༈ དང་པོ་གྲོལ་མ་ལ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་མཆོད་པ་འབུལ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི༴ །བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབ་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ། །ཡུམ་གྱུར་ལྷ་མོ་རྣམས་ལ༴ །ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་དཔལ་ལྡན་བླ་མ་ལ། །དད་པས་ཕུལ་བ་འགྲོ་བ་འདི་དག་ཀུན། །རྣལ་འབྱོར་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག ། ༈ གཉིས་པ་དྲི་བཟང་ལ། རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་འབྱུང་གནས་སྐུ་ལ་འདས་འཁྲུངས་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །ཨོ་རྒྱན་རིན་པོ་ཆེ་ལ༴ །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཐམས་ཅད་ཀྱི། །ཅོད་པན་གཅིག་པུར་གྱུར་པ་ཆོས་ཀྱི་རྒྱལ། །མཐའ་ཡས་འགྲོ་ལ་ཕན་བདེའི་བྱེད་པ་པོ། །དཔལ་ལྡན་འབྲུག༴ །མི་ཕམ་པདྨ་དཀར་པོ་ཆོས་ཀྱི་རྒྱལ། །བསྟན་པའི་མངའ་བདག་པཎ་ཆེན་འགྲོ་བའི་མགོན། །སྙིགས་དུས་རྒྱལ་བ་གཉིས་པ་ཆོས་རྗེ། །ངག་དབང་ནོར་བུའི་ཞལ༴ །ཆོས་སྐུ་གཟུང་འཛིན་བྲལ་བའི་ངང་ཉིད་ལས། །ལོངས་སྤྱོད་གཟུགས་སྐུ་འཇའ་ཚོན་ལྟ་བུ་ལ། །མཚན་དང་དཔེ་བྱད་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཡི་དམ་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ། །གསུམ་པ་ཇ་ལ། འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་འཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞལ་དུ་མཆོད་པ་འབུལ། །མཚམས་འདིར་རྩ་བའི་བླ་མའི་ཇ་མཆོད་བཏང༌། སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་མཛད་པའི་གང་ཟག་ལ། །བར་ཆད་སྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ༴ །དཔལ་ལྡན་བླ་མ་མཆོད་པའི་བྱིན་རླབས་ཀྱིས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་འཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །དེ་ནས་མཆོད་དཔོན་གྱིས་གྲལ་མཇུག་ནས་ཆང་ཕུད་འཐོར་ལ། ཨོཾ་ཨཱཿཧཱུཾ། ལན་གསུམ། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག་རིགས་ཐམས་ཅད་ཀྱི་དབང་ཕྱུག་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པ་ཡེ་ཤེས་ཀྱི་ངོ་བོ་རྩ་བརྒྱུད་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཁ་ཧི། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲལ་བའི་ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཁ་ཧི། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང༌། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཁ་ཧི། དཔལ་མཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ། བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཁ་ཧི། གཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཁ་ཧི། ཞེས་ཕུལ། དེ་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་འཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི༴ །བླ་མ་ཐུགས་རྗེ་སྤྲུལ་པའི༴ །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་འཆིའོ། །མ་ནམ་བཞི་བསྐོར་ལན་གཅིག འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་འཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང། །བརྩེ་བས་གཞན་དོན་ཡལ་བར་མི་འདོར་བར། །ནུས་པས་བདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་བཞེས་པར་གྱུར་ཅིག་གུ། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱི་རློབས། ། ༈ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ལན་གཅིག་བརྗོད། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མགོན་པོ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གིས་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་ར་མ་ཧཱ་སད་ཀ་ར་མ་ཧཱ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །དེ་བཞིན་དག་པ་ལྷ་ཡི་ཆུ། །དག་པ་ཡིས་ནི་སྐུ་ཁྲུས་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱ་དྱཾ་པྲ་ཏི་ཙྪ་སྭཱ་ཧཱ། བདག་དང་འགྲོ་ལ་ཐུགས་བརྩེ་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་གིས་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་ཀཱ་མ་ལ་ཡེ་སྟྭཾ། །ཕུན་སུམ་ཚོགས་པ་མགོ་འཛུགས་པ་དང༌། ཐོག་མར་ཕྱག་འགྱེད། དོ་མ་པ་ནེ། ཤིང་འབྲས་རྣམས་རིམ་པར་དྲངས། ཤིང་འབྲས་ཀྱི་རིམ་པ་ནི། ཐོག་མར། ཧུམ་པ། གུན་ཆ། ངང་ལག ཨཱན་འབྲས། ཚལ་ལུ། ཀུ་ཤུ། བལཔ་སེའུ། གོན། གླི། ཁམ། རྒུན་འབྲུམ། སྟར་ཁ་རྣམས་རིམ་པར་དྲངས། ཕུན་སུམ་ཚོགས་པ་རྒྱ་མཚོ་རྣམ་རོལ་གྱིས། །ཡིད་ཅན་ཀུན་ལ་ཕན་བདེའི་མཆོག་སྦྱིན་མཁན། །ཚེ་དཔག་མེད་པའི་སྲས་ཀྱི་ཐུ་བོ་པ། །འཇིག་རྟེན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཤམྦྷ་ལ་ཡི་རྒྱལ་ཁབ་སེངྒེའི་ཁྲིར། །དཔལ་ལྡན་རྒྱུད་ཀྱི་རྒྱས་འགྲེལ་བྱེད་པ་པོར། །ཟས་གཙང་སྲས་ཀྱི་ལུང་བསྟན་པད་དཀར་འཛིན། །རིགས་ལྡན་དབང་པོ་གཉིས་པར་གསོལ་བ་འདེབས། །འབོད་འབངས་ཀུན་ལ་ཐུགས་རྗེའི་དབང་གྱུར་པས། །ཐུབ་པའི་རིང་ལུགས་ལྷ་མིས་མཆོད་པའི་སྲོལ། །དང་པོ་བསྟོད་པའི་བཀའ་དྲིན་ཟླ་མེད་པ། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ཟབ་མོ་ལྟ་བའི་ཞི་བའི་མཚོར་འཁྲུངས་ཤིང༌། །ཟབ་རྒྱས་ཆོས་ཕུང་བྱེ་བའི་ཆུ་ཀླུང་གིས། །གདོང་མར་ཅན་གྱི་ནང་གི་གདུང་སེལ་མཁན། །ཤཱནྟ་རཀྵི་ཏ་ལ་གསོལ་བ་འདེབས། །ཕྱི་ནང་ཤེས་བྱའི་འཛིན་མ་མ་ལུས་པར། །མི་བརྗེད་གཟུངས་ཀྱི་འཁོར་ལོར་ལེགས་བསྒྱུར་བས། །ཕས་ཀྱིས་རྒོལ་བའི་ཕྱོགས་ལས་རྣམ་རྒྱལ་བའི། །པཎ་ཆེན་ནཱ་རོ་ཏ་པར་གསོལ་བ་འདེབས། །དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་པ། །རྫོགས་པའི་སངས་རྒྱས་ཉིད་ཀྱིས་ལུང་བསྟན་པའི། །ཤཱནྟི་རི་བོར་དག་པའི་བསམ་གཏན་པ། །རྗེ་བཙུན་ཟླ་འོད་གཞོན་ནུར་གསོལ་བ་འདེབས། །གངས་རིའི་མགུལ་དུ་རྡོ་རྗེའི་གདན་བཀོད་ལ། །གྲུབ་པ་སངས་རྒྱས་སྟོང་གི་རྣམ་རོལ་བ། །ལུས་ཅན་དཔྱིད་ཀྱི་སྐལ་བ་བཟང་མཛད་པ། །འགྲོ་བའི་མགོན་པོ་འབྲུག་པར༴ །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། །སྒྱུ་འཕྲུལ་རྡོ་རྗེའི་སྣང་བ་རབ་འབྱམས་རྩེར། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་སྟོན་བྱེད་པའི། །སྣང་བ་རྡུལ་བྲལ་སེམས་དཔར་གསོལ་བ་འདེབས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོར་སྦས་པ། །ཀུན་དགའ་དཔལ་འབྱོར་སྐལ་བཟང་གདུལ་བྱ་ལ། །ཅི་དགར་འགྱེད་པའི་མཚུངས་མེད་ལོ་ཙཱ་བ། །རྒྱལ་བ་ཀུན་གྱི་དབང་པོར༴། ལྷོ་ཕྱོགས་ནོར་འཛིན་ཆོས་ཀྱིས་སྐྱོང་བའི་དབང༌། །མ་སྨད་གྲགས་པའི་གཏེར་གྱུར་སྙིགས་དུས་འདིར། །ཡང་དག་ལམ་གྱི་ས་མཁན་མཆོག་གཅིག་པུ། །གོང་མ་གྲུབ་པའི་རྗེ་བོར༴ །འཇམ་མགོན་ཞབས་ཟུང་ཉིན་མོའི་ཁུ་བ་ལ། །ལན་བརྒྱར་འཐུངས་པའི་པདྨ་དཀར་པོའི་འཕྲེང༌། །དྲེགས་ལྡན་ཀུན་གྱི་རལ་པའི་རྒྱན་གྱུར་པའི། །མཚུངས་མེད་བླ་མ་མཆོག་དེར༴ །སྔོན་བྱོན་རྒྱལ་བ་ཀུན་གྱི་སྤྲུལ་པའི་གཞི། །མ་བྱོན་རྒྱལ་བ་རྣམས་ཀྱི་འབྱུང་ཁུངས་པ། །ད་ལྟའི་སྐྱོབ་པ་དག་དང་དབྱེར་མེད་པའི། །ཆོས་ཀྱི་རྒྱལ་པོའི་ཞབས་པད་བརྟན་གྱུར་ཅིག །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་འཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང། །བརྩེ་བས་གཞན་དོན་ཡལ་བར་མི་འདོར་བར། །ནུས་པས་བདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་བཞེས་པར་གྱུར་ཅིག་གུ། །ལན་གསུམ་བརྗོད་མཐར། དེ་ལྟར་གསོལ་བ་བཏབ་པའི་མཐུ་སྟོབས་ཀྱིས། །བདག་དང་མཐའ་ཡས་འགྲོ་བ་མ་ལུས་པ། །མགོན་ཁྱོད་མཉེས་བྱས་གང་གི་རིང་ལུགས་ཀྱིས། །རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱི་རློབས། །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་གྱི། །སྡིག་དང་སྒྲིབ་པའི་ཚོགས་ཀུན་བྱང་གྱུར་ཏེ། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག ། ༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨོན་ལམ་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །གདོན་དང་ནད་དང་འབྱུང་པའི་འཚེ་བ་སོགས། །སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །ཇི་ལྟར་གཤེད་མས་ཁྲིད་པའི་བསད་བྱ་བཞིན། །སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་བྱེད་པའི། །སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །འཆི་བདག་གཤིན་རྗེའི་ཁ་ནང་ཚུད་པ་ལྟར། །ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་པའི། །ཉིན་གཅིག་པ་དང་རྟག་པའི་རིམ་སོགས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །གློ་བུར་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་དང༌། །བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡིས། །ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །འབྱུང་བཞི་འཁྲུག་པའི་སྡུག་བསྔལ་ཇི་སྙེད་པ། །མ་ལུས་ཞི་ཞིང་མདངས་སྟོབས་ལྡན་གྱུར་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །བླ་མ་དཀོན་མཆོག་རྣམས་ཀྱི་ཐུགས་རྗེ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང༌། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །སྨོན་ལམ་ཇི་ལྟར་བཏབ་པ་འགྲུབ་གྱུར་ཅིག །བདེ་གཤེགས་སྟོན་པའི་བསྟན་པ་མཆོག་གི་གཙོ། །སྙན་པའི་འབྲུག་སྒྲ་སྒྲོག་པའི་སྤྲིན་འཕྲེང་གིས། །བཤད་སྒྲུབ་ཆར་གྱིས་ཉིན་བཞིན་རྣམ་སྤེལ་བ། །ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་གྱུར་ཅིག །སྡོམ་གསུམ་ཉིན་མོའི་འོད་དང་རྟག་འགྲོགས་ཤིང༌། །ཐོས་བསམ་སྒོམ་པའི་དྲི་བཟང་འཛིན་པའི་དཔྱིད། །བསྟན་འཛིན་པདྨོའི་གཙོ་བོ་ཅི་ཡང་གིས། །ཡངས་པའི༴ །རྙེད་དང་བཀུར་སྟིའི་ཆུ་ཀླུང་རྣམས་འབབ་ཅིང༌། །ཕན་དང་བདེ་བའི་རིན་ཆེན་སྐྱེ་བའི་གནས། །ཆོས་འཁོར་གསར་པ་གསར་པའི་དཔལ་རྒྱ་མཚོས། །ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་གྱུར་ཅིག ། ༈ འགྲོ་ལ་ཕན་བདེ་འབྱུང་བའི་གཞི་གཅིག་པུ། །དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང༌། །འགྲོ་ཀུན་ཐབས་མཁས་དེ་ཡིས་གྲོལ་གྱུར་ཅིག །ཡུལ་ལྗོངས་སྤྱི་དང་བྱེ་བྲག་འབྲུག་ཡུལ་འདིར། །མི་མཐུན་ཉེར་འཚེའི་མིང་ཡང་མི་གྲགས་ཤིང༌། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །དགེ་འདུན་སྡེ་རྣམས་དར་ཞིང་རྒྱས་པར་ཤོག །ས་སྐྱོང་མི་དབང་ཆབ་སྲིད་བརྟན་པ་དང༌། །འབངས་རྣམས་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །འདི་ཡི་དགེ་བས་བསྟན་པ་རྒྱས་པའི་གེགས། །བདུད་རིགས་རྣམས་དང་དེ་ཡིས་ཡིད་བསྐྱོད་པས། །ལོག་པར་བསྒྲུབ་པ་མཐའ་དག་ཚར་བཅད་ནས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་ཤོག །གནས་འདིར་དཔལ་འབྱོར་བྱིན་རླབས་མི་ཉམས་ཤིང༌། །བསམ་སྦྱོར་ངན་པའི་གདུག་རྩུབ་ཞི་བ་དང༌། །བསླབ་གསུམ་རྣམ་དག་བསྟན་པ་གཅེས་འཛིན་པའི། །དགེ་འདུན་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་རྣམ་དག་འགྲུབ་པར་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་དཔོན་སློབ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་སློབ་མིང་ལུང་རིགས་པས་སྒྲིགས་པ་དགེའོ།།
- Home-icon
- ལོ་རྒྱུས།
- བློ་སྦྱོང་བསླབ་བྱའི་རིགས།
- རྩོམ་རིགས།
- _དཔྱད་རྩོམ།
- གསུང་འབུམ།
- _ཀུན་མཁྱེན་གསུང་འབུམ།
- _༧སྐྱབས་རྗེ་དགེ་རིན་པའི་གསུང་འབུམ།
- _༧སྐྱབས་རྗེ་༧༠མཆོག་གི་གསུང་འབུམ།
- ཞལ་འདོན་གྱི་རིགས།
- __གསོས་འདེབས་ཀྱི་རིགས།
- __གེགས་སེལ་རིམ་གྲོའི་འདོན་ཆ།
- __སྒྲུབ་ཐབས་ཀྱི་རིགས།
- __མཛད་སྒོ་སྐབས་ཀྱི་ཉེར་མཁོ།
- __བསྔོ་སྨོན་གྱི་རིམ་པ།
- __ཞབས་བརྟན་གསོལ་འདེབས།
- མཛད་རྣམ་གྱི་རིགས།
- _མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་མཛད་རྣམ།
- _སྐྱབས་རྗེ་དགེ་རིན་པའི་མཛད་རྣམ།
- གཞུང་ཆེན་གྱི་རྩ་འགྲེལ།
- _རྩ་བ།
- __འདུལ་བ།
- __དབུ་མ།
- __ཚད་མ།
- __ཤེར་ཕྱིན།
- __མངོན་པ།
- _འགྲེལ་པ།
- __དབུ་མའི་འགྲེལ་པ།
- དཀྱིལ་ཆོག
- _འབྲུག་པའི་གར་འཆམ་གྱི་ངོ་སྤྲོད།
- _གཏོར་མའི་སྐོར།
- _དཀྱིལ་ཆོག་དཔེ་ཆ་སྣ་ཚོགས།
- _གདངས་དབྱངས།
- གློག་བརྙན་གྱི་རིགས།
0 Comments
ཐུགས་འཆར་བཀོད་གནང་།