མཐའ་བསྐོར་གནས་སྟངས་རྔམ་ཏོག་ཏོ་བཞག་སྦེ་ རང་སྡོད་སའི་ཁྱིམ་གྱི་བསྐོར་ར་རྐྱབ་སྟེ་མེ་ཏོག་གི་ལྡུམ་ར་བཟོས་ཏེ་མཛེས་ཆ་ཅན་བཟོ་ནི་འདི་ཁེ་ཕན་ཅན་ཅིག་ཨིན་ན་ ?
ད་རེས་ནངས་པ་ང་བཅས་རའི་མི་སྡེ་ནང་ སྐྱེ་འགྲོ་ཀུན་ལུ་ཕན་ཐོགས་ཅན་གྱི་རང་བཞིན་གནས་སྟངས་བདག་འཛིན་འཐབ་ནི་བཞག་སྟེ། རང་སོའི་སྡོད་ཁྱིམ་གྱི་གཡས་དང་གཡོན་ལུ་མེ་ཏོག་གི་ལྡུམ་ར་རེ་གསརཔ་བཟོ་སྦེ། མཛེས་ཆ་ལྡནམ་དང་ཕན་ཐོགས་ཅན་གཅིག་ཨིནམ་འབད་མནོ་བསམ་གཏོངམ་ཨིན་མས། དོན་ལུ་མནོ་བསམ་ཅིག་ལེགས་ཤོམ་འབད་གཏང་པ་ཅིན། རང་ཉིད་ངལ་བའི་རྒྱུ་ལས་ཕན་ཐོགས་ནི་འདི་བོང་གུ་མགོའི་རྭ་དང་མི་འདྲ་ག་ཟེར་མནོཝ་མས། དོན་ལུ་ཧེ་མ་ལས་ད་ལྟོ་ཚུན་ཚོད་ཀྱི་ནང་འཁོད་ང་བཅས་ལུ་ཕན་ཐོགས་ཤོས་ར། རྒྱལ་ཁབ་གཞན་གྱི་མི་ཚུ་ཡིད་སྨོན་ཤོར་སའི་སྔོ་ལྗངས་ཅན་གྱི་ཤིང་སྣ་གི་རིགས་ཚུ་དང་། ཟླའི་འོད་ལས་དཀར་ཆ་ཆེའི་གངས་ལས་བབ་པའི་ཆུ་མོ། ནམ་མཁའ་སྟོང་པའི་ཀློང་ནས་ བསིལ་ཏོང་ཏོ་འབད་འཕུར་བའི་མཁའ་དབུགས། འཇིག་རྟེན་གྱི་ཁམས་འདི་ན་ད་རིས་ནངས་པའི་དུས་ལུ་དཀོན་དྲག་ཨིན་མི་བཅུད་ཅན་འབྲུ་སྣའི་རིགས་སྤུས་ཚད་དང་ལྡནམ་འབད་བྱིན་མི་ས་གཞི། ཡབ་རྗེ་དམ་པ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ལམ་སྟོན་བཟང་པོའི་དཀའ་དྲིན་ལས་ད་ལྟོ་ང་བཅས་རའི་རྒྱལ་ཁབ་ནང་ལུ་ཚ་དྲོད་མཉམ་ཏོང་ཏོ་འབད་ཡོད་མི་འདི་ཚུ་ཨིན།




0 Comments
ཐུགས་འཆར་བཀོད་གནང་།