གསར་པ།

6/recent/ticker-posts

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་གསར་བསྐོས་ལེགས་དར་གནང་ཡོདཔ།

ད་རིས་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་འཁྲིལ་ཏེ་༧སྐྱབས་རྗེ་རྡོ་རྗེ་འཆང་བ་མཆོག་གི་ཞབས་ལས་གཞུང་གྲྭ་ཚང་གི་ཡོན་སློབ་དང་གཙུག་སློབ་དགེ་ཚོགས་སློབ་དཔོན་གསར་བསྐོས་མཛད་གནང་ཡོདཔ་ཨིན།

ཡོན་ཏན་སློབ་དཔོན་སྤྲུལ་སྐུ་རྣམ་རྒྱལ་མཆོག་ནི། 
སྐྱབས་རྗེ་ཁྲི་རབ་༦༥ པ་འཇམ་དབྱངས་ཡེ་ཤེས་སེངྒེ་མཆོག་གི་སྐུ་སྐྱེས་ཁྲུལ་མེད་དུ་ངོས་འཛིན་གནང་བའི་ཤུལ་ལུ་དགུང་ལོ་ ༧ ལ་སྤུངས་ཐིམ་གྲྭ་ཚང་དུ་འཛུལ་ཞུགས་གནང་འདུག། དགུང་ལོ་༡༤ ཚུན་བུ་ཆོས་གར་ཐིག་དབྱངས་གསུམ་གྱི་སྦྱངས་པ་མཐར་ཕྱིན་པར་མཛད། དགུང་ལོ་ ༡༥ ལ་ཕ་སྡིངས་བྱམས་ཁང་བཤད་གྲྭར་མཁས་དབང་ལེགས་བཤད་རྒྱ་མཚོའི་ཞབས་སར་བཅར་ཏེ་དག་ཡིག་ནས་བཟུང་རིགས་གཞུང་ཡོངས་རྫོགས་བསན་བསམ་མཐིལ་ཕྱིན་མཛད། དགུང་ལོ་༢༥ ལ་ལྕགས་རི་ཆོས་ཀྱི་དབྱིངས་མགོན་པར་སྐྱབས་རྗེ་ཁྲི་རབ་ ༦༨ པར་ཞིང་གཤེགས་རྗེ་བཙུན་བསྟན་འཛིན་དོན་གྲུབ་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་ཏེ་ཕ་ཆོས་གདམས་ངག་སྡོང་པོ་གསུམ་དྲིལ་གྱི་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་ཞུ་ནས་ལོ་གསུམ་ཕྱོགས་གསུམ་གྱི་རིང་ཉམས་སུ་བཞེས་པ་མ་ཚད། རྟོགས་སྐྱོང་གི་རི་ཁྲོད་སོགས་སུ་གནས་ངེས་མེད་བསྟེན་ནས་རྟོགས་པ་ཉམས་འོག་ཏུ་ཆུད་པར་མཛད། དེ་ལས་རིམ་པར་ཤར་བདེ་གླིང་དང་ མཚམས་བྲག་དགོན་པའི་སྒྲུབ་དཔོན་མཛད་ཡོད་པ་མ་ཚད་ད་ལྟ་ཡོན་ཏན་སློབ་དཔོན་གྱི་གོ་གནས་མ་བཞེས་པའི་སྔོན་དུ་ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ཉེ་འདབ་མི་ཁྲུགས་ལྷ་ཁང་དུ་ལམ་འདྲེན་དགེ་ཚོགས་སློབ་དཔོན་གྱི་ཕྱག་ལས་གནང་བཞིན་པར་ཡོདཔ་ཨིན་ནོ།

His Eminence Yonten Lopen Trulku Namgyel joined the Central Monastic Body of Pungthim Dratshang after being recognised as the reincarnation of the 65th Je Khenpo, Jamyang Yeshe Singye. At the age of 15, he approached Khaewang Lekshay Jamtsho at Phajodhing and received teachings from him. At 25, he arrived at the lotus feet of the 68th Je Khenpo, Jetsun Tenzin Dhoendup, and learned extensively. He then meditated and practiced at several mountains like Tokchu and headed onto become the Drubdey Lopen (Meditation Master) of Shar Dechencholing and Tsamdrak Monastery. Before being appointed to the post of Yonten Lopen, he also served as the Getso Lopen of the Mitrup Lhakhang located near Thimphu Tashichhodzong. Tashi Delek la.
༆ གཙུག་ལག་སློབ་དཔོན་མཁན་པོ་ཀརྨ་རང་གྲོལ་མཆོག་ འཁྲུངས་ཡུལ་མོང་སྒར་རྫོང་ཁག་ གཏོར་མ་གཞོང་ལུ་སྐུ་འཁྲུངས་ནུག། དགུང་ལོ་བརྒྱད་བཞེསཔ་ད་ ་མོང་སྒར་གྲྭ་ཚང་ནང་རབ་ཏུ་བྱུང་སྟེ་དཔལ་འབྲུག་པའི་བུ་ཆོས་གར་ཐིག་དབྱངས་གསུམ་ལུ་སྦྱང་བརྩོན་མཛད་པའི་ཁར། དགུང་ལོ་ ༡༦ བཞེས་པའི་སྐབས་ཐིམ་ཕུག་ཕ་ཇོ་སྡིང་ལུ་ སྐྱབས་རྗེ་དགེ་བཤེས་དགེ་འདུན་རིན་ཆེན་གྱི་སྐུ་མདུན་ལས་ལམ་གྱི་གཞི་མ་སོ་ཐར་རིས་བདུན་ལས་དགེ་ཚུལ་གྱི་སྡོམ་པ་དང་། དག་ཡིག་ལས་འགོ་བཙུགས་ཏེ་གཞུང་རིག་གནས་ལེ་ཤ་གཅིག་ལུ་སྦྱང་བརྩོན་མཛད་ཡོདཔ་ཨིན་པས། དེ་ལས་སྤྱི་ལོ་ ༡༩༨༨ ཀྱི་ལོ་ལུ་རྟ་མགོ་ལུ་བཤད་གྲྭ་འགོ་དང་པ་བཙུགས་པའི་སྐབས་མཁས་དབང་ལེགས་བཤད་རྒྱ་མཚོའི་སྐུ་མདུན་དུ་བཅར་ཏེ་གཞུང་ཆེན་པོ་ཏི་བཅུ་གསུམ་གྱིས་གཙོས་པའི་གཞུང་རིག་གནས་ལེ་ཤ་ཅིག་ར་སྦྱང་བརྩོན་མཛད་པའི་ཁར་རྟ་མགོ་བཤད་གྲྭའི་སྐྱོར་དཔོན་སྦེ་ཡང་མཛད་གནང་ནུག། འདི་བཟུམ་སྦེ་སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པའི་སྐུ་མདུན་ལས་བསྙེན་རྫོགས་ཀྱི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ། དེ་ལས་དཔལ་འབྲུག་པ་དཀར་བརྒྱུད་ཀྱི་དབང་ལུང་དང་གདམས་ངག་ཡོངས་རྫོགས་གསན་པའི་ཁར། སྐྱབས་རྗེ་སྒང་སྟེང་སྤྲུལ་སྐུའི་སྐུ་མདུན་ལས་པད་གླིང་གི་སྐོར་ལ་སོགས་པའི་དབང་དང་གདམས་ངག་ལེ་ཤ་གཅིག་ར་གསན་ཡོདཔ་ཨིན་པས། ད་རུང་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་དང་མི་དབང་མངའ་བདག་རིན་པོ་ཆེ་རྣམ་གཉིས་ཀྱིས་རྒྱལ་ཁབ་དང་མི་སེར་དེ་བཟུམ་སྦེ་སངས་རྒྱས་ཀྱི་བསྟན་པ་ལུ་ཕན་ནིའི་དོན་ལུ་སྤྱི་ལོ་༢༠༠༣ ་ལུ་བཀང་ལུང་ཟངས་མདོག་དཔལ་རི་ཐུབ་བསྟན་ཆོས་འཁོར་གླིང་འབྲིང་རིམ་བཤད་གྲྭ་བཙུགས་གནང་བའི་སྐབས་དེ་ཁའི་མཁན་པོ་དང་པ་སྦེ་ཁྲི་དར་གནང་ཡོདཔ་དང་ སྤྱི་ལོ་༢༠༡༥ གི་ལོ་ལུ་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་སྒང་གྲྭ་ཚང་གི་བླམ་གནས་བརྟན་དང་བཀང་བཤད་གྲྭའི་མཁན་པོ་ཟུང་འབྲེལ་སྦེ་མཛད་དགོ་པའི་བཀའ་གནང་དོ་བཟུམ་སྦེ་ལོ་ངོ་ལྔ་ལྷགཔ་ཅིག་གི་རིང་ལུ་རྫོང་ཉམས་བཅོས་ལ་སོགས་པའི་ཕྱག་ལཱ་དང་། གཞན་ཡང་སློབ་གྲྭ་ལ་སོགས་པ་དགེ་འདུན་གྱི་སྡེ་ཡང་ལེ་ཤ་གཅིག་ར་གསར་བཙུགས་མཛད་པ་ལ་སོགས་པའི་ཤར་ཕྱོགས་ཁ་ཐུག་ལུ་སངས་རྒྱས་ཀྱི་བསྟན་པ། རྒྱལ་ཁབ་དང་མི་སེར་ལུ་ཕན་པའི་ཕྱག་ལཱ་ལེ་ཤ་གཅིག་མཛད་པའི་མཐའ་མར་ གཞུང་གྲྭ་ཚང་གི་སློབ་དཔོན་ལྷན་རྒྱས་ལྔ་ལས་གཙུག་ལག་སློབ་དཔོན་གྱི་ལེགས་དར་བཞེས་ཡོདཔ་ཨིན།

His Eminence Tsugla Lopen Karma Rangdrol is from Tormazhong, Mongar. At the age of 9, he joined the Central Monastic Body at Mongar Dratshang and at the age of 16, arrived at Phajodhing to receive his vows and teachings from His Holiness the late 69th Je Khenpo, Kyabje Geshe Gedun Rinchen. Subsequently, in 1988 when the first Shedra at Tango was established, he received teachings from Khaewang Lekshay Jamtsho and also served as the Chorpoen (revision teacher). He then received his novice monk vows and teachings of the Drukpa Order from His Holiness the 70th Je Khenpo, Trulku Jigme Choeda. Likewise, he also received teachings of the Peling lineage from HH the 9th Gangteng Trulku Kunzang Pema Namgyel. In 2003, for the benefit of all sentient beings, His Majesty the Druk Gyalpo and His Holiness the 70th Je Khenpo appointed him as the Khenpo of Kanglung Zangtopelri Thubten Choekhorling Shedra and later in 2015, then appointed as the Tashigang Lam Neten. As the Lam Neten, he undertook a major renovation project to renovate the Dzong while at the same time also served as the Khenpo of Kanglung Shedra. He has especially been instrumental in spreading Buddha Dharma in the eastern part of the country and in recognition of all his activities for the larger benefit; he is now promoted and appointed to the rank of Tshugla Lopen, one of the five Lopens of the Zhung Dratshang.
ལམ་འདྲེན་དགེ་ཚོགས་སློབ་དཔོན་བསྟན་འཛིན་ནོར་བུ།
༉ དགུང་ལོ་ ༥༢ བཞེས་མི་ལམ་འདྲེན་དགེ་ཚོགས་སློབ་དཔོན་བསྟན་འཛིན་ནོར་བུ་མཆོག་དགུང་ལོ་ ༩ ལས་སྤུངས་ཐིམ་ གྲྭ་ཚང་ནང་འཛུལ་ཞུགས་གནང་འདི་མི་ལོ་ ༡༥ ལྷག་ཙམ་ཅིག་ཕྱག་ཞུ་འདི་ བྱ་ལ་དབུ་མཛད་ཀྱི་འགན་ཁུར་བཞེས་ཡོདཔ་དང་། མདོ་སྡེ་བྲག་བཤད་གྲྭ་ནང་ཡོན་ཏན་སློབ་དཔོན་སྐུ་བགྲེས་རྟ་མགྲིན་ཚེ་དབང་དང་ལས་ཚོགས་སློབ་དཔོན་སངས་རྒྱས་རྡོ་རྗེ་མཆོག་གི་ཞབས་སར་ལས་དབུ་མ་དང་མངོན་པའི་སྐོར་འདི་ཚུ་ལྷབ་སྦྱང་འབད་ཡོདཔ་ཨིན། གྲུབ་དབང་བླ་མ་བསོད་ནམས་བཟང་པོ་དང་སྐྱབས་རྗེ་ཞིང་ཕེབས་བསྟན་འཛིན་དོན་གྲུབ་ ཉི་ཟེར་སྤྲུལ་སྐུ་དང་སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་དང་ གྲུབ་དབང་ཀརྨ་འགྱུར་མེད་ འདི་བཟུམ་སྦེ་རྫོགས་ཆེན་གྱི་བླ་མ་དིལ་མགོ་མཁྱེན་བརྩེ་མཆོག་དང་ཆོས་དབྱིངས་རིན་པོ་ སྒང་སྟེང་སྤྲུལ་སྐུ་རིན་པོ་འདི་ཚུ་གི་ཞབས་སར་ལས་བསྐྱེད་རྫོགས་ཀྱི་གདམས་ངག་འདི་ཚུ་ཞུ་འདི་སྤང་དཀར་པོ་དགོན་པ། ལྕགས་རི་རྡོ་རྗེ་གདན་དང་དཔལ་གྱི་རི་སྒྲུབ་སྡེ་འདི་ཚུ་ནང་ལོ་གསུམ་ཕྱོགས་གསུམ་ཐེངས་གསུམ་གནང་ཡོདཔ་ཨིན། འདིའི་ཤུལ་ལས་ལྕགས་རི་དབུ་མཛད་དང། ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་བླམ་འདི་བཟུམ་སྦེ་ཐིམ་ཕུ་བཀྲིས་ཆོས་རྫོང་ནང་དགུན་བཞུགས་གནས་བརྟན་གྱི་ཕྱག་འགན་བཞེས་ཡོདཔ་ཨིན།

52 year old Getsho Lopen Tenzin Norbu joined the Central Monastic Body of Pungthim Dratshang at the age of 9. For the past 15 years he has served as the Jala Umdze. He received his early teachings from the former Yonten Lopen Tandin Tshewang and Laytshog Lopen Sangay Dorji at Dodeydra Shedra. He received extensive teachings from learned and accomplished masters from the Drukpa Order like Drubwang Sonam Zangpo, the 68th Je Khenpo, Nyizer Trulku, HH the 70th Je Khenpo, Dorji Lopen Kuenley, Drubwang Karma Jurmey; and from Dzongchen masters like HH Dilgo Khyentse, Choeying Rimpoche, Gangteng Tulku among many others. Having received these teachings, he has practised and undergone three years retreat at Pangkarpo, Chari, and Pel ghi Ri meditation centres for 3 times. Before being appointed as the Getsho Lopen, he has served as the Chari Umdze, the Lam of Thimphu National Referral Hospital, and the Genzup Neten of Thimphu Tashichhodzong.
🙏🙏🙏💐🌸🌻🌺🏵️🇧🇹🇧🇹🇧🇹

Post a Comment

0 Comments