གསར་པ།

6/recent/ticker-posts

ཕྱག་དར་གྱི་འགན་འཁྲི་ཨཔ་ཁང་གཉེར་ལུ་ཕོགསཔ་ཨིན་ན་ ?

        

ནད་རིགས་ཀྱི་སྔོན་འགོག འཕྲོད་བསྟེན་གྱི་འབྱུང་གནས། མཛེས་ཆོས་ཀྱི་ནང་མཆོག སྲོག་སྐྱོབ་ཀྱི་ལས་འགུལ། ཚུ་ག་ར་ཕྱག་དར་འདི་གིས་སྒྲུབ་ཚུགས་དོ་ཡོདཔ་ལས། ནད་རིགས་སྔོན་འགོག་འབད་ནི། གཟུགས་སེམས་འཕྲོད་བསྟེན་དང་ལྡནམ་སྦེ་སྡོད་ནི། རོགས་ཀྱི་སྦུག་ལུ་མཛེས་ཏོག་ཏོ་སྦེ་སྡོད་ནི། རང་གིས་གཙོས་པའི་སེམས་ཅན་གྱི་ཚེ་སྲོག་སྐྱོབ་ནི་གི་རེ་འདོད་ཡོད་མི་ཅིག་ཨིན་པཅིན། དེ་ཚུ་ག་ར་ལུ་ཕྱག་དར་རྐྱབ་ནི་གི་འགན་འཁྲི་ཕོགསཔ་ཨིན་ཟེར་ཞུ་ནི། ཨཔ་ཁང་གཉེར་གཅིག་གིས་ང་བཅས་ཚུ་གི་ཁྱིམ་དང་མཐའ་སྐོར་ཚུ་ལས་ཕར་ཕྱག་དར་རྐྱབ་ཏེ་འབད་རུང་། ཕྱག་དར་རྐྱབ་ཚར་བའི་དུས་ཅིག་ནམ་ཡང་མི་འོང་། དེ་བས་ཨཔ་ཁང་གཉེར་བང་བཙོང་ནི་དེ་བཞག་ད་གེ།

Post a Comment

0 Comments