའི་མུན་པ་བསལ་བ་ལ་ཉི་མ་ལྟ་བུ་འོད་ཟེར་སྟོང་དང་ལྡན་མོད་ཀྱི། །ཤེས་རབ་ཀྱི་བློ་ནོར་དང་ལྡན་ཡང་འཇིག་རྟེན་གྱི་ངོས་ནས་རིགས་གཟུགས་ལོངས་སྤྱོད་དབང་ཐག་སོགས་ཐམས་ཅད་ཉམ་ཆུང་བདག་གིས་སྦྱར་བའི་ཕྱིར། །ཤེས་རབ་ཀྱི་མིག་ལ་ཆགས་སྡང་གི་རབ་རིབ་སྟུག་པོ་བཀབ་པའི་བློ་ངན་འབྱུང་པོའི་བྱ་ཚོགས་ལྟ་བུ་རྣམས་ཀྱིས་ལེགས་བཤད་བཟང་པོའི་འོད་ལ་བལྟར་མི་བཟོད་པར་རིང་དུ་སྤངས་ནས་བླུན་པོ་མི་ཆོས་ཀྱིས་འཁོར་མང་བསྡུས་པའི་འབྱོར་ལྡན་གྱི། །ཉེས་བཤད་སྲིན་བུའི་ཁ་ཡི་འོད་ལ་གྲགས་པའི་རྗེས་སུ་འབྲང་ནས་རྨོངས་པའི་མུན་པ་སེལ་ཕྱིར་རྒྱུག་པ་མཐོང་བས་འདི་རྣམས་སྙིང་རྗེའི་འོས་སུ་འགྱུར་རོ། །བདག་གིས་འདིར་ལྷག་བསམ་རྣམ་དག་གིས་འབད་པ་ཆེན་པོར་བྱས་པའི་བསོད་ནམས་ཀྱི་དགེ་བ་གང་མཆིས་པ་དེ་དང་། །ཆགས་སྡང་གི་དབང་དུ་མ་སོང་བའི་གཟུར་གནས་བློ་གསལ་དོན་དུ་གཉེར་བ། །འགའ་དང་འགའ་ལ་ལེགས་བཤད་འདི་ཡིས་ཕན་པའི་ཆ་སྲིད་ན། །དེ་ཡི་དགེ་བ་རྣམ་མཁྱེན་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ། །བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མེ་ཞེས་བྱ་བ་འདི་ནི། །སྡོམ་བརྩོན་མཁྱེན་བརྩེའི་མངའ་བདག་བྱང་པ་འཚོ་མཛད་ཀརྨ་འོད་ཟེར་བའི་གསུང་གིས་བསྐུལ་ཏེ། །ཤཱཀྱའི་དགེ་སློང་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ་ཞེས་བྱ་བའམ་དཔལ་ཁང་པ་ཆོས་མཛད་ལོ་ཙཱ་བར་གྲགས་པས་རྣམ་འཕྱང་གི་ལོ་ཐ་སྐར་ཟླ་བའི་གྲལ་ཚེས་བཅོ་ལྔ་ལ་སྤྱན་རས་གཟིགས་ཀརྨ་པའི་སྒར་ཆེན་དུ་གྲུབ་པར་བགྱིས་པའོ།། །།བརྡ་དག་གི་བསྟན་བཅོས་ཆེན་མོ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བའི་མཆན་འདིའང་ཐིམ་རྫོང་མ་ག་ངྷའི་ཕོ་བྲང་དུ་སྒྱུར་བྱེད་ཅེས་པ་ས་མོ་ཕག་ལོར་ཤཱཀྱའི་བཙུན་པ་དགེ་འདུན་རིན་ཆེན་པས་གཞུང་མགྲོན་གྱི་དྲུང་ཡིག་ཁའུ་རྒྱས་ལ་གཞུང་འདི་མཛུབ་ཚུགས་སུ་སྟོན་སྐབས་བྲིས་པས་ཡིག་ཚོགས་མ་དག་པ་རྣམས་ཀྱང་ཁམས་དཔེ་དང་མགོ་བསྟུན་ནས་ཞུས་དག་ལེགས་པར་བགྱིས་པའོ།། །།


0 Comments
ཐུགས་འཆར་བཀོད་གནང་།