མཁྱེན་བརྩེ་ནུས་གསུམ་ལྡན་ན།།མཚན་ལྡན་བླ་མ་ཞུ་ཆོག།
རྫོང་ཆེན་ཁྲ་མོའི་ནང་དུ།།དབང་ཆེན་བརྒྱ་དང་རྩ་བརྒྱད།།
མི་སེར་བདེ་བར་བསྐྱངས་ན།།དཔོན་བཟང་མི་ཡི་རྒྱལ་པོ།།
གཟིམ་ཆུང་ཁྲ་མོའི་ནང་དུ།།ཕ་མ་བརྒྱ་དང་རྩ་བརྒྱད།།
བུ་ཚར་སློབ་སྟོན་མཁས་ན།།བྱམས་ལྡན་ཕ་མའི་ཡང་རྩེ།།
དྲིན་ཅན་ཨ་མའི་སྤང་དུ།།གཅེས་ཕྲུག་བརྒྱ་དང་རྩ་བརྒྱད།།
ཕ་མར་དྲིན་ལན་འཇལ་ན།།བུ་བཟང་བསོད་ནམས་ཡར་འཕེལ།།
ཡུལ་བཟང་ཁྲ་མོའི་ནང་དུ།།ཕོ་མོ་བརྒྱ་དང་རྩ་བརྒྱད།།
སྙིང་གྲོགས་དམ་ཚིག་ཐུབ་ན།།གཞུང་བཟང་མི་ཡི་དཔའ་བོ།།
མགྲིན་བཟང་སྐད་སྙན་ནང་དུ།།གླུ་དབྱངས་བརྒྱ་དང་རྩ་བརྒྱད།།
ཚིག་དོན་ཕུན་ཚོགས་བྱུང་ན།།ལྷ་མི་དགྱེས་པའི་མཆོད་དབྱངས།།
རང་སེམས་འཁྲུལ་པའི་ནང་དུ།།བསམ་བློ་བརྒྱ་དང་རྩ་བརྒྱད།།
གཞན་ཕན་སེམས་བཟང་ཡོད་ན།།མི་ཡི་ནོར་བུ་ཡིན་ནོ།།
1 Comments
Very good
ReplyDeleteཐུགས་འཆར་བཀོད་གནང་།