གསར་པ།

6/recent/ticker-posts

ཐ་སྙད་བརྡ་དག་གི་བསྟན་བཅོས་ངོ་མཚར་འཕྲུལ་གྱི་ལྡེ་མིག་གཙུག་ལག་རྒྱ་མཚོའི་སྒོ་འབྱེད།

༄༅། །ཐ་སྙད་བརྡ་དག་གི་བསྟན་བཅོས་ངོ་མཚར་འཕྲུལ་གྱི་ལྡེ་མིག་གཙུག་ལག་རྒྱ་མཚོའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

ཐ་སྙད་བརྡ་དག་གི་བསྟན་བཅོས་ངོ་མཚར་འཕྲུལ་གྱི་ལྡེ་མིག་གཙུག་ལག་རྒྱ་མཚོའི་སྒོ་འབྱེད།



ཇི་སྙེད་ཤེས་བྱ་ནམ་མཁའི་ཀློང་། །མཁྱེན་རབ་ཉིན་མོར་བྱེད་པའི་གཟིས། །འགྲོ་བློའི་མུན་པ་སེལ་མཛད་པའི། །འཇམ་པའི་དབྱངས་ལ་གུས་བཏུད་ནས། །ཤེས་བྱའི་མིང་ཚིག་མཐའ་ཡས་པས། །ཐམས་ཅད་བརྗོད་པ་མི་ནུས་ཀྱང་། །སྐབས་དོན་ཉེར་མཁོ་མདོར་བསྡུས་པའི། །བརྡ་དག་འཕྲུལ་གྱི་ལྡེ་མིག་བསྟན། །རྣམ་དབྱེ་ཚིག་ཕྲད་མ་ཡིན་པའི། །མིང་གཞིའི་ཡི་གེ་འབའ་ཞིག་ལ། །བརྡ་ཚིག་འདྲ་འམ་སྙམ་པ་ཡིས། །རྨོངས་པ་བསལ་བར་བྱ་ཡིས་ཉོན། །ཕལ་ཆེར་ཚིག་འདྲ་ལྟར་སྣང་ཡང་། །དོན་གྱི་ཁྱད་པར་ཐ་དད་པས། །ཡི་གེ་མི་འདྲ་ནོར་ས་ཆེ། །དེས་ན་འདི་ལ་དབྱེ་བ་ཡང་། །སྤྱི་ལ་འདྲ་མིན་རིམ་ཅན་དང་། །བྱེ་བྲག་འདྲ་མིན་ཕྱོགས་སྡེབ་གཉིས། །འགའ་ཞིག་ཚིག་ལ་ཐ་དད་ཀྱང་། །དོན་ཐོག་གཅིག་ལ་བབ་པ་དང་། །འགའ་ལ་ཡོད་མེད་ཁྱད་ཞུགས་ཀྱི། །ལྷག་ཆད་འཁྲུལ་སྤོང་བསྟན་པ་དང་། །གཅིག་ཏུ་ཞེན་པ་སྤོང་བའི་ཕྱིར། །གསར་རྙིང་བརྡ་ཡི་ཁྱད་པར་བཅས། །བསྟན་བཅོས་འདི་ཡི་སྤྱི་སྡོམ་ནི། །རབ་དབྱེ་རྣམ་པ་ལྔ་ཡིས་བསྟན། །དང་པོ་འདྲ་མིན་རིམ་ཅན་ནི། །གསལ་བྱེད་ཀ་སོགས་སུམ་ཅུ་པོ། །སོ་སོའི་སྡེ་ཚན་མ་འཁྲུགས་པར། །རང་རང་སྒྲ་མཚུངས་སྦྱར་ཏེ་བཤད། །


༼ཀ༽

ཀ་བ་ཀ་ཏན་ཀཱ་ར་དང་། །ཀ་པཱ་ལ་དང་ཀ་མ་ལ། །ཀ་ལ་པིངྐ་ཀ་ལིངྐ། །ཀརྵ་པ་ཎ་ཀརྨ་པ། །ཀ་དག་ཀཿཐོག་ཀ་ཏོ་ར། །བོད་པའི་ཀྭ་དང་རྐ་འགོ་དང་། །སྐ་རགས་སྐ་ཅོག་རོག་བསྐ་བ། །ལོ་ཀག་ལམ་བཀག་སྐར་མ་སྐག །ཀྲག་ཀྲག་བཀྲག་མདངས་འཇིགས་པའི་སྐྲག །གཟའ་ཡི་ཀིངྐ་བྱ་ཀཾ་ཀ །རྐང་ལ་སྣོད་བཀང་ཐུགས་དམ་བསྐང་། །ཐག་བཀད་བཀད་སར་སྐད་ཆ་འདྲི། །བད་ཀན་ལན་ཀན་ཆང་རྐྱན་དང་། །ཁ་ཡི་རྐན་དང་དཀན་གཟར་དང་། །ལུས་བཀན་ལག་བཀན་ཡོད་རེ་སྐན། །གོས་བཀབ་དཀབ་བྱ་གནས་སྐབས་དང་། །ཀྲབ་ཀྲབ་བྲོ་སྐྲབ་རྒྱལ་པོས་བཀྲབས། །འཛིན་བྱེད་སྐམ་པ་སྐམ་རློན་བརྐམས། །དཀྲམ་བྱ་མ་སྐྲམ་ཟོང་སོགས་བཀྲམ། །བཀའ་དྲིན་བཀའ་བཏགས་རྒྱལ་བའི་བཀའ། །དཀའ་འགྲེལ་དཀའ་ཚེགས་དཀའ་ཐུབ་ཅན། །ཡུངས་ཀར་ཐལ་ཀར་ལེགས་ཀར་དང་། །དཀར་ཆག་དཀར་ཡོལ་ཁ་དོག་དཀར། །སྐར་ཁུང་སྐར་མ་ལོགས་སུ་བཀར། །ཁལ་ཁྲལ་སྲད་བུ་འགན་ཁུར༼མཐའ་གསལ་༽བཀལ། །སྐལ་ལྡན་རང་སྐལ་ཡུལ་དུས་བསྐལ། །ཀྱལ་ཀ་ངག་བཀྱལ་རྐྱལ་རྩེད་རྐྱལ། །གནས་སུ་བསྐྱལ་དང་འཕོས་བསྐྱས་དང་། །ཀླན་ཀས་ཤིང་བཀས་འཛེག་སྐས་བཙུགས། །ཀྱི་ཧུད་ཀི་ཀི་འབྲེལ་བའི་ཀྱི། །སྐྱི་གཡའ་སྐྱི་དཀར་ནོར་སོགས་བསྐྱི། །དཀྲི་རྒྱུའི་རས་སོགས་ཀྲིག་ཀྲིག་འགྲིག །བཀྱིག་བྱ་བཀྱིགས་དང་སྐྱིགས་བུ་ལངས། དཀྲིགས་ཕྲག་གཏམས་དཀྲིགས་ཆུ་འཛིན་དཀྲིགས། །བདེ་སྐྱིད་སྐྱིན་པ་ཞལ་སྐྱིན་ཚབ། །དཀྱིལ་དུ་སྐྱིལ་ཀྲུང་ཆུ་སོགས་བསྐྱིལ། །ཀུན་དཀྲིས་གོས་དཀྲིས་ལམ་ལ་བཀྲིས། །ཀུ་རེ་ཀུ་ཅོ་ཀུ་བ་དང་། །ཀུ་ཤུ་ཀུ་ཤ་ཀུ་མུ་ཏ། །རྐུ་འཕྲོག་སྨན་བཀུ་བྱུག་པ་བསྐུ། །དཀུ་སྐབས་དཀུ་ཟླུམ་དྲི་མ་དཀུ། །ལྕགས་ཀྱུ་ཞབས་ཀྱུ་སྐྱུ་རུ་ར། །སྐྱུ་རུམ་སྐྱུ་གང་དཀྱུ་སར་སྐྱུགས། །གླེན་ལྐུག་མདུན་བཀུག་མདའ་རྩེད་སྐུགས། །སྦས་སྐུངས་སྐུད་པོ་སྐུད་པ་སྐུད། །ཀུན་དོང་རྐུན་པོའི་སྐུན་བུ་དང་། །དཀྲུམ་པའི་བཀུམས་དང་ཡན་ལག་བསྐུམས། །བསྙེན་བཀུར་བཀུར་སྟིས་གོང་དུ་བཀུར། །སྐུར་འདེབས་འཕྲིན་ཡིག་འགན་དབང་༼མཐའ་གསལ༽བསྐུར། །རོ་སྐྱུར་སྒྱིད་སྐྱུར་བྱ་བ་བསྐྱུར། །སྐུལ་བྱེད་ལྕག་གིས་བསྐུལ་མ་འདེབས། །ཆུར་བཀྲུས་ཤིང་སྐྲུས་ཟས་བསྐྲུས་པ། །ཀྱེ་མ་ཀྱེ་ཀྱེ་སྐྱེ་བོའི་སྐེ། །ཀེ་ཤ་ཀེའུ་ཚང་ཀེའུ་རི་སྒོག །ཕོ་ཉ་སྟོན་མོ་འོད་སྤྲུལ་༼མཐའ་གསལ་༽བཀྱེ། །ལོ་སྐེག་རྒྱ་སྐྱེགས་རྩིས་ཀྱི་སྐྱེག །ཤ་མེད་ཀེང་རུས་ངོ་ཚས་སྐྱེངས། །བུན་སྐྱེད་སྐྱེད་ཚལ་སེམས་རྒྱ་བསྐྱེད། །བསྐྱེད་བྱ་སྐྱེད་བྱེད་རྐེད་ཕྲ་མ། །རྒྱུ་རྐྱེན་ལྡོབ་སྐྱིན་མྱུར་བའི་སྐྱེན། །དབུལ་ཕོངས་བཀྲེན་པ་ནད་ཀྱི་སྐྲན། །སྐེམ་བྱེད་རིད་སྐེམ་བཏུང་བའི་སྐྱེམས། །དོ་ཀེར་སྐྱེར་ཁ་སྐྱེར་པའི་ཤིང་། །ལམ་གྱི་སྐྱེར་མ་དཀྱེལ་ཆེ་བ། །འདི་ཀོ་ཀོ་རེས་ཀོ་ལོང་ཆེ། །ཀོ་བ་ཀོ་གྲུ་རྐོ་མཁན་བསྐོ། །ལྐོག་གྱུར་ལྐོག་མར་ལྐོག་ཤལ་འཕྱང་། །ཀོག་གིར་བཀོག་དང་ཕྱི་སྐོགས་དང་། །ཀྲོག་ཀྲོག་ཞོ་དཀྲོགས་ཌཱ་རུ་སྐྲོག །སྲབ་སྐྱོགས་ལག་པས་སྐྱོགས་ནས་བཙུགས། །ལུས་ཀྲོང་དཀྲོངས་བསྐྱེད་བསད་པའི་བཀྲོང་། །ཀོང་ཡུལ་ཀོང་བུ་རྐོང་ནད་དང་། །སྤ་བཀོང་རེ་སྐོང་ཁ་སྐོང་སྐོངས། །ཐོ་སོགས་བཀོད་དང་བདེ་བར་བཀོད། །མགུལ་བསྐྱོད་ཆིབས་བསྐྱོད་མི་བསྐྱོད་པ། །ཤིན་ཏུ་དཀོན་དང་ཁོན་དུ་བཀོན། །གོས་བསྐྱོན་བྱ་སྐོན་རྐོན་པ་འཛུགས། །རྟར་བསྐྱོན་ཉེས་སྐྱོན་བཀའ་བཀྱོན་གནང་། །གླད་ཀོར་དཀོར་ཟས་དཀོར་མཛོད་དང་། །ཆོས་ཀྱི་སྐོར་དང་སྐོར་བ་བསྐོར། །གཡོག་བཀོལ་ཇ་སྐོལ་ཐག་རིང་སྐྱོལ། །འཐབ་ཀྲོལ་ཕུང་ཀྲོལ་བཅིངས་པ་བཀྲོལ། །དགོངས་བཀྲོལ་འབུད་བཀྲོལ་རོལ་མོ་དཀྲོལ། །དཀོས་ཐག་དགེ་སྐོས་རྒྱལ་སར་བསྐོས། །སྤར་སོགས་བརྐོས་ཟིན་ལ་སོགས་པ། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཀ་ཡི་རིམ་པ་མདོ་ཙམ་མོ། །


༼ཁ༽

ཁྭ་ཏ་ཁ་ཐོར་ཁ་བ་ཅན། །ཁ་ན་མ་ཐོ་ཁ་དན་ཆོད། །བྱ་ཁྲ་ཁྲ་བོ་འཁྲ་སར་ཁྲག །ཁག་མེད་ཁང་བཟང་སེམས་པ་འཁང་། །ཁྱད་ཆོས་ཁྱད་འཕགས་རྩོམ་ལ་ཁད། །ཡུལ་ཁན་མཁན་པོ་ཤིང་མཁན་པ། །ཁབ་ཏུ་བྲོ་འཁྲབ་གོ་ཁྲབ་གོན། །ཁམ་བུ་ཁམ་པ་འཁམས་ཤིང་ཁམས། །ཁྲམ་པས་ཁྲམ་ཁ་ཆུ་ཁྲམས་ཁྲེམས། །ནམ་མཁའ་མཁའ་རྔ་སྡོད་པའི་མཁར། །ཁ་ཡི་མ་མཁལ་མཁལ་མ་དང་། །དོན་མེད་ངག་འཁྱལ་སྐུད་པ་འཁལ། །མཁས་པའི་བགྱི་བ་ཁས་ལེན་པ། །ཁྲི་དང་ཁྲི་འུ་ཁྱི་ཁྱི་འུ། །འཁྲིག་སྤྱོད་མཁྲིག་མ་བསྡམ་པའི་འཁྱིག །ཁྲག་ཁྲིག་སྤྲིན་འཁྲིགས་དབུ་ཁར་ཁྲིགས། །ཟབ་ཁྲིད་སྣ་ཁྲིད་ལམ་དུ་འཁྲིད། །ཁྲིམས་དང་ཚུལ་ཁྲིམས་བྲེད་འཁྲིམས་དང་། །ཁྱིམ་དུ་འོད་འཁྱིམས་མཁྱིད་གང་འཁྱིལ། །གཡས་འཁྱིལ་ཆུ་འཁྱིལ་གདུགས་འཁྱིར་བ། །རང་དོན་འཁྲིས་པ་བུ་ལོན་འཁྲིས། །ཆུ་མཁྲིས་མཁྲིས་ནད་འཁྲིལ་ཤིང་འཁྲིལ། །ཁུ་བོ་ལ་འཁུ་ཁུ་བ་འབྱིན། །ཁྱུ་མཆོག་འཁྱུ་སར་འཁྱུས་པ་དང་། །གོས་འཁྲུ་འཁྲུག་ལོང་གོང་འོག་འཁྲུགས། །ཁུངས་སྨོས་སྐུ་འཁྲུངས་བྱ་ཁྲུང་ཁྲུང་། །པུས་འཁྱུད་པང་འཁྱུད་མགུལ་ནས་འཁྱུད། །དཔེ་མཁྱུད་མཁྱུད་སྤྱད་མུ་ཁྱུད་དང་། །ཞལ་རྒྱུན་ཁྱུན་དང་ན་བའི་འཁུན། །བརླན་ཁུམ་རྐང་འཁུམས་དཔའ་འཁུམས་དང་། །ཁུར་པོ་འཁུར་བ་མཁུར་འཛུམ་དམར། །ཁྲོན་པ་གོས་འཁྲུད་ཁྲུས་བྱེད་པ། །ཁྲུན་རིང་གོས་དང་འཁྲུན་ཐག་ཆོད། །ཁུས་འདེབས་གཡོག་འཁུལ་ཁུལ་དུ་གནས། །ཚོང་གི་ཁེ་དང་འབྲུ་ཡི་ཁྲེ། །སྲ་མཁྲེགས་ཁྲེགས་གཅོད་འདོད་པ་ཁེགས། །སྣོད་སོགས་ཁེངས་དང་ཁེངས་པ་དྲེགས། །འཁྲེན་དང་འཁྲེས་པ་ངོ་ཚའི་ཁྲེལ། །ཁོ་བོ་ཉེར་མཁོ་སྔ་མཁོ་དང་། །ཁྱོ་ཕོ་སྐྱེས་བུའི་ཁྱོགས་ཀྱིས་བཏེག །ཤ་ཁོག་རྒས་འཁོགས་བཅག་པའི་འཁོག །ཁོང་ནས་ཁོང་ཁྲོ་ཁོངས་སུ་གཏོགས། །ཁྱོད་རང་མཁོས་ཕབ་གནས་སུ་འཁོད། །ཁྱོན་འཛིན་རྒྱ་ཁྱོན་ཁྱོན་སྡོམ་དང་། །རུལ་ཁོབ་མཐའ་འཁོབ་ཁྱབ་པའི་འཁོབས། །ཁོ་ར་ཁོར་ཡུག་འཁོར་ལོ་འཁོར། །མཐར་འཁྱོལ་བྲན་ཁོལ་སེམས་པ་འཁོལ། །ཁྲོལ་ཚགས་སིལ་ཁྲོལ་རོལ་མོ་འཁྲོལ། །འཁོས་ཆུང་ཁྲོས་པ་ལ་སོགས་པ། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཁ་ཡི་རིམ་པ་མདོ་ཙམ་མོ། །


༼ག༽

ག་བུར་གྭ་པ་ག་ཤ་ཕྲེང་། །གྭ་དོར་གྭ་ལོ་རྒ་ཤི་སྒ། །རྒྱ་གར་རྒྱ་བོ་བརྒྱ་ཕྲག་དང་། །སྡང་བའི་དགྲ་དང་སྙན་པའི་སྒྲ། །སྙན་གྲགས་ཕྱོགས་སུ་གྲགས་པར་གྲག །དགག་བྱ་ཁ་འགགས་མནའ་བསྒགས་པ། །ང་རྒྱལ་རྒྱགས་པ་ལམ་རྒྱགས་རྒྱག །དགང་བྱ་དགང་གཟར་རིན་འགང་ཅན། །ལྒང་པ་ས་སྒང་བྱ་བའི་བསྒང་། །རྒྱངས་ཤིང་རྒྱང་འཕེན་ཐག་རིང་རྒྱང་། །ཡུན་རིང་འགྱངས་དང་གད་བརྒྱངས་སྒྲོག །གྱད་མི་གད་མོ་བགད་པ་དང་། །རྒན་མོ་འགན་བསྐྱལ་རྒྱན་གྱིས་བརྒྱན། །རྒྱབ་ཏུ་གོས་དགབ་ཁ་འགབས་གབ། །སྒམ་པོར་ཚོད་བགམས་ཙམ་པ་འགམས། །འགའ་ཞིག་རེས་འགའ་སེམས་པ་དགའ། །སྐབས་འགར་མགར་བས་བུ་རམ་བསྒར། །ཆོས་སྒར་དམག་སྒར་ལོགས་སུ་དགར། །རྒྱལ་བའི་བརྒལ་ལན་ཆུ་ལས་བརྒྱལ། །འོ་བརྒྱལ་བ་དང་དྲན་མེད་བརྒྱལ། །སྒལ་པར་མགལ་དུམ་མགལ་མེ་དགལ། །འགལ་ཟླ་འགལ་འཁྲུལ་དུམ་བུར་དགས། །ཞེ་འགྲས་མིག་བགྲད་ཞབས་བགྲད་པ། །གྲལ་འགྲིག་སྒྲིགས་གཅུན་ཕྱོགས་གཅིག་བསྒྲིགས། །ལུས་ཀྱི་འགྱིང་བག་སེངྒེ་སྒྱིང་། །བགྱི་འོས་བགྱིད་དང་སྒྱིད་ལུག་པ། །སྒྲིན་པོའི་མགྲིན་པར་བསྒྲིན་མི་ཕོད། །གྲིབ་མ་གྲིབ་གནོད་གཙོག་གྲིབ་དང་། །འཕེལ་འགྲིབ་འོད་འགྲིབས་ལས་སྒྲིབ་བསྒྲིབས། །དབེན་པ་འགྲིམས་དང་བློ་སྒྲིམ་བསྒྲིམས། །བབ་ཏུ་འགྲིལ་དང་ཐད་ཀ་སྒྲིལ། །ཡུལ་གྲུ་གྲུ་བཞི་གྲུ་འཛིན་རི། །ནང་ཁྲོལ་རྒྱུ་མ་སྐྱེད་བྱེད་རྒྱུ། །རྒྱུ་ནོར་གཡོ་སྒྱུ་སྒྱུ་མ་མཁན། །མཁོ་རྒུ་ཡིད་མགུ་སྒུ་སྟེགས་དགུ། །སྐྱེ་འདོད་འཕུར་འཛུལ་ཡོད་༼མཐའ་གསལ་༽དགུ་དང་། །ཚེ་གཡང་ནོར་འགུགས་ལམ་དུ་སྒུག །སྒྱུག་མོ་བང་རྒྱུགས་བརྒྱུགས་ཤིང་ལེན། །རྒྱགས་སོགས་རྒྱུགས་དང་དཔེ་རྒྱུགས་ཕུལ། །གུང་ཚིགས་ཉིན་དགུང་དགུང་སྔོན་དགུ། །གྲུང་པོས་སྒྲུང་བཤད་རྙོག་མ་བགྲུངས། །མོས་གུས་དར་རྒུད་གུད་དུ་ཡོད། །རིགས་བརྒྱུད་བླ་བརྒྱུད་ལོ་རྒྱུས་བསྙད། །རྒྱུད་མངས་སེམས་རྒྱུད་གཏམ་ཕྲེང་རྒྱུད། །དགུན་ཀ་རྒུན་འབྲུམ་རྒྱུན་དུ་ཟ། །འགྲུན་བུར་སུས་ཀྱང་བསྒྲུན་དུ་མེད། །གྲུབ་ཐོབ་གྲུབ་མཐའ་དངོས་གྲུབ་གྲུབ། །ལྷ་ཀླུ་བླ་ཚེ་སྲིད་སྒྲུབ་༼མཐའ་གསལ་༽དང་། །བསྒྲུབ་བྱ་སྒྲུབ་བྱེད་བསམ་པ་འགྲུབ། །གྲུམ་ནད་ཆག་གྲུམ་དཀྲུམ་པའི་དགྲུམ། །གུར་དུ་སྒུར་པོ་མགུར་མ་ལེན། །སེམས་ཀྱི་འགྱུ་བ་འགྱུར་བ་དང་། །གཞན་གྱིས་མི་བསྒུལ་མགུལ་བ་འགུལ། །ལམ་འགྲུལ་བརྩོན་འགྲུས་བགྲུས་པའི་འབྲས། །དགེ་སློང་དགེ་བར་གེགས་བྱེད་པའི། །བགེགས་ནི་སྒེག་མ་འཇོ་སྒེག་ཅན། །ལུས་འགྲེང་ལག་སྒྲེང་རྒྱལ་མཚན་བསྒྲེང་། །གཡུལ་འགྱེད་ཡོན་འགྱེད་ཐུགས་དགྱེས་པ། །གོས་མེད་སྒྲེན་མོ་གཞན་ལ་འགྲན། །གོས་སོགས་འགེབས་དང་ཕྱག་དགྱེབ་༼གྲོང་ཚིག་ཡིན་ཀྱང་འཐད་༽དྲངས། །བཀྲམ་པའི་འགྲེམས་དང་མགོ་བོ་འགེམས། །སྒེར་གྱི་སྲང་ལ་སྒྱེར་བས་ལྡང་། །ཐོགས་པའི་འགྱེལ་དང་ཁང་པ་སྒྱེལ། །བགྲེས་པོ་བགྲེས་རལ་རིགས་བསྒྲེས་ཤེས། །གོས་བགོ་མགོ་ལ་འགོ་ནད་འགོ། །སྒོ་ཕར་སྒོ་གླེགས་སྒོ་གཏན་དང་། །ཆབ་སྒོ་བཀའ་བསྒོ་རི་དྭགས་དགོ། །ལམ་འགྲོ་བགྲོ་གླེང་སྒྲོ་འདོགས་ཆོད། །བྱ་སྒྲོ་རྟ་སྒྲོ་སྒྲོ་བཏགས་མཁན། །ངམ་གྲོག་གྲོག་མོ་གྲོགས་དང་འགྲོགས། །ལྕགས་སྒྲོག་སྒྲ་སྒྲོག་སྒྲོག་གུས་སྒྲོས། །སྒོག་པ་མནའ་སྒོག་འགོག་བདེན་དང་། །རྐང་མགྱོགས་མྱུར་མགྱོགས་སྒྱོགས་རྡོ་འཕང་། །དགོངས་དོན་མི་འགོང་ཟན་སྒོང་བསྒོང་། །གྱོད་དང་འགྱོད་པ་བདེ་ལ་འགོད། །བྱིང་རྒོད་བྱ་རྒོད་རྟ་རྒོད་མ། །དགོན་པ་མགོན་པོ་གོན་པ་གྱོན། །མགྲོན་གཉེར་མགྲོན་ལ་སྒྲོན་མེ་སྤར། །རྒྱོབ་གསོད་རྒྱོབས་ཤིག་སྒྲོབ་སྟོན་པ། །གོམས་པ་བགོམས་དང་བསྒོམ་བྱ་བསྒོམས། །ཡུན་རིང་འགོར་དང་དབྱིབས་སྒོར་མོ། །གོལ་སར་འགོལ་དང་ཕྱི་རྒོལ་བ། །དཀའ་གནད་དགྲོལ་དང་བྱང་གྲོལ་སྒྲོལ། །ཉིང་དགོས་ཡང་སྒོས་བག་ཆགས་བསྒོས། །བཤད་སྒྲོས་མཆུ་སྒྲོས་འགྲོས་བཟང་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལས། །ག་ཡི་རིམ་པ་མདོ་ཙམ་མོ། །


༼ང༽

ང་རྒྱལ་ཅན་དང་ང་ཡིར་འཛིན། །རྔ་དང་རྔ་ཡབ་རྔ་མོ་ལྔ། །རྩྭ་བརྔ་སྔ་རབས་ཞལ་སྤྱན་སྔ། །སྙན་༼སྙན་ངག་ཀྱང་རུང་༽དངགས་མངག་བཞུག་ཕོ་ཉ་མངགས། །བསྔགས་འོས་མདོ་སྔགས་ཐུགས་ལ་མངའ། །གླ་རྔན་དངན་འཐེན་མངན་བགྲངས་ཅན། །རྔམ་འཇིགས་མཐུག་རྔམས་ཞན་ཆགས་བརྔམས། །མངར་བའི་ཟིལ་དངར་ཚར་དུ་དངར། །སྡུག་བསྔལ་བ་དང་བུད་མེད་མངལ། །བཙས་མ་བརྔས་དང་མགོ་རྟེན་སྔས། །དངུལ་བཟོ་སྡུན་དུ་རྡུལ་ཆུ་ཟག །དབུགས་རྔུབས་ཟུག་རྔུས་རྡུ་མ་ཞལ། །ངང་ངུར་གཉིད་ཀྱི་སྡུར་པ་དང་། །མོན་སྲན་སྔེའུ་རྔེའུ་ཆུང་དང་། །སྔོ་བསངས་རྔོ་བག་གྲི་ཡི་དངོ་། །ཆུ་དངོ་བསྔོ་བ་རྔོ་མ་ཐོགས། །རྔོག་སྟོན་སྐྱོ་སྔོགས་མཚང་སྔོག་དང་། །དྲེ་འུ་ཟེ་༼མཐའ་གསལ་༽འུ་རུས་ཀྱི་རྔོག །ཡོས་སོགས་རྔོད་མཁན་བུད་མེད་བརྔོད། །སྔོན་དུས་རྔོན་པ་མངོན་ཤེས་ཅན། །མངོན་སྤྱོད་མངོན་སུམ་ཆོས་མངོན་པ། །དངོམ་ཆེན་ནོར་དང་རྔོམ་བརྗིད་ཅན། །དངོས་གཞིའི་དངོས་བཤམས་དངོས་དངོས་མེད། །རྔོས་ཁྱེར་དངོས་སུ་ཡོས་བརྔོས་པ། །དགེ་བསྔོས་རྣམ་བསྔོས་ལ་སོགས་པ། །འདྲ་མིན་རིམ་ཅན་བསྟན་པ་ལས། །ང་ཡི་རིམ་པ་མདོ་ཙམ་མོ། །


༼ཅ༽

ཀ་ཅ་ཅ་རེ་ཅ་ཅོ་ཅན། །བདག་ཅག་ཞབས་བཅགས་ཡིད་ལ་གཅགས། །རྟ་ལྕག་གནམ་ལྕགས་རྡོ་སོགས་བཅག །ཅང་ཤེས་ཅང་དང་ཅང་ཏེའུ་འཁྲོལ། །ཅང་མེད་རྒྱ་ཅང་ལག་ཏུ་བཅང་། །ལྕང་མ་སྐྲ་ལྕང་ལྕང་ལོ་ཅན། །གཅེན་པོ་གཅན་གཟན་ལྡན་པའི་ཅན། །གཅམ་བུ་ལྕམ་དྲལ་ལྷ་ལྕམ་དང་། །ཅལ་ཅོལ་བློས་བཅལ་གཅལ་དུ་བཀྲམ། །ཅི་སླད་ཅི་ཕྱིར་གཅི་འུའི་སྨན། །ཁ་ཅིག་ཅིག་ཅར་ཉག་ཅིག་རྟོགས། །ཚིག་ཕྲད་ཅིང་དང་བཅིང་བྱ་བཅིངས། །རྟར་བཅིབས་པ་དང་དར་གྱིས་ལྕིབས། །ཚ་ལག་ཞལ་སྤྱན་སྒོ་ལྕིབས་༼མཐའ་གསལ་༽དང་། །ཅུ་གང་གཅུ་གལ་གྲངས་ཀྱི་བཅུ། །ཁོན་གཅུགས་མཛའ་གཅུགས་ནང་དུ་བཅུག །མཉེན་ལྕག་ལྕུག་ཕྲེང་གྲི་ལྕུག་མ། །གཅུང་གིས་ལྕུང་ཀ་གཅུན་པ་དང་། །ཅས་ཅུས་ལག་གཅུས་གཅུད་ལ་བོར། །ལྕམ་པ་ལྕུམ་པ་ཁ་བཅུམ་པ། །ཅེ་སྤྱང་སྤྱི་ཅེར་མིག་ཅེ་རེ། །ཞལ་ལྕེ་གཅོད་དང་ལྕེ་འབབ་ལྕེ། །གཅེས་ཕྲུག་གཅེར་བུ་མེ་ལྕེར་ལྕེབས། །སོས་བཅེམས་ཁ་གཅེམ་དང་དུ་བཅེར། །ཅོ་འདྲི་བ་དང་ཐོ་ཅོ་སྤྱོད། །ཅོག་པུར་ཐོར་ཅོག་ཡོད་དོ་ཅོག །ཅོག་ཙེར་རྡོ་གཅོག་བློ་ཡིས་ལྕོགས། །མེ་ཏོག་མགོ་ལྕོག་ལྕགས་རིའི་ལྕོག །གཅོང་ནད་སྦས་ལྕོང་རོལ་མོ་ཅོང་། །ཅོད་པན་བེ་ཅོན་ཤིང་སོགས་གཅོད། །གྲོས་གཅོམ་དགྲ་བཅོམ་བཅོམ་ལྡན་འདས། །བབ་བཅོལ་ལས་བཅོལ་བཅོས་པ་སོགས། །འགའ་ཞིག་ཕྱོགས་བསྡེབ་སྐབས་སུ་མངོན། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཅ་ཡི་རིམ་པ་མདོ་ཙམ་མོ། །


༼ཆ༽

ཆ་བྱད་ཆ་ཤས་ཆ་མཉམ་པ། །གོ་མཚོན་དགྲ་རྒྱན་དཀོར་ཆ་༼མཐའ་གསལ་༽དང་། །ཉམས་ཆགས་ས་ལ་ཆག་ཆག་བཏབ། །འདོད་ཆགས་སྲོག་ཆགས་ཉེས་པ་འཆགས། །བཏུང་བའི་ཆང་དང་འཛིན་པའི་འཆང་། །ཆོས་འཆད་བར་ཆད་ཆད་པས་ཆོད། །འབྲས་ཆན་མཆན་ཁུང་ཡི་གེའི་མཆན། །ཆབ་དང་ཆབ་སྲིད་ཉེས་པ་འཆབ། །ཁ་འཆམས་གར་འཆམས་ཆམ་ལ་ཕོབ། །གྲུ་ཆར་ཉི་འཆར་འཆར་སྒོར་འཆར། །ཚུལ་འཆལ་ཆལ་ལས་ཆལ་མར་གདལ། །ཚེ་ཟད་འཆི་དང་འཇུག་པའི་མཆི། །ཆིག་བརྒྱ་ཆིག་སྟོང་མཆིག་མཆིག་གུ། །རྒྱ་མཚོའི་མཆིང་དང་མཆིང་བུ་འཆིང་། །བཀའ་མཆིད་མཆིན་པ་མཆིམས་ཕུ་དང་། །མིག་གི་མཆི་མ་ཁའི་མཆིལ་མ། །མཆིལ་པ་མཆིལ་ལྷམ་ཡོད་པའི་མཆིས། །ཁ་མཆུ་མ་མཆུ་ཆུ་ཞེང་གབ། །རྩ་བའི་འཆུ་བ་ཆུ་ནང་གནས། །མུ་ཏིག་ཆུན་པོ་རིག་པ་འཆུན། །ལྟོ་རྒྱགས་ཆུམ་དང་འདོད་ལ་འཆུམས། །ཆེ་ཤོས་ཁས་འཆེ་མཆེ་བ་གཙིགས། །ཆེ་གེའི་ཁ་ཆེམ་འོད་ཆེམ་ཆེམ། །དགོས་ཆེད་མཆེད་ལྕམ་མཆེད་པོ་དང་། །སྐུ་མཆེད་མེ་མཆེད་སྐྱེ་མཆེད་དང་། །ཞེན་པའི་འཆེལ་དང་ཞལ་འཆེས་མཆེར། །ཆོ་ལོ་ཆོ་ག་ཆོག་ཤེས་མཆོག །ནོར་བུ་གཟི་མཆོངས་སེམས་ལ་ཆོངས། །མཆོད་ཡུལ་ཐག་ཆོད་མཆོད་པ་ཕུལ། །གྲོས་འཆོམས་ཆོམ་རྐུན་ཆོམས་ཤིག་དང་། །རྒྱན་གྱིས་མཆོར་དང་ལག་ནས་འཆོར། །ཁྲོ་བོ་འཆོལ་དང་ལས་ཀ་འཆོལ། །ཚུལ་འཆོས་ཆོས་ཀྱིས་འཆོས་ལ་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཆ་ཡི་རིམ་པ་མདོ་ཙམ་མོ། །


༼ཇ༽

ཇ་ཧོང་ཇ་རིལ་ཇག་པས་ཁྱེར། །འཇག་པ་ཐུགས་འཇགས་ཞལ་གྱི་ལྗགས། །འཇའ་ས་འཇའ་མོ་འཇའ་རྡེག་དང་། །འཇའ་ཚོན་ལྗང་བུ་སྔོ་ལྗང་དང་། །འཇམས་ནས་ལུས་འཇམ་ཤ་ལ་འཇར། །ཞལ་མཇལ་བློས་འཇལ་བྲེ་ཡིས་འཇལ། །ཇི་ལྟ་ཇི་སྙེད་ཇི་བཞིན་གཟིགས། །འཇིག་རྟེན་འཇིག་པའི་འཇིགས་སྐྲག་དང་། །སྲོད་འཇིང་མཚོ་འཇིང་ལུས་ཀྱི་མཇིང་། །བརྗིད་ཆགས་གཟི་བརྗིད་ལྕི་བའི་ལྗིད། །ཁ་ཡིས་འཇིབ་དང་འཇིམ་པ་འཇིལ། །འཇུ་བ་མཇུག་མར་འཇུག་པ་འཇུན། །འཇུར་མིག་འཇུར་ཞིང་སྐུད་པ་འཇུར། །སྨད་ཚོང་འཇུད་མཐུན་མཇེ་ལ་འཇུས། །མི་རྗེ་རྗེ་བོ་ལྷ་རྗེ་དང་། །རྗེ་བཙུན་རྗེ་མོ་ནོར་སོགས་བརྗེ། །མི་མཇེད་ཞིང་དང་བརྗེད་ངས་བརྗེད། །བཀུར་འོས་རྗེད་དང་བརྗེད་བྱེད་གདོན། །ཤ་རྗེན་ས་རྗེན་ལྗན་ལྗིན་དང་། །ཐུགས་རྗེས་རྗེས་བསྐྱངས་གསར་རྙིང་བརྗེས། །འདོད་འཇོ་མཉམ་འཇོག་ཀླུ་འཇོག་པོ། །སྨན་ལྗོངས་ཡུལ་ལྗོངས་དབྱིབས་འཇོང་འཇོང་། །བརྗོད་བྱ་རྗོད་བྱེད་བརྗོད་པས་འཇེབས། །དཔག་བསམ་ལྗོན་པ་ཟངས་འཇོན་དམར། །བྱི་འུ་འཇོལ་མོ་གོས་འཇོལའཇོལ། །ལ་སོགས་འགའ་ཞིག་འོག་ཏུ་འཆད། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཇ་ཡི་རིམ་པ་མདོ་ཙམ་མོ། །


༼ཉ༽

ཉ་རྒྱས་ཉ་མོ་ཉ་ག་གང་། །སྤུ་ཉག་ཉག་ཕྲན་ཉག་གཅིག་དང་། །སྙང་སྙོང་མི་གཙང་རྙང་མ་དང་། །ཐ་སྙད་སྙད་འདོགས་བསྙད་པ་དང་། །བཀའ་གཉན་གཉན་ཁྲོད་ས་བདག་གཉན། །གྲུ་ཡི་མཉན་པ་མཉན་ཡོད་གྲོང་། །སྙན་དར་སྙན་གྲགས་བརྙན་པའི་ནོར། །ཕྱག་དང་སྒྲ་གཟུགས་སྣང་༼མཐའ་གསལ་༽བརྙན་དང་། །ལག་པས་ཉབ་དང་བསྙབས་ཏེ་ཉབས། །མདངས་ཉམས་ཉམས་དགའ་ཉམས་རྟོགས་འཕེལ། །ཉམ་ཆུང་ཉམ་ཐག་ཉམ་ང་བ། །མཉམ་མེད་མཉམ་བཞག་ཡིན་ནམ་སྙམ། །གཉའ་ལྟག་གཉའ་རེངས་གཉའ་ཤིང་དང་། །གཉལ་ཡུལ་ལག་བསྙལ་མལ་དུ་བསྙལ། །གཡར་བའི་བརྙས་དང་གཞན་ལ་བརྙས། །ཞལ་བའི་སྙི་བ་རྙི་རྒྱ་དང་། །སྙིགས་དུས་སྣོད་བསྙིགས་ལྷུང་བཟེད་བསྙིགས། །སྙིང་དང་སྙིང་པོ་གསར་རྙིང་དང་། །སྙིད་མོ་གཉིད་དང་ལྕང་མ་རྙིད། །ལག་པའི་སྙིམ་པ་རིང་ཐུང་བསྙིམ། །ཨིནྜ་རྙིལ་དང་ཕྱི་ལ་བསྙིལ། །ཉིས་ལྡབ་ཉིས་འགྱུར་གཉིས་ཀ་དང་། །ཉུག་རུམ་སྤོས་ཉུག་གཉུག་མར་གནས། །སྟོང་ཉིད་གཉུག་མ་སྙུགས་སྲིང་བསྙུག །བསྙུང་གཞི་བསྙུན་དང་ཡོ་བྱེད་བསྙུང་། །དྲོད་ཚད་ཉུལ་དང་གནས་སུ་གཉུལ། །ཉེ་གནས་ཉེ་རེག་ར་མཉེ་དང་། །ནང་ཁྲོལ་གཉེ་མ་འབྲུའི་སྙེ་མ། །གྲི་ཡིས་གཉེག་དང་རྗེས་སྙེག་བསྙེགས། །རྙེད་དཀའ་ཇི་སྙེད་ཀོ་བ་མཉེད། །ཉེ་དུའི་གཉེན་དང་འཇམ་མཉེན་དང་། །དགེ་བསྙེན་བསྙེན་གནས་བསྙེན་རྫོགས་བསྙེན། །བསྙེངས་བྲལ་ང་རྒྱལ་སྙེམས་ཤིང་བསྙེམས། །དོན་གཉེར་གཉེར་པ་ཁྲོ་གཉེར་བསྙེར། །སྐུ་མཉེལ་བ་དང་བརྗེད་པའི་བསྙེལ། །སྔས་ལ་གཉེས་དང་ཐུགས་མཉེས་པ། །གྲུབ་བརྙེས་མངའ་བརྙེས་རྒྱབ་ལ་སྙེས། །ཉོ་ཚོང་ཉོ་དང་ཉག་ཉོག་དང་། །རྙོག་མ་ཁ་བརྙོགས་རྗེས་སུ་སྙོགས། །གཉོད་ཆུང་གོ་སྙོད་སྐུད་པ་བསྙོད། །སྙོན་མོངས་བསྙོན་དོར་བསྙོན་ཅན་དང་། །ལག་པའི་སྙོབ་སར་བསྙོབ་ཅིང་ཚོལ། །སྙོམ་ལས་བཏང་སྙོམས་སྙོམས་འཇུག་དང་། །བསོད་སྙོམས་རྒྱ་ཁོན་སྙོམས་དང་བསྙོམས། །སྤུ་སྙོལ་རྒྱལ་མཚན་བསྙོལ་ལ་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལ། །ཉ་ཡི་རིམ་པ་མདོ་ཙམ་མོ། །


༼ཏ༽

ཏ་ལ་ཏ་མི་ཞལ་ཏ་དང་། །ཏྭ་ར་ཎ་དང་ཏ་ཟིག་ཡུལ། །ཁ་ཏ་བྱེད་པ་ལྟ་ཅི་སྨོས། །སྟ་རེ་དགྲ་སྟ་སྟ་གོན་བྱེད། །རྟ་བབ་རུ་རྟ་ཞོན་པའི་རྟ། །རྟ་དབྱངས་རྟ་ཐུལ་རྟ་མགྲིན་དང་། །གཏའ་ཕབ་གཏའ་མ་མིག་གིས་བལྟ། །རྟག་པ་རྟགས་མཚན་རྒྱུད་བརྟག་གཉིས། །བརྟག་བྱ་བརྟགས་དང་མིང་རྒྱན་བཏགས། །ཁ་བཏག་བརྡུང་གཏགས་ཕྱེ་མར་གཏགས། །མེ་སྟག་ཤ་སྟག་གཅན་གཟན་སྟག །ཤིང་གི་སྟག་པ་ཡས་སྟགས་དང་། །ལྟག་ཆོད་ལྟག་འོས་ལྟག་པ་དང་། །ཏང་ཀུན་བློས་བཏང་གཏང་རག་བཏང་། །བསྟི་སྟང་བཞུགས་སྟངས་གྲོགས་ཀྱི་བསྟང་། །བུར་ལྟང་མར་ལྟང་ལག་ཏུ་གཏད། །ལྟད་མོ་བློ་གཏད་འགྲོ་ཆས་བསྟད། །སྣ་བསྟད་དམིགས་གཏད་གློ་བུར་བརྟད། །བསྟན་པའི་ཡོན་ཏན་ནན་ཏན་བརྟན། །སྟན་ལ་དུས་གཏན་བསམ་གཏན་སྒོམ། །རྒྱལ་གསོལ་སྨོན་པ་ས་བོན་བཏབ། །བྲེད་རྟབས་རྟབ་རྟབ་ཞལ་དུ་བསྟབ། །གར་སྟབས་སྟབས་ཅིག་གོས་ལྟབ་བལྟབ། །ཏམྦུ་ར་དང་གྲོས་གཏམ་གླེང་། །ཐུགས་ལ་གཏམས་དང་སྐུ་བལྟམས་པ། །ནན་ཏར་བཟང་དང་གཏར་སྲེག་དང་། །ས་གཞི་བསྟར་དང་ཉམས་བཞེས་བསྟར། །སྟར་ཁ་བསྟར་ལ་རྒྱུད་པ་དང་། །དེ་ལྟར་མངལ་གནས་ལྟར་ལྟར་པོ། །ལྟས་ངན་ལུས་བརྟས་མིག་གིས་བལྟས། །གཏི་མུག་བཀུར་སྟི་བསྟི་གནས་དང་། །ཏིག་ཏ་མུ་ཏིག་ཆུའི་གཏིགས་པ། །ཏིང་འཛིན་ཏིང་ཤགས་མཆོད་པའི་ཏིང་། །གཏིང་ཟབ་གདན་བཏིང་སྲ་བརྐྱང་བཏིང་། །བསྟིང་ཚིག་རྗེས་རྟིང་རྐང་པའི་རྟིང་། །སྤྲིན་ཕུང་གཏིབས་དང་བསྟིམ་བྱ་བསྟིམས། །བསྟིར་མེད་ཏིལ་རྗང་ལྟིར་གྱིས་བཀང་། །ལ་དོན་ཏུ་དང་འཐུ་བའི་བཏུ། །མོ་མཚན་སྟུ་དང་རཏག་དྲི་མནམ། །སྟུག་པོ་མཐར་གཏུགས་ཞབས་ལ་གཏུགས། །བཟའ་བཏུང་ཉེས་ལྟུང་རིང་ཐུང་བསྟུངས། །ཀུན་བཏུས་ཞབས་བཏུད་ཡང་ཡང་བསྟུད། །བརཏན་པ་བསྟུན་གྲོགས་གཏུན་གཏུན་ཤིང་། །རུང་བའི་བཏུབ་དང་དུམ་བུར་གཏུབས། །ཁྲོ་གཏུམ་གཏུམ་མོ་མགོ་བོར་གཏུམས། །ཆད་ལས་ནན་ཏུར་གཏུར་བུར་གྲིལ། །རཏལ་ཕོད་དགྲ་བཏུལ་བརཏལ་ཞུགས་ཅན། །ཏེ་པོར་ཏེ་སེར་ཏེ་ཏེ་བརྡུང་། །མུ་སྟེགས་སྟེགས་བུ་གྱེན་དུ་བཏེག །ལྟེང་ཀ་ལྟེང་རྒྱས་སྟེང་དང་འོག །རྟེན་དང་བརྟེན་པ་བླ་མ་བསྟེན། །ལུས་ཀྱི་ལྟེ་བར་གོས་ལྟེབ་བལྟེབས། །བྱེད་སྟེམས་ལྟེམ་རྐྱང་ལྟེམ་མེར་ཁེངས། །དོར་གྱི་གཏེར་དང་གཞན་ལ་སྟེར། །སྟབས་ལེགས་སྟེས་དབང་ཡིད་ཙམ་ཏེལ། །མུ་ལྟོ་ལྟོ་བ་ཅང་མི་སྟོ། །་ཞབས་མེ་རྩི་ལོ་ཟ་མ་༼མཐའ་གསལ་༽ཏོག །རྣམ་རྟོག་མི་རྟོག་ཐུགས་ལ་རྟོགས། །རྟོགས་ལྡན་ཕྱོགས་གཏོགས་སེ་གོལ་གཏོགས། །གནག་ལུག་སྤུ་བཏོག་གྲོད་པ་ལྟོགས། །སྦྱིན་གཏོང་གང་སྟོངས་སྟོང་པ་ཉིད། །སྟོང་གྲོགས་མི་སྟོངས་མདའ་ཡི་ལྟོང་། །རྟོད་ཕུར་དམིགས་གཏོད་སྲོལ་བཏོད་པ། །སྟོད་སྨད་སྟོད་གཡོགས་བསྔགས་བརྗོད་བསྟོད། །ཆོས་སྟོན་ཡིད་རྟོན་མཛོད་ལས་བཏོན། །སྟོབས་རྩལ་སྟོབས་འབྱོར་ཞལ་དུ་སྟོབ། །གཙུག་ཏོར་སྤྱི་ཏོར་མེ་ཏོག་གཏོར། །བསངས་གཏོར་གཏོར་མ་སྟོར་ཁུང་སྟོར། །གཏད་མེད་མཚང་གཏོལ་གནས་སུ་རྟོལ། །རྣག་དང་ས་སྦུབས་སྤྱི་༼མཐའ་གསལ་༽བརྟོལ་ཅན། །རེ་ལྟོས་རི་བོའི་གཏོས་ལ་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཏ་ཡི་རིམ་པ་མདོ་ཙམ་མོ། །


༼ཐ༽

ཐ་གྲུ་ཐ་བ་ཐ་ག་པ། །ཐ་མལ་ཐ་མ་མཐའ་དབུས་མཐའ། །ཐག་རིང་ཐག་པ་ཕྱི་མར་འཐག །ཐང་ཆེད་གསོལ་ཐང་མཐང་གོས་བཞེས། །འོས་པའི་འཐད་དང་སྲ་བའི་འཐས། །བཙའ་ཐན་པ་དང་མི་འཐན་པོ། །ཐབ་ཁུང་འཐབ་འཛིང་ཐབས་ཀྱིས་ཞི། །སོ་ཐམ་ཐམས་ཅད་གྲོགས་སུ་འཐམས། །ཐར་འདོད་ཐར་པ་མཐར་གྱིས་འཐོབ། །ཐྲིག་ཐྲིག་ཐིག་ཚད་ཆུ་ཐིགས་དང་། །མཐོན་མཐིང་མཐིང་ཁ་སྨད་པའི་འཐིང་། །ལག་མཐིལ་ས་མཐིལ་བྱ་ཐིལ་ཐིལ། །ཐུ་བོའི་ནུས་མཐུ་ཤིང་སོགས་འཐུ། །མཐར་ཐུག་ཁ་ཐུག་སྲབ་མིན་མཐུག །ཐུང་སི་གཟུགས་ཐུང་ཇ་ཆང་འཐུང་། །མར་ཐུད་འཕྲོ་༼མཐུད་ཀྱང་རུང་༽འཐུད་ལྟོ་སོགས་འཐུས། །ཐུན་མོངས་ཐུན་མཚམས་མཐུན་པ་དང་། །དཀའ་ཐུབ་ཚུགས་ཐུབ་དུམ་བུར་འཐུབ། །བཅིངས་པའི་ཐུམ་དང་མགོ་བོར་འཐུམ། །ཐུར་མ་འཐུར་བབ་རྟ་ཡི་མཐུར། །སེམས་ཐུལ་དྲི་འཐུལ་དུ་བ་འཐུལ། །མཐེ་བོང་མཐེའུ་ཆུང་ཐེག་པ་དང་། །རྐང་འཐེང་ཐེང་གཅིག་ལག་པས་འཐེན། །རྒྱས་ཐེབས་མཐེབ་མཛུབ་ལྷག་པའི་འཐེབ། །ཐེམ་པ་འཐེམ་སྐས་འཐེམས་ཆགས་པ། །ཐོ་བ་ཐོ་ཡིག་མཐོ་རིས་མཐོ། །ཐོག་ཏུ་གྲི་ཐོགས་ཤ་འཐོག་ཐོགས། །རྒྱ་མཐོངས་མཐོང་སྒྲིགས་མིག་གིས་མཐོང་། །ཐོད་དང་ཐོད་རྒལ་རྣ་བས་ཐོས། །མཐོན་པོ་འོད་ཐོན་ཕྱི་ལ་འཐོན། །ཐོབ་བྱ་ཐོབ་དང་འཐོབ་འགྱུར་དང་། །མགོ་འཐོམས་གྲོགས་སུ་ཐོམས་ཤིང་དང་། །ཁ་ཐོར་ཇེ་མཐོར་འབྲུ་སོགས་འཐོར། །ཐོལ་བྱུང་མཐོལ་བཤགས་ལ་སོགས་པ། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཐ་ཡི་རིམ་པ་མདོ་ཙམ་མོ། །


༼ད༽

ད་ཆར་ད་ལྟ་དྭ་ཕྲུག་རྣམས། །གོ་བྱེད་བརྡ་སྤྲོད་ཡོད་པའི་གདའ། །མདའ་རྩེད་དུས་འདའ་རོ་བདའ་བ། །ཡང་དག་བླ་དྭགས་དྭགས་པོ་རྗེ། །རྒྱན་གདགས་མེ་ཡི་མདག་མ་ལྡག །འདག་ཆལ་དྲི་འདག་འདག་གུ་འདག །སྙུན་གདངས་གདངས་ཅན་ཁ་གདངས་པ། །གདངས་དབྱངས་གདང་བུ་གདང་ལ་གཟར། །ལྡང་ཚད་ཞེ་སྡང་སྟན་ལས་ལྡང་། །ནིའུ་ལྡངས་མདངས་མཚར་དྲི་ངན་ལྡང་། །དུད་འགྲོ་བལྡད་རྒྱབ་གནས་སུ་བསྡད། །མཚན་ལྡན་གདན་སར་གདན་འདྲེན་པ། །གཤོག་ལོ་རི་ཤིང་འཁོར་༼མཐའ་གསལ་༽ཉེ་འདབ། །སྨོན་པ་རྒྱས་གསོལ་ས་བོན་༼མཐའ་གསལ་༽གདབས། །བརྡབ་ཆལ་སར་བརྡབ་སྐྱར་ལྡབ་བལྡབས། །གདམས་ངག་བཅོལ་གདམས་མདམས་ཀ་བྱེད། །བསྡམ་བྱ་བསྡམས་ནས་འདམ་དུ་སྦས། །ཕྱག་ཕྱི་བདེན་པ་མདུན་དུ་༼མཐའ་གསལ་༽བདར། །བཀའ་བདར་སྡར་མ་ལུས་པོ་འདར། །ཁ་བརྡར་གྲི་བརྡར་མར་ཐུད་གདར། །ཁྱབ་གདལ་སོས་གདལ་གྲོང་རྡལ་བརྡལ། །སྐྱོ་མ་ཆུ་འདལ་ཕྱེ་མར་བདལ། །ཕྱུགས་བདས་དུས་འདས་ལྷག་མ་ལྡས། །དར་གྱི་ལྡ་ལྡི་ཉེ་ཡི་འདི། །སྡིགས་མཛུབ་སྡིག་ཏོ་ཅན་ལ་བསྡིགས། །ཆོས་གོས་གདིང་བ་བློ་ཡི་འདིང་། །ས་ཡི་སྡིངས་དང་ནམ་མཁའ་ལྡིང་། །ཐོག་ལྡིབ་ལྡབ་ལྡིབ་རྫུན་ཕུག་རྡིབ། །བུམ་པ་ལྟོ་ལྡིར་འབྲུག་སྒྲ་ལྡིར། །འདུ་ཤེས་འདུ་བྱེད་རྙེད་ལ་གདུ། །འདུ་འཛི་གདུ་བུ་བསྡུ་བྱ་བསྡུ། །སྟན་ལ་འདུག་དང་བདུག་སྤོ་བདུག །གདུགས་དང་གདུགས་ཚོད་མ་རུངས་གདུག །མཚར་སྡུག་ཐབས་རྡུགས་བླུགས་པའི་ལྡུགས། །གདུང་འཛིན་གཞུ་བདུང་མདུང་གིས་བརྡུངས། །བདུད་དང་བདུད་རྩི་བཅིངས་པའི་མདུད། །གུས་འདུད་ཚིག་སྡུད་བླུད་པའི་ལྡུད། །སྐུ་མདུན་འདུན་པ་གྲངས་ཀྱི་བདུན། །ལག་གདུབ་སོར་གདུབ་ལས་ཀྱིས་དུབ། །མགལ་དུམ་ལག་རྡུམ་ལྡུམ་རྭར་འདུམས། །ཚོན་ལྡུར་གྱད་བསྡུར་འདུར་འདུར་འགྲོ། །གདུལ་བྱ་འདུལ་བྱེད་རྡུལ་ཕྲན་བརྡུལ། །འདུས་ཚོགས་འདུས་པ་མདོར་བསྡུས་པ། །མདེའུ་རྡོ་རྡེའུ་དེ་འུ་རེག །སྡེ་ཚན་མདོ་སྡེ་ལྡེ་མིག་དང་། །རེ་ལྡེ་ལྡེ་གུ་མིང་གི་ལྡེ། །འདྲེག་མཁན་དྲེག་ནད་དྲེགས་པ་ཆགས། །ཞབས་འདེགས་སྲང་གདེགས་ཡོམ་ཡོམ་ལྡེག །རྡེག་སྟངས་བརྡེག་བྱ་དབྱུག་པས་བརྡེག །ཕྱིར་དེངས་གདེང་ཕྱིར་གདེང་ཐོབ་པ། །སེང་ལྡེང་གདེངས་ཀ་མཚོན་ཆ་གདེངས། །བདའ་དེད་དེད་དཔོན་རྗེད་འདེད་དེད། །གསོལ་སོགས་འདེབས་དང་ཐལ་མོ་རྡེབ། །གྱང་ལྡེབ་ལྡེབ་བཞོག་སྡེབ་སྦྱོར་བསྡེབས། །ལྡེམ་དགོངས་ལྡེམ་པོ་ལུས་ལྡེམ་ལྡེམ། །སྡེར་མ་ལྡེར་བཟོ་ལྡེར་མོ་རྣོ། །དོ་ནུབ་དོ་ཟླར་དོ་འགྲན་པ། །བདོ་བ་ལྔ་བདོ་ལུང་མདོའི་རྡོ། །འདོ་རྟ་འདོ་མེད་སྐུ་ལ་བསྡོ། །བདོག་པ་ཚོན་མདོག་ཕྱིར་མི་ལྡོག །གོ་ལྡོག་རྡོག་པོ་མིང་རྒྱན་འདོགས། །འོག་བསྡོགས་ཉེར་བསྡོགས་ཐག་པ་བསྡོགས། །མཆོད་སྡོང་སྡོང་པོ་སྡོང་གྲོགས་དང་། །གདོང་པ་གདོང་བརྙན་རྨ་བྱའི་མདོངས། །མདོང་གསོལ་མིག་ལྡོངས་ལྡོང་རོར་འདོང་། །འདོད་པ་གདོད་མའི་བཀའ་སྡོད་སྡོད། །ཞལ་འདོན་གདོན་བགེགས་དྲིས་ལན་ལྡོན། །ཆོས་འདོམས་འདོམ་གང་མདོམས་སུ་བསྡོམས། །སྲུང་སྡོམ་ལྡོམ་བུ་སྲོག་ཆགས་སྡོམ། །ལམ་མདོར་ཐུག་སྡོར་ཕྱི་ལ་འདོར། །འདོལ་སར་གདོལ་པ་རྡོལ་ཆོས་ཅན། །བླ་བརྡོལ་ཀློང་བརྡལ་དབུ་བ་རྡོལ། །གདོས་བཅས་གདོས་དར་ཡས་ཀྱི་མདོས། །ལུས་རྡོས་སྲོག་བསྡོས་བསྡོས་པའི་དགྲ །ལ་སོགས་འགའ་ཞིག་འོག་ཏུ་འཆད། །འདྲ་མིན་རིམ་ཅན་བསྟན་པ་ལས། །ད་ཡི་རིམ་པ་མདོ་ཙམ་མོ། །


༼ན༽

ན་མ་ན་བས་ན་ཚོད་ཡོལ། །ཁུག་རྣ་རྣ་གཤོག་རྣ་བས་ཐོས། །སེར་སྣ་སྣ་ཚོགས་སྣ་ཡིས་ཚོར། །གནའ་རབས་མནའ་མ་མནའ་ཡང་བོར། །གནག་ཕྱུགས་རྣག་ཁྲག་ནག་པའི་གནག །བསམ་པའི་བརྣག་པ་བཟོད་དཀའི་བརྣག །སྣག་ཚ་ཤ་སྣག་སྣག་གི་གཉེན། །མནངས་ཆེན་ནོར་གྱི་གནང་སྦྱིན་གནང་། །གནང་བཀག་གནངས་གཞེས་སྣང་སྲིད་སྣང་། །ཞིང་གི་རྣང་མ་ཟས་ཀྱིས་བརྣངས། །གནད་འགག་གནད་གཅོད་སྣད་ཡར་མེད། །གནས་གཞི་གནས་ཚུལ་གནས་ངན་ལེན། །སྲི་མནན་ཁ་བསྣན་ངེས་བཟུང་བརྣན། །ཁ་ཟས་མནབ་རྩལ་བརྣབ་སེམས་དང་། །མི་གཙང་སྣབས་དང་ན་བཟའ་མནབས། །རྣམ་ཀུན་རྣམ་མཁྱེན་རྣམ་ཐར་རྣམས། །བསྣམས་ནས་སྣམ་བུའི་སྣམ་སྦྱར་བཞེས། །སྣམ་ལོགས་གནམ་རུ་གནམ་དུ་གཤེགས། །སྣར་མ་ལས་མནར་མཇུག་མ་བསྣར། །མནལ་གཟིམས་མནལ་ལམ་སྣལ་མ་དང་། །རྣལ་འབྱོར་རྣལ་མའི་དོན་ལ་འབྱོར། །སྣུམ་དང་གནད་མཚོན་ནུ་མ་༼མཐའ་གསལ་༽བསྣུན། །རུས་གནུབས་སྲོལ་བསྣུབས་རྒྱུ་སྐར་སྣུབས། །མདུན་བརྣུར་ཚོན་བསྣུར་སྣག་ཚ་བསྣུར། །ལས་སྣྲེ་སྣྲེའུ་སྣྲེལ་ཞིང་འཕྲེད། །ནེམ་ནུར་ནེམ་ནེམ་བསྣེབས་པ་དང་། །སེམས་ལ་མནོ་བ་རིག་པ་རྣོ། །ཟས་མནོག་མནོག་ཆུང་སྦས་པའི་བརྣོགས། །ནོངས་འཁྲུལ་ནོངས་པ་གནོང་འགྱོད་དང་། །གནོད་བྱེད་གནོད་སྦྱིན་བཟེད་པའི་སྣོད། །ཟིལ་གནོན་མཚོན་རྣོན་ཁ་སྣོན་སྣྲོན། །གྱ་ནོམས་དྲི་སྣོམ་སྣོམས་ཤིག་དང་། །ནོར་དང་ནོར་བ་གོང་འོག་བསྣོར། །སྒྲིབ་པའི་མནོལ་དང་རྒྱབ་འགལ་བསྣོལ། །འདྲེས་པར་བསྣོས་དང་མནོས་ལ་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལས། །ན་ཡི་རིམ་པ་མདོ་ཙམ་མོ། །


༼པ༽

པ་སངས་པ་ཤི་པ་ལ་ཤ། །དཔའ་བོ་སེམས་དཔའ་མཛེས་པའི་སྤ། །སྤ་ཤིང་སྤ་དབྱུག་སྤ་མའི་ཤིང་། །དཔག་ཚད་དཔག་མེད་བློ་ཡིས་དཔག །པགས་༼གཞི་དང་མ་འབྲེལ་བའི་མིང་རྐྱང་༽པ་འོག་པག་སྟག་གི་༼གཞི་དང་འབྲེལ་ཡང་དྲུག་སྒྲ་ཡོད་པ་༽པགས། །སྟག་༼གཞི་འབྲེལ་དྲུག་སྒྲ་མེད་པ་༽ལྤགས་ཟན་སྤགས་གཞན་དུ་སྤགས། །དཔང་པོ་དཔངས་མཐོ་སྤང་བྱ་སྤངས། །པད་ཚལ་པད་ཀོར་ཕ་སྤད་གཉིས། །བརྟག་དཔྱད་དངོས་སྤྱད་དཀའ་བ་སྤྱད། །སྤར་མོའི་པར་པུ་མེ་ལ་སྤར། །སྤར་པས་དཔེ་ཆ་པར་མ་སྤར། །འཕྲུལ་དཔར་༼བོད་ཀྱི་བསླབ་གྲྭ་ཁག་ཏུ་ཡིག་གཟུགས་གསར་བཅོས་མཛད་འདུག་པས་འཐད་པར་མངོན་༽འདྲ་པར་གནས་ནས་སྤར། །དཔལ་ལྡན་དཔལ་འབྱོར་དཔལ་བེ་འུ། །པྲི་ཡང་ཀུ་དང་པི་པི་ལིང་། །གཅིག་པུར་པིར་གྱིས་པ་ཏྲ་བྲིས། །སྤྱི་མཐུན་སྤྱི་བླུགས་སྟོང་སྤྱི་ཕུད། །སྤྱི་བོ་དཔྱིད་དུས་དཔྱིས་ཕྱིན་པ། སྤྲིན་འཐིབས་ཆུར་སྤྱིངས་སྤྲིངས་ཡིག་སྤྲིངས། །པུ་ས་ལ་དང་པུ་ཤེལ་ཙེ། །པུ་ཤུའི་པུ་ཤུད་པུར་གྱིས་པུར། །པུར་ཁང་མགོ་སྤུ་གོས་ཀྱི་སྤུར། །བ་སྤུ་མཛོད་སྤུ་རིན་ཆེན་སྤུག །དཔུང་པ་དཔུང་རྒྱན་རྒྱབ་དཔུང་དང་། །དཔུང་བཞིའི་དཔུང་ཚོགས་གཅིག་ཏུ་སྤུངས། །སྤུན་ཟླ་སྤུན་གྲོགས་ཐགས་ཀྱི་སྤུན། །ཁ་སྤུབ་རྒྱན་སྤུད་སྤུས་ཁ་གཙང་། །མཚན་དཔེའི་དཔེ་བྱ་གོང་དུ་སྤེལ། །དཔེན་པ་སྤེན་རྒྱ་གཟའ་སྤེན་པ། །པོ་རྒན་པོ་ཏི་པོ་ཏ་ལ། །རི་ཡི་པོ་ལ་གནས་སྤོ་བ། །པོག་ཕོར་པོག་དང་པོག་དཀར་འཐུལ། །སྤོབས་པས་དཔོག་དང་ཚོང་ཁེ་སྤོགས། །སྤང་སྤོས་གོས་སྤོད་ཡི་གེ་དཔོད། །རྣམ་དཔྱོད་རྟོག་དཔྱོད་ལོངས་སྤྱོད་སྤྱོད། །སྤྲོས་བཅས་ལག་ཏུ་སྤྲོད་ལ་སོགས། །ཕལ་ཆེར་ཕྱོགས་བསྡེབ་སྐབས་སུ་འཆད། །འདྲ་མིན་རིམ་ཅན་བསྟན་པ་ལས། །པ་ཡི་རིམ་པ་མདོ་ཙམ་མོ། །


༼ཕ༽

ཕ་རོལ་ཕ་བོང་ཕ་གི་ན། །ཕྲ་མ་ཕྲ་དོག་ཕྲ་ཞིབ་ཕྲ། །ཁྱི་ཕག་ཕག་ཏུ་ཁྱད་པར་འཕགས། །ཁྲི་འཕང་གོ་འཕང་ཟོར་སོགས་འཕངས། །ཤིང་རཏའི་འཕང་ལོ་བལ་མའི་འཕང་། །ཕན་བདེ་འཕན་གདུགས་མདའ་སོགས་འཕེན། །མ་ཕམ་མི་ཕམ་བློ་འཕམ་པ། །དྲྭ་ཕད་ཕད་རྩ་ཕལ་ཆེར་འཕེལ། །འདི་ཕྱི་ཕྱི་མོ་ཕྱི་ས་ཕྱིར། །ཕྱི་འབྲང་ཕྱིར་ཕྱོགས་ཕྱིན་ཅིག་ལོག །ཕྲན་པའི་ཕྲིན་ལས་འཕྲིན་ཡིག་འཕྲོད། །ཕྱག་ཕྱིས་ཞབས་ཕྱིས་ལྟོ་རྒྱགས་འཕྱིད། །ཕུབ་ཆེན་འཕིགས་དང་རྒྱ་ཕིབས་ཕུབ། །ཕུ་བོ་ཕྲལ་ཕུག་ཕུགས་སུ་བཅུག །ཕུག་ཏུ་ཕུང་པོ་འཕུང་བར་འགྱུར། །ཕུར་མ་ཕྱེ་འཕུར་བྱ་འཕུར་བ། །གསར་ཕུད་ཕྱིར་འཕུལ་ཕུལ་དུ་ཕྱིན། །རྒྱགས་ཕྱེ་སྒོ་ཕྱེ་ཕྱེ་མ་ལེབ། །བསྲེ་འཕོ་ལུང་ཕོག་ལྟོ་ཕོགས་བྱིན། །དབུལ་ཕོངས་རཏལ་ཕོད་འཕོངས་རྩལ་ཆེ། །ཕོད་ཀ་གཏོང་ཕོད་ཚེ་འཕོས་པ། །ལ་སོགས་ལྷག་མ་འོག་ཏུ་འཆད། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཕ་ཡི་རིམ་པ་མདོ་ཙམ་མོ། །


༼བ༽

བ་ལང་བ་དན་བ་ཐག་སྦྲེལ། །སྦ་འཁར་ལྦ་བ་སྦ་བསྲིས་མེད། །ཆུ་ཡི་དབའ་རླབས་ཞེ་སའི་དབའ། །སྦྲ་ཐག་ཉིས་སྦྲག་གཙང་སྦྲ་བྱེད། །བག་མ་བག་ཆགས་འབའ་ཞིག་ལ། །ཞལ་འབག་འབག་བཙོག་རྡུལ་གྱིས་སྦགས། །ཤེད་སྦྱག་སྦྱགས་མ་སྦྱགས་ཤིང་སྦྱག །བང་ཆེན་འཁོར་འབངས་སྦང་མར་སྦངས། །མཁས་དབང་དབང་ལྡན་དབང་བསྐུར་དང་། །ཁྱི་རྦད་འབད་རྩོལ་ཁ་རྦད་ཆེ། །མ་བྱིན་བྱན་མོ་རང་བྱན་ཚུད། །བད་རྒན་བྲན་གཡོག་གྲོགས་སུ་སྦྲན། །བྱིན་གཏན་དབབ་ཅིང་སྨ་མི་དབབ། །བབ་པའི་འབབ་དང་རྦབ་དུ་འགྲིལ། །བམ་པོར་སྦམ་དང་གསོན་འདྲེ་འབམ། །སྦར་བྱའི་ཤིང་ལ་མེ་དཔུང་འབར། །སྐྲ་འབལ་སྦལ་པ་ལྐོག་ཏུ་སྦས། །བྱི་ལས་བྱི་བ་བྱི་འུ་ཟ། །དབྲི་དང་དབྲི་བྱ་དབྲེ་བཙོག་དབྲལ། །འབི་འབི་སྦྱིག་མོ་ལྟོ་བ་འབིགས། །དབྱིག་གཉེན་དབྱིག་མང་དབྱིག་མོ་དབུར། །ད་བྱི་ཚེ་འབྱིད་འདྲད་པའི་འབྱིད། །གཡལ་བའི་སྦྲིད་པ་བསླུ་འབྲིད་མཁན། །ཆུ་འབུར་ལྦུ་བ་འབུ་སྲིན་དང་། །མཚོན་གྱིས་དབུག་དང་དབུགས་དབྱུང་བ། །བུ་ག་འབུག་དང་བྲལ་གྱི་སྦུག །ཁུ་བྱུག་བྱུག་རིས་བྱུག་པ་བྱུག །རྩ་ཡི་དབུ་མ་དབུང་དང་དབུས། །ལས་ལ་འབུངས་དང་སྦུངས་བསྐྱེད་དང་། །འབྱུང་པོའི་འབྱུང་ཁུངས་འབྱུང་བ་བཞི། །བུད་མེད་དུང་འབུད་མགར་བའི་སྦུད། །འབྲུ་ཡི་སྦུན་པ་འབུན་སྐྱེད་བཏང་། །སྦྲ་འབུབས་ཐོག་འབུབས་སྒོང་ངའི་སྦུབས། །དབུ་དང་དབུ་བ་དབུབ་བྱའི་དབུབས། །འབྲུམ་བུའི་ནད་དང་ནོར་སྦྲམ་ཅན། །གློ་བུར་གློ་འབུར་རྩ་སྦུར་མ། །བྱད་བྱུར་བྱུ་རུ་བྱུས་ལེགས་པ། །བྲུལ་པ་སྦྲུལ་དང་ཟན་སྦྲུས་པ། །བེ་འུ་བེག་རྩེ་སྦེ་ག་སྦྱོར། །བྱེ་མ་བྱེ་བ་བྱེར་ཞིང་འབྱེར། །བྱེད་པོ་སྒོ་འབྱེད་བྱེས་སུ་བྱོན། །འབེལ་གཏམ་འབྲེལ་མེད་ལག་པ་སྦྲེལ། །གྲང་བས་སྦྲེས་ནས་བུ་ཡུག་སྦྲེབས། །འཇལ་བྱེད་འབོ་དང་ལུས་ཀྱི་སྦོ། །རོ་བྲོ་བྲོ་གར་བྲོ་བོར་བ། །ཆུ་དབོ་ལུང་དབོ་སྐར་མ་དབོ། །སྡོམ་འབོགས་ལུང་འབོགས་གླ་སྦོགས་ལེན། །རྩལ་འབྱོར་དགེ་སྦྱོང་སྦྱོང་བྱེད་སྦྱོངས། །ཉེས་པ་སྦོམ་པོ་ཕྱོགས་གཅིག་སྦོམས། །འབྱོར་ལྡན་སྦྱོར་བ་མཉམ་སྦྱོར་དང་། །བྱོལ་སོང་བྱོལ་ནས་བྱ་བ་བྱོས། །ལ་སོགས་འཕུལ་དང་འདོགས་ཅན་འགའ། །འོག་ཏུ་ཕྱོགས་བསྡེབ་སྐབས་སུ་འཆད། །འདྲ་མིན་རིམ་ཅན་བསྟན་པ་ལས། །བ་ཡི་རིམ་པ་མདོ་ཙམ་མོ། །


༼མ༽

མ་རིག་སེམས་ཅན་མ་ལུས་པ། །རྨ་དང་རྨ་བྱད་རྨ་མེད་པ། །དམའ་འབེབས་སྨྲ་བས་སྨ་ར་འགུལ། །དམག་དང་དམག་དཔོན་མུན་པའི་སྨག །ཁམས་རྨྱ་སྨྱག་ཤད་བྱ་རྨྱང་བྱེད། །རྩ་བའི་རྨང་དང་དམངས་རིས་དམངས། །བུ་སྨད་ཚེ་སྨད་རྨད་དུ་བྱུང་། །སྨན་དང་སྨན་པ་རིག་དམན་པ། །ཁ་དམར་ལག་དམར་སྨྲ་ཁྲིད་དང་། །ཉམས་དམས་ཚིག་སྨྲས་དྲིས་པའི་རྨས། །རྨི་ལམ་རྨིས་དང་དུད་འགྲོའི་རྨིག །ཉེས་དམིགས་དམིགས་བུ་དམིགས་པ་གཏོད། །སྨིག་རྒྱུ་ཆུ་དང་ངུར་སྨིག་གོས། །སྨིན་དྲུག་སྨིན་གྲོལ་འབྲས་བུ་སྨིན། །དམུ་རྒོད་ཡིད་རྨུག་ཁྱི་ཡིས་རྨུགས། །རྨུགས་འཛིན་སྨུག་རྩི་ཁ་དོག་སྨུག །དམུ་རུ་བརྫུ་བ་ཁ་ཡིས་རྨུར། །བློ་རྨུན་དམུས་ལོང་འཛུམ་དམུལ་བ། །གཙང་དམེ་སྨེ་བ་སྨེ་ཤ་ཅན། །སྨྲེ་སྔགས་སེར་རྨེ་རྨེག་མེད་འཇོམས། །གླང་རྨེན་རྨེན་གཡོག་སྒ་ཡི་རྨེད། །སུག་སྨེལ་བས་རྨེལ་རྒྱུ་སྐར་སྨེལ། །རྨོ་མོ་གླང་རྨོ་ལྕགས་རྨོག་དང་། །རྨོངས་པ་མགོ་རྨོངས་ཉོན་མོངས་པ། །དམོད་པ་དམོད་བཙུགས་སྨད་རས་སྨོད། །སྨོན་པ་སྨོན་འདྲིན་རྨོན་དོར་བཙུགས། །མཚན་སྨོས་གཏམ་སྨོས་སྨོས་ཅི་དགོས། །ལ་སོགས་ཡ་འདོགས་འོག་ཏུ་འཆད། །འདྲ་མིན་རིམ་ཅན་བསྟན་པ་ལས། །མ་ཡི་རིམ་པ་མདོ་ཙམ་མོ། །


༼ཙ༽

ཙ་ཀོ་ར་དང་ཙ་རི་ཏྲ། །ཙ་རའི་བཟའ་བ་ཙ་ན་ཀ །ཙཀྲ་ཙ་ཀླི་རྩྭ་མཆོག་གྲོང་། །རྩ་བ་རྩ་ལག་ལྕགས་ཀྱི་བཙའ། །དམར་བའི་བཙག་དང་ཆུ་སོགས་བཙགས། །དབུས་གཙང་གཙང་ཆུ་གཙང་རི་ལྷ། །སྲོག་ཆགས་རྩང་པ་ཚེར་མའི་རྩང་། །ཙན་དན་བཙན་དུག་བཀའ་ཁྲིམས་བཙན། །བཙན་རྒོད་བཙན་པོ་བཙན་ཐབས་དང་། །ཙབ་ཙུབ་ཞོ་རྩབས་གྲིས་བཙབ་བཙབས། །ཚད་ཀྱི་ཙམ་དང་ཐོ་བཙམས་པ། །ཕྱེ་ཡི་རྩམ་པ་བརྩམ་བྱ་བརྩམས། །ནོར་བཙལ་ལུས་རྩལ་བགྱིད་དུ་སྩལ། །བཀའ་བསྩལ་དངོས་གྲུབ་བསྩལ་བ་དང་། །བུ་བཙས་གྲུ་བཙས་བཙས་མ་བརྡས། །རྩི་ཤིང་རྩི་ཐོ་རྩི་མར་རྩི། །རྩིས་པས་གྲངས་རྩིས་བརྩི་བྱ་བརྩིས། །མཆེ་གཙིགས་གཙིགས་ཆེ་རྩིག་པ་བརྩིག །རྩིང་སྤྱོད་གོས་རྩེངས་དབུགས་ཁར་རྩེངས། །རྩིད་པ་རྩིབ་ལོགས་འཁོར་ལོའི་རྩིབས། །ཆུ་བཙིར་སྣུམ་བཙིར་གནོད་པས་གཙེར། །ཙུ་ཏའི་ཤིང་དང་ཙུག་ཙུག་སྒྲ། །གཙུག་ཏོར་གཙུག་ལག་གཙུག་ཏུ་འཛིན། །ཤིང་བཙུགས་སྲོལ་བཙུགས་སློབ་གྲྭ་བཙུགས། །བཙུན་མོ་མིག་བཙུམས་བཙུན་གསར་བཙུད། །གདུག་རྩུབ་གཙུབ་ཤིང་གཙུབ་གཏན་གཙུབས། །རྩེ་མོའི་ཡང་རྩེ་ཉིས་རྩེག་བརྩེག །སུམ་རྩེན་ལྔས་རྩེན་རོལ་བའི་རྩེན། །རྩེ་དགས་རྩེད་མོ་རྩེ་དང་རྩེས། །ཐུགས་བརྩེ་བརྩེས་གཟིགས་གནོད་གཙེ་གཙེས། །ནེ་ཙོ་གཙོ་བོ་གཙོ་ཆེ་བ། །གསེར་སྦྱངས་བཙོ་མ་བཙོ་བླག་མཁན། །ཙོག་བུར་རྡེག་བཙོག་འབག་བཙོག་སྦྱངས། །སྒོག་བཙོང་གཙོང་བྱ་ཁྲོམ་དུ་བཙོངས། །བཙོད་ཀྱིས་བཙོ་བྱ་ཐབ་ཏུ་བཙོས། །རི་དྭགས་གཙོད་དང་རྩོད་པ་རྩོད། །སྡིག་ལ་བརྩོན་པ་བཙོན་དུ་བཟུང་། །འབད་རྩོལ་སྲོག་རྩོལ་བཀའ་སྩོལ་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཙ་ཡི་རིམ་པ་མདོ་ཙམ་མོ། །


༼ཚ༽

ཚ་ཟེར་ཚྭ་སྒོ་འཇུ་བྱེད་ཚྭ། །གཅན་གཟན་མཚའ་མེ་རྟ་མཚའ་ལུ། །ཆུ་ཚགས་འཚག་དང་ལུས་འཚག་བཟང་། །སྐྱོན་མཚང་དག་ཚངས་ཚང་དུ་འཚང་། །ཚངས་པ་ཚངས་ཆེན་འཚང་རྒྱ་བ། །ཚད་མའི་ལེ་ཚན་མཚན་ཉིད་མཚན། །ཚབ་ཚུབ་བློ་འཚབ་སྐྱིན་པ་འཚབ། །ཚམ་རྔམ་མཚམས་བཅད་བློ་དང་འཚམས། །ཚར་བཅད་ངོ་མཚར་ལོངས་པའི་འཚར། །ནགས་ཚལ་ཚོན་མཚལ་ཤེས་པའི་འཚལ། །ཚིག་རྐང་ཚིགས་བཅད་མེས་འཚིག་པ། །ཟས་ཀྱིས་ཚིམས་དང་འཚིམ་པར་བྱེད། །སྣུམ་འཚིར་སྤྲ་ཚིལ་ཚིལ་བུ་བཞུར། །ཚུགས་ཐུབ་མགོ་ཚུགས་བཞི་འཚུགས་ཤིང་། །འདྲ་མཚུངས་མཚུངས་མེད་མཚུན་གྱི་ལྷ། །བསྲན་ཚུབས་རླུང་འཚུབས་དུ་བ་འཚུབས། །ཚུར་གཤེགས་མཚུར་སྟོན་མཚུར་ཕུར་བྱོན། །ཚུལ་ལྡན་ཚུལ་ཤིང་ཁ་མཚལ་མཛེས། །བླ་ཚེ་ཚེ་སྲོག་འཚེ་བ་མང་། །མཚེ་མ་ཁྱིམ་མཚེས་སྔོ་སྨན་མཚེ། །ཚེག་བར་ཚེགས་མེད་ཡིད་འཚེངས་པ། །ཞལ་གྱི་ཚེམས་དང་ཚེམ་པུ་འཚེམས། །ཚེར་མ་ལ་མཚེར་འོད་འཚེར་བ། །ལང་ཚོ་ཆུ་མཚོ་འཚོ་བྱེད་འཚོ། །མཚོག་མར་བརྡེག་འཚོགས་འཚོག་ཆས་ཚོགས། །ཚོང་པ་ཚོང་བཀྲམ་འཚོང་བར་བྱེད། །ཆུ་ཚོད་དུས་ཚོད་ཚོད་མ་འཚོད། །ཚོན་རྩི་འཇའ་ཚོན་མཚོན་བྱ་ཚོན། །ཁྲ་ཚོམ་ཚོམ་བུ་ཁང་པའི་༼ཆེད་དུ་བརྗོད་པའི་ཚོམས་༽ཚོམས། །གདུང་འཚོབ་འཚོལ་བ་ལ་སོགས་པ། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཚ་ཡི་རིམ་པ་མདོ་ཙམ་མོ། །


༼ཛ༽

ཛཱ་ཏི་ཛ་ལ་ཛ་གད་དང་། །མཛའ་བོ་མཛའ་བཤེས་ཆུད་འཛའ་བ། །རྫ་མ་རྫ་རྔ་འཛག་འཛོག་འཛག །དཔའ་མཛངས་ནོར་འཛངས་ཕོ་ཉ་བརྫངས། །ནོར་རྫས་འཛད་མེད་མཛད་ཕྲིན་མཛད། །འཛབ་བཟླས་རྫབ་རྫུབ་འདམ་རྫབ་དང་། །ཛམ་བྷ་ལ་དང་འཛམ་བུ་གླིང་། །ཕྱུགས་རྫི་རྫི་ཕྱོགས་རྫི་མ་གཡོ། །བུ་རྫི་འདུ་འཛིས་བརྫི་བ་མེད། །འཛིངས་པས་རྫིང་བུའི་སྲོག་ཆགས་བརྫིས། །སྔོ་ཡི་འཛིམ་པ་ལག་ཏུ་འཛིན། །ཟན་བརྫིས་འཛིག་པ་བཙིར་བའི་འཛིར། །རྫུ་འཕྲུལ་ཟོག་བརྫུ་མིར་བརྫུ་བ། །མགོ་འཛུགས་ཞལ་འཛུམ་མཛུབ་ཚུགས་ཁྲིད། །གཟུར་བའི་འཛུར་དང་རྫུན་དུ་རྫུར། །བཙུད་པའི་འཛུད་དང་ས་ལ་འཛུལ། །རྫུས་སྐྱེས་བརྫུས་དང་ཁྲོ་བོར་བརྫུས། །གོས་སོགས་འཛེག་དང་འཛེག་སྐས་འཛེག །མཛེར་མ་མཛེ་ནད་འཛེམ་ཞེས་འཛེར། །བཟེད་པའི་འཛེད་དང་འཛེར་བུ་གདབས། །ཁྲོ་བོ་གནོད་མཛེས་རལ་པ་བརྫེས། །མཛོ་རྟ་མཛོ་མོ་ཟིན་པའི་རྫོགས། །ལག་པའི་མཛོག་དང་རྡོས་བརྫོགས་རྫོགས། །སྐྱེས་རྫོང་རྫོངས་བསྐྱལ་མཁར་རྫོང་བཙན། །ཀུན་རྫོབ་རྫབ་རྫོབ་རྐང་པས་རྫོབ། །མཛོལ་བུ་ལམ་འཛོལ་ལ་སོགས་པ། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཛ་ཡི་རིམ་པ་མདོ་ཙམ་མོ། །


༼ཝ༽

འགིའུ་ཝང་པི་ཝང་ཆུའི་ཝ་ཁ། །ཕ་ཝང་ཝང་ཡུལ་ཝ་ལེར་དྲན། །ཝ་སྐྱེས་ལ་སོགས་ཝ་རྐྱང་ལས། །འདྲ་མིན་ནོར་ས་མེད་པའོ།


༼ཞ༽

ཞྭ་གོས་ཞ་ཉེ་ཞ་འཐེང་དང་། །ཞ་བོ་ཞར་བ་ཞག་དང་ཞག །རླན་བཞའ་བཞའ་གསང་གཞའ་རིས་ཅན། །རྣམ་བཞག་མཉམ་གཞག་ལོགས་སུ་བཞག །ཨ་ཞང་ཞང་པོ་གཞང་འབྲུམ་ནད། །གླུ་གཞས་བཞད་གད་ཆུ་བྱ་བཞད། །དྲག་ཞན་ཞན་པ་ཕ་རོལ་གཞན། །ཞབས་ཀྱིས་བཞབས་ནས་བཞམས་བསྒོ་བྱེད། །ནམ་གཞར་གཞར་ཡང་སྐྲ་སོགས་བཞར། །གཞལ་མེད་གཞལ་བྱ་བློས་གཞལ་བ། །ཀུན་གཞི་ས་གཞི་གསོལ་བཞིའི་ལས། །བསམ་གཞིག་བརྟག་གཞིག་གྲལ་སོགས་གཞིབས། །ཁུ་བ་གཞིབས་ནས་སྙིགས་མ་གཞིལ། །གཞུང་དང་དབང་གཞུ་ལྕགས་ཀྱི་གཞུ། །མངག་གཞུག་ནང་གཞུག་གདན་ལ་བཞུགས། །གཞུང་སྒེར་གཞུང་ལུགས་ཡིད་གཞུངས་པ། །རྒུད་པའི་ཞུད་དང་འབྱོན་པའི་བཞུད། །ནོར་བཞུན་གཡོག་བཞུན་བཞུན་ལེགས་པ། །གཞུར་མེད་མར་བཞུར་སྣམ་ཐེར་བཞུར། །ཡར་བཞེངས་དགོངས་བཞེས་བཞེས་པ་དང་། །འཚོག་གཞེས་གཞེན་བསྐུལ་ཞལ་གྱིས་བཞེས། །ཞོགས་པ་བ་བཞོ་ཤིང་བཞོགས་པ། །གཞོགས་སློང་གཞོགས་སྟེགས་ལུས་ཀྱི་གཞོགས། །མཁར་གཞོང་གཞོང་པ་གཞོངས་ས་བཟོ། །ན་གཞོན་གཞོན་ནུ་བཞོན་པར་ཞོན། །གཞོམ་མེད་བདུད་གཞོམ་གཞོབ་དྲི་འཐུལ། །ལས་གཞོལ་བ་བཞོས་ལ་སོགས་པ། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཞ་ཡི་རིམ་པ་མདོ་ཙམ་མོ། །


༼ཟ༽

ཟྭ་ཚོད་ཟ་ཟླ་ཟ་མ་ཏོག །བཟའ་བཏུང་ན་བཟའ་གཟའ་སྐར་དང་། །ཟག་བཅས་གང་ཟག་འོག་ཏུ་གཟགས། །ཚེར་མ་གཟང་རིང་བཟང་ངན་དང་། །ཟད་མེད་མི་བཟད་བརྡེག་པར་གཟས། །ཟན་ལ་གཟན་དང་གོས་ཀྱི་གཟན། །ཟབ་དོན་ཟབ་མོ་ནན་ཏན་གཟབ། །ཤིང་ཟར་ཟང་ཟིང་རྩྭ་ཟར་མ། །རི་གཟར་གཟར་ཐག་གཟར་བུ་གཟར། །རིན་ཆེན་གཟི་དང་གཟི་བརྗིད་གཟིས། །གཅན་གཟན་གཟིག་ལ་སྤྱན་གྱིས་གཟིགས། །གཟིམ་དཔོན་གཟིམ་ཁང་ནང་དུ་གཟིམས། །ཆང་གིས་བཟིར་དང་མཐུ་ཡིས་གཟིར། །གཟུ་ལུམས་གཟུ་བོའི་གཟུགས་ལ་ཟུག །ཟུང་འབྲེལ་ལུས་ཟུང་འཆང་ཟུང་ལུང་། །གཟུང་འཛིན་གཟུངས་ཐག་གཟུང་སྤོབས་དང་། །གཟུང་མོ་བྱི་ཐུར་ལག་པས་བཟུང་། །ཟུར་དུ་གཟུར་བ་སྦུག་ཏུ་གཟུད། །ཟེའུ་ཟེ་པྲོ་བཟེ་རེ་ཅན། །ཟེག་མ་གཟེགས་ཟན་གཟེག་ཆ་ཆུང་། །གྲུ་གཟིངས་གཟིངས་བསྟོད་གནམ་དུ་གཟེངས། །ལྷུང་བཟེད་ཁ་བཟེད་བཟེད་ཞལ་བཟེད། །རུས་པའི་གཟེབ་དང་སྨྱུག་མའི་གཟེབ། །ཟུག་གཟེར་ལ་གཟེམ་རྩང་གཟེ་མ། །དམིགས་པའི་གཟེར་ལ་གཟེར་བུ་གདབས། །བཟོ་བོ་བཟོ་པར་དྲིན་བཟོ་བ། །རྐོ་བྱེད་གཟོང་དང་རྣར་གཟོན་པ། །ད་གཟོད་ཆུད་གཟོན་བཟོད་པ་དང་། །ཟོག་ཟོལ་ཟོར་འཕངས་ལ་སོགས་པ། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཟ་ཡི་རིམ་པ་མདོ་ཙམ་མོ། །


༼འ༽

འུ་སུ་འུག་པ་འུ་བུ་ཅག །འོད་ཟེར་འོལ་མེད་འོས་སུ་བབ། །འ་ཡི་འཇུག་པ་འ་རྐྱང་ལས། །འདྲ་མིན་ནོར་ས་མེད་པས་སོ།


༼ཡ༽

ཡ་ལད་ཡ་གྱལ་ཡ་མཚན་ཅན། །གཡའ་སྒོག་སྐྱི་གཡའ་ལྕགས་ཀྱི་གཡའ། །སྤུས་ཁ་ཡག་དང་དུད་འགྲོའི་གཡག །ཁོངས་ཡངས་གཡང་གཞི་གཡང་སར་གཡབས། །ཡམས་ནད་ཁ་གཡམ་གཡམ་མའི་རྡོ། །གཡར་ཁྲལ་གཡར་དམ་གཡར་ཁམས་དང་། །ཡི་རང་ཡི་དྭགས་ཡིད་ཅན་ཡིད། །འཆང་བཟུང་ཡུ་བ་ཆུའི་ཡུར་བ། །གཡུང་དྲུང་གཡུང་ཟ་གཡུར་ཟ་བ། །ལོག་གཡེམ་གཡེར་ཁར་གཡེངས་བས་གཡེངས། །གཡོ་སྒྱུ་ཟས་གཡོ་གཡོ་ཁྲམ་ཅན། །གཡོག་པོར་གོས་གཡོགས་དར་སོགས་གཡོབ། །གྲུ་དར་གཡོར་མོ་མིག་གཡོར་སོགས། །འགའ་ཞིག་འོག་ཏུ་འཆད་པར་འགྱུར། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཡ་ཡི་རིམ་པ་མདོ་ཙམ་མོ། །


༼ར༽

ར་ལུག་རྭ་ཅན་ར་བར་བཙུད། །རགས་པ་རངས་པ་རང་ལ་རག །མཆོག་རབ་དབང་རབ་རབ་ཏུ་བྱུང་། །སྐྱེ་འཁྲུངས་གནའ་ཚེ་ཡ་རབས་༼མཐའ་གསལ་༽དང་། །རལ་པ་རས་གོས་རན་པ་རེད། །རིག་པ་ལུང་རིགས་རིགས་ཤིང་འཐད། །ཚེ་རིང་ཡུན་རིང་མྱུར་བའི་རིངས། །གོང་མ་ན་རིམས་རིམ་གྱིས་གཤེགས། །རིས་མེད་བསྟན་པ་རིལ་པོ་འཛིན། །བྱ་རུང་མི་རུང་མ་རུངས་པ། །ས་རུབ་རུམ་དུ་རུབ་ཅིང་རུབས། །ཤ་རུལ་ཁྲག་རུལ་གདུང་རུས་རུས། །རེག་པས་རེང་བུ་རེངས་པར་བྱེད། །རོ་ལ་བྱ་རོག་རོགས་པོ་སྦྲན། །རོང་དུ་ཕུ་རོན་རོངས་སེ་རོངས། །ལ་སོགས་ལ་འདོགས་འོག་ཏུ་འཆད། །འདྲ་མིན་རིམ་ཅན་བསྟན་པ་ལས། །ར་ཡི་རིམ་པ་མདོ་ཙམ་མོ། །


༼ལ༽

ལ་ལ་ལ་ལུང་ལྭ་བ་གོས། །ཆོ་གའི་ལག་ལེན་ཡིན་པའི་ལགས། །ལང་དང་མི་ལང་སྟན་ལས་ལངས། །ལིང་པ་ལིང་ཏོག་ལིངས་ལིངས་ལྡིང་། །ལུག་དང་ལུགས་སྲོལ་ཆ་ལུགས་དང་། །ལུད་དང་ལུས་པོ་ཁ་ནས་ལུད། །ལེ་ལན་ལེ་བརྒན་ལེགས་ཚོགས་ལེགས། །ལན་བུར་ལན་གཅིག་ཉམས་ལེན་ལེན། །ལོ་དང་ལོག་ལྟ་ལོགས་སུ་ཕྱེ། །ལོང་བས་མེ་ལོང་ལག་ཏུ་ལོངས། །དྲག་ལོད་ལོན་དང་གྲོ་ལོད་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལས། །ལ་ཡི་རིམ་པ་མདོ་ཙམ་མོ། །


༼ཤ༽

ཤྭ་འོད་ཆད་པས་ཤ་བ་བསད། །ཤ་ཡི་བགོ་བཤའ་ཡིན་དུ་གཤའ། །བདེན་པའི་གཤའ་མ་བཤའ་ཚེ་ཉོས། །ཏིངས་ཤགས་ཤིང་གཤགས་སྡིག་པ་བཤགས། །ཧྭ་ཤང་ཤང་ཤང་རོལ་མོ་གཤང་། །བཤང་གཅི་བཤང་ལམ་སྦུབས་བཤངས་པ། །སྐྲ་ཤད་ཡིག་ཤད་ཆ་ཤས་བཤད། །ཤན་སྦྱར་ཤན་འབྱེད་གཤན་པ་དང་། །ཤམ་བུ་ཤམ་ཐབས་མོ་གཤམ་གཤམ། །མཆོད་པ་བཀོད་པ་གཡུལ་ངོ་བཤམས་༼མཐའ་གསལ།༽ཉི་ཤར་བྲེས་བཤར་འཕྲང་ལ་བཤར། །ལུག་བཤས་ཆུས་བཤལ་ཁ་ཡང་བཤལ། །མི་ཤིགས་མཁར་ཤིག་གྲལ་སོགས་གཤིབས། །ཤིང་ཤུན་ཤིན་ཏུ་གཉེན་གཤིན་པ། །གཤིན་པོའི་གཤིན་རྗེ་ཞིང་ས་གཤིན། །བཀྲ་ཤིས་གཤིས་ལུགས་རང་གཤིས་བཟང་། །ཤུ་བར་ཤུག་པ་ཤུགས་ཆེར་རེག །ཕར་བཤུད་བར་ཤུམ་བཤུས་པས་བཤུམས། །ཤུབ་བུས་བརྗོད་པ་གྲི་ཡི་ཤུབས། །ཤུར་བུས་བཅིངས་ནས་མེ་ལ་བཤུར། །གཤེགས་ཤུལ་བཤུལ་ལམ་ཡི་གེ་བཤུས། །ཤེ་སྦྱོར་ལག་གཤེ་བདེ་བར་གཤེགས། །ཤེད་བུ་ཤེད་བདག་ཤེད་ལས་སྐྱེས། །གཤེན་རབས་གཤེན་མ་བརླན་གཤེར་དང་། །ཤེས་ལྡན་འཛའ་བཤེས་དགེ་བཤེས་ཤེས། །ཤོ་དང་ཚུར་ཤོག་གཡོ་བའི་བཤོ། །བྱ་ཡི་ཤོག་པ་ཤིང་གཤོག་ཤོགས། །ཤོང་སྟོན་གཤོང་བུ་སྤང་གཤོངས་དང་། །གྲབས་གཤོམས་བྲེས་གཤར་འཕྲང་ལ་གཤོར། །ཐོང་གཤོལ་ཕྱི་བཤོལ་ལྷ་བཤོས་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཤ་ཡི་རིམ་པ་མདོ་ཙམ་མོ། །


༼ས༽

ས་རི་ས་ག་ས་བླར་གནས། །ཁ་གསག་ནོར་བསགས་གསའ་ཡིས་ཟ། །སྐྱོ་བསངས་སྔོ་བསངས་བསངས་ཀྱིས་བསངས། །གསང་སྔགས་གཞུང་བསྲང་ཡོ་བ་བསྲངས། །རིགས་སད་པ་དང་གསད་བྱ་གསད། །སྲན་མ་བཟོད་བསྲན་སྙན་གསན་ཕབ། །རྟ་སྲབ་ལས་བསྲབས་དྲིན་ལན་བསབས། །ཆུ་ཡི་སྲམ་དང་བསམ་བྱ་བསམས། །གེ་སར་གསར་བུ་གསར་འགྲོགས་ཅན། །བསྲལ་ཅན་དམིགས་བསལ་སྐྱོན་བསལ་གསལ། །སྲི་དང་སྲི་ཞུར་རལ་གསིག་གསིགས། །སྲིང་མོ་མི་སྲིང་ནེའུ་གསིང་སྔོ། །ཚེ་བསྲིང་ཐག་བསྲིང་ཡི་གེ་བསྲིངས། །ཇི་སྲིད་དེ་སྲིད་སྲིད་པ་སྲིད། །སྲིན་པོ་སྲིན་བྱ་སྲིན་བུ་ཟ། །སིབ་སིབ་སིམ་དང་མུན་བསྲིབ་བསྲིབས། །སིལ་བུ་སིལ་སྙན་སིལ་སིལ་སྒྲ། །དྲིལ་གསིལ་འཁར་གསིལ་དུམ་བུ་གསིལ། །ཞལ་བསིལ་བསིལ་ཟེར་བསིལ་བའི་ངད། །སུ་ཞིག་སྲུ་མོ་མདུན་བསུ་བསྲུས། །ལག་པའི་སུག་པར་ནང་གསུག་བྱིན། །དྲི་བསུང་བསུང་ཞིམ་གསུང་རབ་གསུངས། །འོད་སྲུང་སྲུང་འཁོར་བསྲུང་བྱ་བསྲུངས། །བསུན་འབྱིན་བསུན་ཟློག་མི་བསྲུན་བསྲུན། །ཁ་བསུབས་རྗེས་བསུབས་ཡིད་སྲུབས་ལྷ། །སྲུབ་ཤིང་སྲུབ་ཐག་བསྲུབ་བྱ་བསྲུབས། །སུམ་ཅུ་རྩགསུམ་ཁ་བསུམ་བསུམས། །གསུར་དང་རི་སུལ་ལུས་སྲུལ་གདོན། །གསུས་པར་ནས་སྲུས་གསུད་པ་འདོན། །སྲེ་ནག་བསྲེ་རུ་བསེ་ཁྲབ་སྲེ། །མངལ་གྱི་སྲིའུ་བསམ་བསེའུ། །སྲེག་ཟ་སྲེག་བླུགས་བསྲེག་བྱ་བསྲེགས། །གསེག་མ་གསེག་གཤང་གསེག་ཀ་ལི། །སེང་ཁྲིར་སྐབས་གསེང་ཆོས་གོས་གསེང་། །སྲེད་པ་རྒྱལ་བསེན་ཕྱག་ཞབས་སེན། །རྟ་གསེབ་རི་གསེབ་བྲག་གསེབ་ཉལ། །སེར་པོའི་གསེར་ལ་བསེར་བུ་ལྡང་། །བསེལ་བས་རིང་བསྲེལ་འཆང་བའི་བསྲེལ། །ནང་གསེས་ཚོད་བསྲེད་གཅིག་ཏུ་བསྲེས། །སོ་དང་སྭོ་སྒྲ་ཁ་སོ་གསོས། །བསྲོ་ཁང་མེ་བསྲོ་སྲོ་མ་བཅེམ། །སོག་པོའི་སོག་ལེས་སྲོག་འཕྲོག་པ། །ནོར་གསོག་ཚོགས་གསོག་གསོག་འཇོག་ཚོགས། །ཕྱིར་སོང་དྲང་སྲོང་གསོང་པོར་སྨྲ། །སྲོད་དུས་དགྲ་གསོད་བསོད་པའི་ཟས། །བསོད་ནམས་བསོད་སྙོམས་འདོད་བསོད་ཉམས། །གསོན་ཅིག་གསོན་ཚེ་ཆུད་མ་གསོན། །ཤིང་གསོམ་གསོབ་གསོབ་དུད་འགྲོའི་གསོབ། །འབིག་བྱེད་གསོར་དང་རྡོ་རྗེ་གསོར། །སྲོལ་བཙུགས་སྙན་གསོལ་གསོལ་བ་བཏབ། །ངལ་བསོས་བུ་དང་གསོས་སྨན་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལས། །ས་ཡི་རིམ་པ་མདོ་ཙམ་མོ། །


༼ཧ༽

ཧ་ཅང་རྩབ་སྲལ་སྲུལ་པའི་གོས། །ལྷ་དང་ལྷག་པ་འོང་བའི་ལྷགས། །ལྷང་ངེ་ལྷན་ནེ་ལྷམ་མེ་བ། །ཚིག་ལྷུག་ལྷབ་ལྷུབ་ལྷུགས་པར་འཇོག །ལྷུན་གྲུབ་ལྷུར་ལེན་ལྷུམས་སུ་ལྷུང་། །ཁ་ལྷོགས་ལྷོངས་ཚེ་ལྷོད་པ་སོགས། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཧ་ཡི་རིམ་པ་མདོ་ཙམ་མོ། །


༼ཨ༽

ཨ་ཡི་འདྲ་མིན་ཅུང་ཟད་ཀྱང་། །འོག་ནས་འབྱུང་བས་ཤེས་པར་འགྱུར། །འདི་ལ་ལེགས་པར་མ་བྱང་བར། །བྲིས་དང་རྩོམ་པ་མཁས་འཆེས་ན། །རང་གི་ནང་ཆ་ཕྱིར་འགྲེམས་པའི། །ཚོང་དཔོན་དེ་ལས་གཞན་ཅི་ཡོད། །ཅེས་བརྡ་དག་འཕྲུལ་གྱི་ལྡེ་མིག་ལས། །འདྲ་མིན་རིམ་ཅན་བཤད་པ་སྟེ་རབ་དབྱེ་དང་པོའོ།།  །།


 ༈ གཉིས་པ་འདྲ་མིན་ཕྱོགས་བསྡེབ་ལ། །ལ་འདོགས་ཅན་གྱི་ཕྱོགས་མཐུན་དང་། །གསལ་བྱེད་སོ་སོའི་ཕྱོགས་མཐུན་རྣམས། །རང་རང་གནས་སུ་བསྡེབ་སྟེ་བཤད། །དང་པོ་ལ་འདོགས་ཕྱོགས་མཐུན་ནི། །ཀླ་ལོར་གླ་རྔན་གླ་རྩི་བྱིན། །བླ་གོས་བླ་གབ་རུང་བའི་བླ། །བླ་རེའི་བླ་འོག་བ་བླ་བྱུག །བརླ་རྒྱས་བརླ་ཤ་ཡ་མ་བརླ། །ཆུ་སོགས་སླ་མོ་ཤེས་སླ་བ། །མདོ་བཀླགས་ཀླག་ཅོ་གླགས་ལྟ་བ། །གླགས་རྙེད་བྱ་གླག་གླགས་མི་རྙེད། །བཙོ་བླག་བདེ་བླག་རྣ་བ་བླགས། །བཅོམ་བརླག་ཡུལ་དུ་བརླག་བྱ་བརླགས། །གླང་དང་གླང་ཆེན་བླང་བྱ་བླངས། །ཚིག་བརླང་རླངས་པ་གྱེན་དུ་བསླང་། །ཀླད་དང་ཀླད་ཀོར་གཡལ་བའི་གླལ། །སོས་བླད་སླད་དུ་སླད་མར་ཡང་། །ཀླན་ཀའི་ལན་གླན་ལྷན་པ་གླན། །བརླན་གཤེར་བརླན་པའི་ཕྱོགས་སུ་བསླན། །དབའ་རླབས་རླབས་ཆེན་བྱིན་རླབས་ཅན། །བརླབ་བྱ་བརླབས་དང་བསླབ་བྱར་བསླབས། །རླམ་ཁྱེར་གདོན་གྱིས་བརླམས་པ་དང་། །འབྱམས་ཀླས་མཐའ་ཀླས་སྐྱོན་གྱིས་བསླད། །གླིང་དང་གླིང་བུ་རླིག་པ་བརླིང་། །ཀླུ་དང་གླུ་དབྱངས་རིན་གྱིས་བླུ། །སླུ་མེད་སླུ་གུ་གྲོགས་ཀྱིས་བསླུ། །བློ་བརླུག་ཁར་བླུགས་མ་ཞུའི་རླུགས། །རི་ཀླུང་ཀླུང་རྟ་ཡུལ་ཡང་ཀླུངས། །ནགས་ཀླུང་ཆུ་ཀླུང་འབྱུང་བའི་རླུང་། །གླུད་ཀྱི་ཁར་བླུད་མགོ་བསྐོར་བསླུས། །བླུན་པོ་རྒྱན་ཀླུབས་སྦུབས་ཀྱི་རླུབས། །སླེ་ཏྲེས་སླེ་ཡོན་སླེ་འུ་བཀབ། །སྒོ་གླེགས་གླེགས་བམ་གླེགས་བུ་དང་། །ལེབ་མོར་གླེབས་དང་མྱུར་བར་སླེབས། །གླེམ་པས་ཆང་གླུམ་ཁ་སློག་པ། །གློ་བ་བློ་རིག་བསད་པའི་སློ། །ཆོས་ཀློག་ཀློག་སྤོང་ནམ་མཁའི་གློག །རྡུལ་དུ་རློག་དང་ཕྱི་ནང་སློག །ཀློང་ཡངས་བློང་བློང་ཀུན་སློང་དང་། །ལྷོད་པའི་གློད་དང་གློས་ཕབ་ཉལ། །རྒྱལ་བློན་སྐམ་རློན་ཕྱོགས་སུ་སློན། །སློབ་དཔོན་སློབ་མར་བྱིན་གྱིས་རློབས། །མངོན་རློམ་རློམས་སེམས་སློ་མ་སོགས། །འདྲ་མིན་ཕྱོགས་བསྡེབ་བསྟན་པ་ལས། །ལ་འདོགས་ཕྱོགས་མཐུན་མདོ་ཙམ་མོ། །གཉིས་པ་སོ་སོའི་ཕྱོགས་མཐུན་ནི། །ཕོ་མོ་མ་ནི་རང་རང་གི །སྒྲ་མཐུན་རིམ་པར་བསྡེབ་པ་ཡི། །ཀ་སོགས་བརྒྱད་པོ་རིམ་པས་བསྟན། །


༼ཀྱ་ཅ༽

གྲུ་འི་སྐྱ་བ་དམ་བཅའ་བ། །མི་གཙང་སྐྱ་ག་པ་ལྕག་པོད་བཅིངས། །དྲིན་གྱིས་བསྐྱངས་དང་ཁ་གཅང་པ། །གྲོགས་མེད་རྐྱང་པ་ཅང་ཤེས་པ། །མགོན་སྐྱབས་པ་དང་ཉེས་པ་བཅབས། །ལྷུང་བཟེད་བསྐྱམས་དང་གྲོས་སོགས་གཅམས། །ཆུ་སྐྱར་ཡང་སྐྱར་ཞབས་ལ་བཅར། །བྱ་སྐྱིབས་ནང་དུ་ཚིག་འབྲུ་ལྕིབས། །ཁེངས་པས་བསྐྱུངས་དང་ཅུང་ཟད་ཟ། །བརྗེད་པའི་བསྐྱུད་དང་ཟས་ཀྱི་བཅུད། །དཀྱུས་མ་དཀྱུས་རིང་ལག་པས་གཅུས། །ཕུད་སྐྱོགས་གཟར་སྐྱོགས་གཟུགས་ཀྱིས་ལྕོགས། །སྣོད་སོགས་སྐྱོམས་དང་གཅོམ་བསྐྱུངས་དང་། །སྐྱོར་འབྱིན་ཚིག་སྐྱོར་གཅོར་དུ་མེད།


༼ཀྲ་པྲ༽

རྣམ་བཀྲ་ཚོན་བཀྲ་པྲ་ཕབ་དང་། །སྐྲ་དང་སྐྲ་བརྙན་སྤྲ་ཆལ་སྤྲ། །རྨ་སོགས་སྐྲངས་དང་སྤྲང་པོ་དང་། །བགེགས་བསྐྲད་ཀོ་ཀྲད་ལག་ཏུ་སྤྲད། །དགོངས་བཀྲལ་ཁྲལ་བཀྲལ་གདོང་གི་དཔྲལ། །ཁ་དཀྲིས་རས་དཀྲིས་ཞོའི་སྤྲིས་མ། །དཀྲུགས་དང་ཞོ་དཀྲུགས་རྡུལ་སོགས་སྤྲུགས། །ལྟོགས་པའི་བཀྲིས་པར་རྒྱན་གྱིས་སྤྲས།


༼ཀྱ་པྱ༽

རྐང་ལག་བརྐྱངས་དང་དར་དཔྱངས་དཔྱངས། །ཁ་ནས་སྐྱུགས་དང་མཐའ་ལ་སྤྱུགས། །སྐྱོ་ཤེས་སེམས་སྐྱོ་བཀའ་ཡིས་སྤྱོ། །ཆུ་སོགས་སྐྱོམས་དང་ངོམ་པའི་སྤྱོམས། །ཉེས་པའི་སྐྱོན་དང་ཚུར་སྤྱོན་སོགས། །འདྲ་མིན་ཕྱོགས་བསྡེབ་བསྟན་པ་ལས། །ཀ་ཡི་ཕྱོགས་མཐུན་མདོ་ཙམ་མོ། །


༼ཁྱ་ཆ༽

གྲང་བའི་འཁྱགས་དང་འཆགས་སར་འཆགས། །ཀུན་ཁྱབ་ཆབ་ཤོག་ཆབ་འོག་འགྲེམས། །ས་མཐར་འཁྱམས་དང་མཐུན་པའི་འཆམས། །ཁང་པའི་ཁྱམས་དང་ཆམས་པའི་ནད། །མང་པོའི་ཁྱུ་དང་མཆུ་སྡེར་ཅན། །དྲང་མིན་འཁྱོག་དང་ཡོད་པའི་ཆོག །མཐར་འཁྱོངས་པ་དང་གཡང་སར་མཆོངས། །ཡོམ་ཡོམ་འཁྱོམ་དང་ཆོམ་པོས་ཆོམས། །གོམས་པ་འཁྱོར་དང་གཡང་ལ་འཆོར།


༼ཁྱ་ཕྱ༽

ཡུལ་དུ་འཁྱར་དང་དར་སོགས་འཕྱར། །གློག་འཁྱུག་པ་དང་ལམ་སོགས་འཕྱུག །མཁའ་ལྡིང་བྱ་ཁྱུང་གནས་ནས་ཕྱུང་། །བསྐྱུར་བའི་འཁྱུར་དང་དུ་བ་འཕྱུར། །ལག་པའི་ཁྱོར་དང་དར་ཕྱོར་ཞིག །


༼ཁྲ་ཕྲ༽

ལུས་པོ་ཁྲ་བོ་ཕྲ་མེན་གདོང་། །ཁྲི་ཁྲག་བརྒྱ་ཕྲག་ཕྲག་པ་དང་། །མི་སེར་ཁྲལ་དང་ཕྲལ་རྐྱེན་དང་། །ཆགས་ཞེན་འཁྲི་བ་ཁ་འཕྲི་བ། །ཁྲུ་གང་ཕྲུ་མ་ཁོག་མའི་ཕྲུ། །ཁྲག་ཁྲུག་བྱེད་དང་ཟ་ཕྲུག་བྱེད། །དམག་འཁྲུགས་སྣམ་ཕྲུགས་ཉིན་ཞག་ཕྲུགས། །འཁོར་བར་འཁྲུལ་དང་ཐབས་འཕྲུལ་དང་། །སེམས་འཁྲེང་འཕྲེང་བ་གང་ཡང་རུང་། །ཁྲོ་བོར་ཁྲོས་དང་འོད་འཕྲོ་འཕྲོས། །དུར་ཁྲོད་རི་ཁྲོད་སྐུ་ཁམས་འཕྲོད། །ཁྲོམ་དུ་མེ་སྟག་ཕྲོམ་ཕྲོམ་ཆད། །ནང་ཁྲོལ་ཁ་ཕྲོལ་ལ་སོགས་པ། །འདྲ་མིན་རིམ་ཅན་བསྟན་པ་ལས། །ཁ་ཡི་ཕྱོགས་མཐུན་མདོ་ཙམ་མོ། །


༼གྲ་དྲ༽

ཆོས་གོས་གྲྭ་དང་དྲྭ་ཕད་དང་། །འབྲུ་ཡི་གྲ་མ་ཡ་རབས་དྲ། །ཡོངས་སུ་གྲགས་དང་ཐལ་བའི་དྲགས། །གྲངས་མེད་དྲང་པོའི་ལམ་དུ་དྲངས། །གྲལ་ལ་དྲལ་པོས་ཁྲིམས་དྲལ་དང་། །རིག་པ་དྲུང་དང་རྩ་བའི་དྲུང་། །ལམ་འགྲུལ་འགྲུལ་པ་རུལ་བའི་འདྲུལ། །འགྲེ་ལྡོག་བྱེད་དང་འདྲ་ེསྲིན་དང་། །ཤི་བའི་གྲོངས་དང་ཞིང་དུ་དྲོངས། །གྲོན་ཅན་ཟན་དྲོན་དྲོན་མོར་ཟོས། །

༼གྱ་བྱ་༽

གྱ་ནོམས་པ་ཡི་བྱ་དགའ་བྱིན། །གཡོ་སྒྱུའི་གྱ་གྱུ་བྱ་མ་རྟ། །གྱ་ཚོམ་ཅན་དང་འདབ་ཆགས་བྱ། །ས་ཡི་བྱང་དང་དྲི་མ་བྱང་།


༼གྲ་བྲ༽

རྩི་ཤིང་གྲ་མ་བྲ་བའི་འབྲུ། །ཐོས་པའི་སྒྲ་དང་འབྲོག་པའི་སྦྲ། །ཁྲིམས་བསྒྲགས་པ་དང་གཞན་དང་སྦྲགས། །གྲང་རེག་གྲང་བ་བྲང་འགྲོའི་བྲང་། །ལྟོ་བ་འགྲངས་དང་རྗེས་སུ་འབྲངས། །དྲོད་བསྒྲངས་སྦྲང་མ་སྦྲང་རྩི་དང་། །ཟས་ཀྱི་གྲབས་དང་ཐུན་གྱིས་བྲབས། །གྲི་གྲམ་རྒྱ་གྲམ་བྲམ་ཟེ་དང་། རྩ་བའི་འགྲམ་དང་ས་ལེ་སྦྲམ། །གྲི་དང་གྲི་གུ་ཉམས་པའི་བྲི། །བློ་གྲིམས་ཟས་བྲིམས་ཚུལ་ཤིང་བྲིམས། །ཡུལ་གྲུའི་གྲུ་དང་བྲུ་བ་ཚ། །ཤིང་སྒྲུག་པ་དང་དབྱར་གྱི་འབྲུག །གྲུལ་བུམ་གདོན་དང་བྲུལ་གཏོར་དང་། །མགྲིན་པའི་གྲེ་བ་འཇལ་བྱེད་བྲེ། །འགྲེལ་པ་རྩོམ་དང་འབྲེལ་ཆགས་པ། །རིགས་འགྲེས་བ་དང་སྲོག་ཆགས་སྦྲེ། །གྲོ་ནས་གྲོ་མ་བྲོ་ནད་དང་། །ཤིང་ཤུན་གྲོ་ག་བྲོ་གར་དང་། །ཁོག་པའི་གྲོད་པ་སྤྲོ་བའི་བྲོད། །སྒྲོན་མར་ཆབ་སྦྲོན་ར་མདའ་སྦྲོན། །སྒྲོམ་དང་སྒྲོམ་བུ་འབྲོམ་སྟོན་རྗེ། །གྲོས་བཏབ་ཕྱིར་བྲོས་ལ་སོགས་པ། །འདྲ་མིན་ཕྱོགས་བསྡེབ་བསྟན་པ་ལས། །ག་ཡི་ཕྱོགས་མཐུན་མདོ་ཙམ་མོ། །


༼ཅ་པྱ༽

གནས་བཅའ་ཁྲིམས་བཅའ་དཔྱ་ཁྲལ་ལེན། །སེམས་ལ་བཅང་དང་སེམས་སྤྱང་པ། །ཁྲིམས་བཅད་ཚར་བཅད་རིགས་པས་དཔྱད། །སྒྲ་ཅན་ལ་གཅན་གཟིགས་པའི་སྤྱན། །བཅས་པ་བཅས་ལ་དཔྱས་མི་འདོགས། །ཅི་བསྒོ་བ་དང་དཔྱི་མགོ་དང་། །དྲི་ཆུའི་གཅིན་དང་འབྱར་བྱེད་སྤྱིན། །ཆུ་སོགས་བཅིལ་དང་རྩྭའི་སྤྱིལ་པོ། །གཅོང་རོང་གཡང་ལ་དཔྱང་ཐག་དཔྱོངས། །རྣམ་གཅོད་ཡོངས་གཅོད་སྤྱོད་ངན་སྤྱོད། །རྡོ་གཅལ་དཔྱལ་ལོ་ཙཱ་བ་དང་། །བཅོས་མའི་གཤེ་སྤྱོས་ལ་སོགས་པ། །འདྲ་མིན་ཕྱོགས་བསྡེབ་བསྟན་པ་ལས། །ཅ་ཡི་ཕྱོགས་མཐུན་མདོ་ཙམ་མོ། །


༼ཆ་ཕྱ༽

ཆ་ལང་ཆ་དང་ཕྱྭ་གཡང་ལེན། །གནས་འཆའ་ཁྲིམས་འཆའ་གཞན་ལ་འཕྱ། །ཞེན་ཆགས་ཆགས་པ་ཕྱགས་མས་ཕྱགས། །ཟན་ཆང་ཆང་བུ་ཕྱང་ཕྲུལ་དང་། །ལག་ཏུ་འཆང་དང་དཔྱང་བའི་འཕྱང་། །རྒྱུན་ཆད་མེད་དང་ཉིན་མཚན་ཕྱད། །སྙུ་མའི་མཆན་བུ་འཁོར་བར་འཕྱན། །ཆར་འབེབས་བྱེད་དང་ཕྱར་གཡེང་བྱེད། །རྡབ་ཆལ་བྱེད་དང་ལྟོ་བ་ཕྱལ། །གཏན་མེད་འཆལ་དང་འཕྱས་སྨོད་བྱེད། །འཆི་བདག་དུས་འཕྱི་སྲོག་ཆགས་འཕྱི། །ཆིངས་ཤིག་ཕྱིང་པ་ཕྱིང་རུལ་རྣམས། །བྱེད་དུ་ཆུག་དང་ནོར་ཕྱུགས་ཕྱུག །གནས་སུ་འཆུང་དང་དུང་འཕྱུར་འཕྱུར། །འཆེ་བ་འཕྱེ་བོ་ལྟོ་འཕྱེ་དང་། །ཆེད་དུ་ནམ་ཕྱེད་ཉིན་ཕྱེད་དང་། །ཆེ་ཞེ་ཆེན་པོ་སྒོ་ཕྱེ་ཕྱེན། །ཆོ་རིགས་ཆོ་འབྲངས་ལྡིང་བའི་འཕྱོ། །ཐག་ཆོད་ས་ཕྱོད་ཆེ་བ་དང་། །འཆུན་པའི་ཆོན་དང་འཕྱོན་མ་སོགས། །འདྲ་མིན་ཕྱོགས་བསྡེབ་བསྟན་པ་ལས། །ཆ་ཡི་ཕྱོགས་མཐུན་མདོ་ཙམ་མོ། །


༼ཇ་བྱ༽

བཏུང་བྱའི་ཇ་དང་བྱ་ན་དང་། །ཆོམ་པའི་ཇག་པ་བྱག་མཁན་དང་། །ཡུལ་གྱི་འཇང་དང་སྡིག་པ་འབྱང་། །དལ་བུས་འཇབས་དང་སྒྲོ་ཡིས་བྱབས། །འཇམ་དབྱངས་ཤེས་བྱ་རབ་འབྱམས་མཁྱེན། །ས་ལ་འཇར་དང་སྦྱར་བྱ་འབྱར། །ཁ་ཡིས་འཇིབས་དང་གོས་ཀྱིས་བྱིབས། །འཇུངས་པའི་ཉེས་པ་འབྱུང་ཉེ་བ། །བདག་པོའི་ཇོ་བོ་སྣོད་སོགས་བྱོ། །མཉམ་པར་འཇོག་དང་ལྕེ་ཡིས་འབྱོག །ལྗོན་ཤིང་ལས་ཀ་འབྱོན་པ་དང་། །རྐོ་བྱེད་འཇོར་བུ་ལག་ཏུ་འབྱོར། །གོས་འཇོལ་བྲོས་པའི་འབྱོལ་ལ་སོགས། །འདྲ་མིན་ཕྱོགས་བསྡེབ་བསྟན་པ་ལས། །ཇ་ཡི་ཕྱོགས་མཐུན་མདོ་ཙམ་མོ། །


༼ཉ་མྱ༽

ཉ་པ་མྱང་ངམ་མྱ་ངན་དང་། །རུས་ཀྱི་གཉགས་དང་རོ་མྱགས་འདམ། །རུས་ཉང་མྱང་འདས་ལྕེ་ལ་མྱང་། །ཡུལ་གྱི་གཉལ་དང་དམྱལ་བ་དང་། །འབྱིག་བྱེད་སྙིའུ་སྨྱི་གུ་དང་། །དྭངས་སྙིགས་འབྱེད་དང་སྨྱིག་མའི་ཚལ། །འཕྱང་མོ་ཉུག་དང་དབྱིབ་དམྱུག་དམྱུག །གཉུག་མའི་སེམས་དང་སྨྱུག་མའི་ཤིང་། །ན་བའི་བསྙུང་དང་ཟས་བཅད་སྨྱུང་། །ཉེ་བའི་བསྙེན་པ་སྨྱན་ཀ་བྱེད། །ནས་ཕུང་བསྙོར་དང་སྨྱོ་རུ་ཆུག །སྙོན་ཁ་སྨྱོན་པ་ལ་སོགས་པ། འདྲ་མིན་ཕྱོགས་བསྡེབ་བསྟན་པ་ལས། །ཉ་ཡི་ཕྱོགས་མཐུན་མདོ་ཙམ་མོ། །


༼དྲ་བྲ༽

དྲྭ་བ་དྲ་ཕྱེད་བྲ་ཉེར་དང་། །དྲག་པོ་དྲག་ཤུལ་བྲག་རིའི་བྲག །དྲང་དོན་ལྟོ་གོས་བྲང་བྲེད་དང་། །སྐད་ཆ་འདྲི་དང་ལ་ནོར་འབྲི། །ཕ་མའི་དྲིན་དང་ཉོ་ཚོང་བྲིན། །དྲིས་ལན་ལྡོན་དང་ཡིག་བྲིས་པ། །བུ་ཀ་འདྲུ་དང་མཚང་འབྲུ་བ། །གྲངས་ཀྱི་དྲུག་དང་ཆུ་བོ་བྲུག །མི་གཙང་བྲུད་པ་ས་ལས་དྲུད། །སྒྲོག་བྱེད་དྲུ་བུ་བྲུབ་ཁུང་དང་། །ཚེམ་དྲུབས་བྱ་བྲུན་དོང་དུ་བྲུབས། །བ་མཇོ་དྲུས་མ་ས་བྲུས་པ། །ང་རྒྱལ་དྲེགས་པ་ཤ་སོགས་བྲེགས། །གཅན་གཟན་དྲེད་དང་འཇིགས་པའི་བྲེད། །དྲེའུ་རྟ་དྲེལ་བྱ་བས་བྲེལ། །སྔ་དྲོ་དྲོ་བ་རོ་བྲོ་བ། །བློ་འདྲོག་པ་དང་འབྲོག་དགོན་པ། །ཡིད་ཆེས་འདྲོངས་དང་རི་དྭགས་འབྲོང་། །ཉ་མའི་དྲོད་ལ་བྲོད་པ་སྐྱེད། །མ་དྲོས་མཚོ་དང་ཕྱིར་མ་བྲོས། །


༼ཟླ༽

ར་མདའ་ཟླ་གྲོགས་ཟླ་བ་དང་། །མྱ་ངན་འདའ་བར་ལ་བཟླ་བ། །དུས་ལས་འདས་དང་བཟླས་བརྗོད་དང་། །ཐོགས་པའི་རྡུགས་དང་དྲིས་པའི་བཟླུགས། །ཁང་པའི་སྡུམ་པ་ཟླུམ་པོ་དང་། །འཁོར་འདབ་འདུམས་དང་ཚོགས་བཟླུམས་པ། །ཡོད་པའི་བདོག་དང་བར་ཆད་བཟློག །གདོས་དང་ཟློས་གར་ལ་སོགས་པ། །འདྲ་མིན་ཕྱོགས་བསྡེབ་བསྟན་པ་ལས། །ད་ཡི་ཕྱོགས་མཐུན་མདོ་ཙམ་མོ། །


༼བ་ཡ༽

སྙན་འཇེབ་དབྱངས་དང་གཡང་ལེན་དང་། །ནམ་ཟླ་དབྱར་དང་ནོར་སོགས་གཡར། །ཕུར་བུའི་དབལ་སོགས་ཁ་གཡལ་བ། །ནོར་གྱི་དབྱིག་དང་གཡིགས་བུ་ལངས། །དབྱིག་མོར་དབྱིག་དང་སེམསཅན་གཡི། །ཤིང་བུ་དབྱུ་གུ་རིན་ཆེན་གཡུ། །ནོར་གྱི་དབྱུལ་དང་གཡུལ་ངོར་འཇུག །རྡེག་བྱེད་དབྱུག་པ་ལག་པ་གཡུག །གནས་ནས་དབྱུང་དང་རིགས་ངན་གཡུང་། །བསུན་དབྱུང་བ་དང་གཡུང་མོ་དང་། །དབྱེ་བ་མེད་དང་གཡེལ་མེད་དང་། །རྣམ་དབྱེར་འབྱེད་དང་ཁ་གཡེང་བ། །དབེན་པའི་གནས་དང་གཡན་པའི་ནད། །ནོར་གྱིས་དབེན་དང་གཡན་པ་དགབ། །སྐུ་མཆེད་དབོན་པོ་གཡན་ཅན་དང་། །དབྱེན་འབྱེད་པ་དང་གཡན་པ་སོགས།


༼ཨ༽

ལུང་སོགས་དབོག་དང་ཨོག་སྐོར་དང་། །དབུ་མ་ལྷ་མོ་ཨུ་མ་དང་། །དབུ་རྒྱན་པྲོག་ཞུ་ཨུ་རྒྱན་ཡུལ། །དབུགས་དང་ཨུ་ཚུགས་ལ་སོགས་པ། །འདྲ་མིན་ཕྱོགས་བསྡེབ་བསྟན་པ་ལས། །བ་ཡི་ཕྱོགས་མཐུན་མདོ་ཙམ་མོ། །


དེ་རྣམས་ང་རོ་དག་ཐོན་གྱིས། །ཕལ་ཆེར་འཁྲུལ་བར་མི་སྲིད་ཀྱང་། །རྨོངས་པས་མ་བརྟགས་གྱ་ཚོམ་དུ། །བྲིས་རྣམས་ནོར་བས་ཞིབ་ཏུ་བརྟག །ཅེས་བརྡ་དག་འཕྲུལ་གྱི་ལྡེ་མིག་ལས། །འདྲ་མིན་ཕྱོགས་བསྡེབ་བཤད་པ་སྟེ་རབ་དབྱེ་གཉིས་པའོ།།  །།


གསུམ་པ་དོན་ཐོག་གཅིག་པ་ལ། །བྱ་བྱེད་མིང་གི་དོན་མཐུན་དང་། །ཐ་སྙད་མིང་གི་དོན་མཐུན་རྣམས། །སོ་སོར་འབྱེད་དེ་མདོ་ཙམ་བཤད། །དང་པོ་བྱ་བྱེད་དོན་མཐུན་ནི། །དུས་འདས་གཞན་དངོས་བྱེད་པོ་དང་། །སྐུལ་ཚིག་བཅས་ཏེ་རིམ་བཞིན་དུ། །སླར་ཡང་ཀ་སོགས་རིམ་པས་བསྟན། །ལམ་བཀག་དགག་བྱ་དགོག་བྱེད་ཁེགས། །མདོ་བཀླགས་བཀླག་བྱ་ཀློག་བྱེད་ཀློགས། །སྣོད་བཀང་དགང་བྱ་འགེང་བྱེད་འགེངས། །ཁ་བསྐངས་བསྐང་བྱ་སྐོང་བྱེད་སྐོངས། །ལག་བརྐྱངས་བརྐྱང་བྱ་རྐྱོང་བྱེད་རྐྱོངས། །དྲིན་བསྐྱངས་བསྐྱང་བྱ་སྐྱོང་བྱེད་སྐྱོངས། །གོས་བཀབ་དགབ་བྱ་འགེབ་བྱེད་འགེབས། །འཇིགས་བསྐྱབས་བསྐྱབ་བྱ་སྐྱོབ་བྱེད་སྐྱོབས། །ཚོང་བཀྲམ་དགྲམ་བྱ་འགྲེམས་བྱེད་ཁྲེམས། །ཆུ་བསྐྱམས་བསྐྱམ་བྱ་སྐྱོམ་བྱེད་སྐྱོམས། །ཆུ་བསྐམས་བསྐམ་བྱ་སྐེམ་བྱེད་སྐམས། །བགེགས་བསྐྲད་བསྐྲད་བྱ་སྐྲོད་བྱེད་སྐྲོད། །ཁལ་བཀལ་དགལ་བྱ་འགེལ་བྱེད་འཁེལ། །ནོར་བསྐྱལ་བསྐྱལ་བྱ་སྐྱེལ་བྱེད་སྐྱོལ། །དགོངས་བཀྲལ་བཀྲལ་བྱ་འགྲེལ་བྱེད་འགྲོལ། །ལམ་བཀྲིས་བཀྲི་བྱ་འཁྲིད་བྱེད་ཁྲིད། །བསྡམ་བཀྱིགས་བཀྱི་བྱ་འཁྱིག་བྱེད་ཁྱིགས། །ནོར་བསྐྱིས་བསྐྱི་བྱ་སྐྱི་བྱེད་སྐྱིས། །མདུན་བཀུག་དགུག་བྱ་འགུགས་བྱེད་ཁུག །ནོར་བརྐུས་བརྐུ་བྱ་རྐུ་བྱེད་རྐུས། །སྣུམ་བསྐུས་བསྐུ་བྱ་སྐུད་བྱེད་སྐུད། །སྲོག་བཀུམས་བཀུམ་བྱ་འགུམས་བྱེད་གུམས། །ཚུར་བསྐུམས་བསྐུམ་བྱ་སྐུམ་བྱེད་སྐུམས། །དབང་བསྐུར་བསྐུར་བྱ་སྐུར་བྱེད་སྐུར། །རྒྱབ་བསྐྱུར་བསྐྱུར་བྱ་སྐྱུར་བྱེད་སྐྱུར། །ཆོས་བསྐུལ་བསྐུལ་བྱ་སྐུལ་བྱེད་སྐུལ། །དྲི་བཀྲུས་བཀྲུ་བྱ་འཁྲུ་བྱེད་འཁྲུད། །འོད་བཀྱེས་བཀྱེ་བྱ་འགྱེ་བྱེད་འགྱེད། །རྒྱ་བསྐྱེད་བསྐྱེད་བྱ་སྐྱེད་བྱེད་སྐྱེད། །བདེར་བཀོད་དགོད་བྱ་འགོད་བྱེད་འཁོད། །གཡོག་བཀོལ་དགོལ་བྱ་འཁོལ་བྱེད་ཁོལ། །དགོངས་བཀྲོལ་དགྲོལ་བྱ་འགྲོལ་བྱེད་འགྲེལ། །གནས་བསྐོར་བསྐོར་བྱ་སྐོར་བྱེད་སྐོར། །ས་བརྐོས་བརྐོ་བྱ་རྐོ་བྱེད་སྐོས། །ལས་བསྐོས་བསྐོ་བྱ་སྐོ་བྱེད་སྐོས། །དྲིལ་བསྒྲག་བསྒྲག་བྱ་སྒྲོག་བྱེད་སྒྲག །མནའ་བསྒགས་བསྒགས་བྱ་སྒོག་བྱེད་སྒོགས། །གྲངས་བགྲངས་བགྲང་བྱ་སྒྲོང་བྱེད་སྒྲོངས། །ཚོད་བགམས་བགམ་བྱ་འགམ་བྱེད་འགམས། །སྨན་བསྒར་བསྒར་བྱ་སྒར་བྱེད་སྒར། །ལན་བརྒལ་བརྒལ་བྱ་རྒོལ་བྱེད་རྒོལ། །དགྲ་བསྒྲལ་བསྒྲལ་བྱ་སྒྲོལ་བྱེད་སྒྲོལ། །གྲལ་བསྒྲིགས་བསྒྲིག་བྱ་སྒྲིག་བྱེད་སྒྲིགས། །ལས་བསྒྲིབས་བསྒྲིབ་བྱ་བསྒྲིབ་བྱེད་སྒྲིབས། །བློ་བསྒྲིམས་བསྒྲིམ་བྱ་སྒྲིམས་བྱེད་སྒྲིམས། །དུམ་བསྒྲིལ་བསྒྲིལ་བྱ་སྒྲིལ་བྱེད་སྒྲིལ། །ལམ་བསྒུགས་བསྒུག་བྱ་སྒུག་བྱེད་སྒུགས། །དངུལ་བརྒྱུགས་བརྒྱུག་བྱ་རྒྱུག་བྱེད་རྒྱུགས། །རྩལ་བསྒྲུན་བསྒྲུན་བྱ་སྒྲུན་བྱེད་སྒྲུན། །ལྷ་བསྒྲུབས་བསྒྲུབ་བྱ་སྒྲུབ་བྱེད་སྒྲུབས། །ཆོས་བསྒྱུར་བསྒྱུར་བྱ་སྒྱུར་བྱེད་སྒྱུར། །བློ་བསྒུལ་བསྒུལ་བྱ་སྒུལ་བྱེད་སྒུལ། །རིགས་བསྒྲེས་བསྒྲེས་བྱ་སྒྲེས་བྱེད་སྒྲེས། །ལག་བསྒྲེངས་བསྒྲེང་བྱ་སྒྲེང་བྱེད་སྒྲེངས། །མར་བསྒྱེར་བསྒྱེར་བྱ་སྒྱེར་བྱེད་སྒྱེར། །གོ་བགོས་བགོ་བྱ་འགོ་བྱེད་གོན། །བཀའ་བསྒོས་བསྒོ་བྱ་སྒོ་བྱེད་སྒོས། །ཟན་བསྒོངས་བསྒོང་བྱ་སྒོང་བྱེད་སྒོངས། །ལྷ་བསྒོམས་བསྒོམ་བྱ་སྒོམ་བྱེད་སྒོམས། རྩྭ་བརྔས་བརྔ་བྱ་རྔ་བྱེད་རྔས། །ཟས་བརྔམས་བརྔམ་བྱ་རྔམ་བྱེད་རྔམས། །ཆང་བརྔུབས་བརྔུབ་བྱ་རྔུབ་བྱེད་རྔུབས། །ཡོས་བརྔོས་བརྔོ་བྱ་རྔོ་བྱེད་རྔོས། །མཚང་བསྔོགས་བསྔོག་བྱ་སྔོགས་བྱེད་སྔོགས། །དགེ་བསྔོས་བསྔོ་བྱ་སྔོ་བྱེད་སོགས། །བྱ་བྱེད་དོན་མཐུན་བསྟན་པ་ལས། །ཀ་སྡེའི་བྱ་བྱེད་མདོ་ཙམ་མོ། །ཁྲིམས་བཅས་བཅའ་བྱ་འཆའ་བྱེད་འཆོས། །ཆགས་བཅགས་བཅག་བྱ་འཆག་བྱེད་ཆོགས། །ལག་བཅངས་བཅང་བྱ་འཆང་བྱེད་ཆོངས། །ཤིང་བཅད་གཅད་བྱ་གཅོད་བྱེད་ཆོད། །ཉེས་བཅབས་བཅབ་བྱ་འཆབ་བྱེད་ཆོབས། །བློས་བཅལ་གཞལ་བྱ་འཇལ་བྱེད་འཇལ། །དགྲ་བཅིངས་བཅིང་བྱ་འཆིང་བྱེད་ཆིང་། །རྟར་བཅིབས་བཅིབ་བྱ་འཆིབ་བྱེད་ཆིབས། །སྐྱོན་བཅིལ་གཞིལ་བྱ་འཇིལ་བྱེད་ཆིལ། །ནང་བཅུགས་བཅུག་བྱ་འཇུག་བྱེད་ཆུག །སྒྲིན་བཅུན་གཅུན་བྱ་འཆུན་བྱེད་ཆོན། །དགྲ་བཅོམ་གཞོམ་བྱ་འཇོམས་བྱེད་ཆོམས། །ལས་བཅོལ་བཅོལ་བྱ་འཆོལ་བྱེད་ཆོལ། །བཟོ་བཅོས་བཅོ་བྱ་འཆོ་བྱེད་འཆོས། །གཏམ་བརྗོད་བརྗོད་བྱ་རྗོད་བྱེད་རྗོད། །ནོར་བརྗེས་བརྗེ་བྱ་རྗེད་བྱེད་རྗེས། །ཕྱིར་བསྙིལ་བསྙིལ་བྱ་སྙིལ་བྱེད་སྙིལ། །རྗེ་བསྙེགས་བསྙེག་བྱ་སྙེག་བྱེད་སྙེགས། །འཇིགས་བསྙེངས་བསྙེང་བྱ་སྙེང་བྱེད་སྙེངས། །རྒྱུད་བསྙེམས་བསྙེམ་བྱ་སྙེམ་བྱེད་སྙེམས། །ཁྱོན་བསྙམས་བསྙམ་བྱ་སྙོམ་བྱེད་སྙོམས། །ལག་བསྙབས་བྱ་བསྙབ་བྱ་སྙོབ་བྱེད་སྙོབས། །སར་བསྙལ་བསྙལ་བྱ་སྙོལ་བྱེད་སོགས། །བྱ་བྱེད་དོན་མཐུན་བསྟན་པ་ལས། །ཅ་སྡེའི་བྱ་བྱེད་མདོ་ཙམ་མོ། །རྒྱན་བཏགས་གདགས་བྱ་འདོགས་བྱེད་ཐོགས། །གོས་བཏགས་གཏག་བྱ་འཐག་བྱེད་ཐགས། །བློས་བརྟགས་བརྟག་བྱ་རྟོག་བྱེད་རྟོགས། །བློས་བཏང་གཏང་བྱ་གཏོང་བྱེད་ཐོངས། །རྒྱས་བཏབ་གདབས་བྱ་འདེབས་བྱེད་ཐེབས། །ཞལ་བསྟབས་བསྟབ་བྱ་སྟོབ་བྱེད་སྟོབས། །གོས་བལྟབས་བལྟབ་བྱ་ལྟབ་བྱེད་ལྟབས། །ཆོས་བསྟན་བསྟན་བྱ་སྟོན་བྱེད་སྟོན། །གཟུགས་བལྟས་བལྟ་བྱ་ལྟ་བྱེད་ལྟོས། །ལྷ་བསྟིམས་བསྟིམ་བྱ་སྟིམ་བྱེད་སྟིམས། །དགྲ་བཏུལ་གདུལ་བྱ་འདུལ་བྱེད་ཐུལ། །ཞབས་བཏུད་གཏུད་བྱ་འདུད་བྱེད་འདུད། །ཆང་བཏུང་བཏུང་བྱ་འཐུང་བྱེད་ཐུངས། །ཐག་བསྟུངས་བསྟུང་བྱ་སྟུང་བྱེད་སྟུངས། །གྱེན་བཏེགས་གདེགས་བྱ་འདེགས་བྱེད་ཐེགས། །གུས་བསྟེན་བསྟེན་བྱ་སྟེན་བྱེད་སྟེན། །སྤུ་བཏོགས་བཏོག་བྱ་འཐོག་བྱེད་ཐོགས། །སྦུབས་བརྟོལ་བརྟོལ་བྱ་རྟོལ་བྱེད་རྟོལ། །ནོར་བདས་བདའ་བྱ་བདེད་བྱེད་དེད། །སྒོ་བསྡམས་བསྡམ་བྱ་སྡོམ་བྱེད་སྡོམས། །ཚིག་བསྡིགས་བསྡིག་བྱ་སྡིག་བྱེད་སྡིགས། །རྔ་བརྡུངས་བརྡུང་བྱ་རྡུང་བྱེད་རྡུངས། །སར་བརྡབས་བརྡབ་བྱ་རྡེབ་བྱེད་རྡེབས། །ཕྱོགས་བསྡེབས་བསྡེབ་བྱ་སྡེབ་བྱེད་སྡེབས། །རྡོས་བརྡེགས་བརྡེག་བྱ་རྡེག་བྱེད་རྡེགས། །གྲི་བརྡར་བརྡར་བྱ་རྡོར་བྱེད་རྡོར། །ཐག་བསྡོགས་བསྡོག་བྱ་སྡོག་བྱེད་སྡོགས། །ཁྱོན་བསྡོམས་བསྡོམ་བྱ་སྡོམ་བྱེད་སྡོམས། །སྲོག་བསྡོས་བསྡོ་བྱ་སྡོ་བྱེད་སྡོས། །ཁ་བསྣན་བསྣན་བྱ་སྣོན་བྱེད་སྣོན། །དྲི་བསྣམས་བསྣམ་བྱ་སྣོམ་བྱེད་སྣོམས། །སྲོལ་བསྣུབས་བསྣུབ་བྱ་སྣུབ་བྱེད་སྣུབས། །ཚོན་བསྣུར་བསྣུར་བྱ་སྣུར་བྱེད་སྣུར། །གོ་བསྣོར་བསྣོར་བྱ་སྣོར་བྱེད་སྣོར། །གོ་བསྣོལ་བསྣོལ་བྱ་སྣོལ་བྱེད་སོགས། །བྱ་བྱེད་དོན་མཐུན་བསྟན་པ་ལས། །ཏ་སྡེའི་བྱ་བྱེད་མདོ་ཙམ་མོ། །བློས་དཔགས་དཔག་བྱ་དཔོག་བྱེད་དཔོགས། །བརྟག་དཔྱད་དཔྱད་བྱ་དཔྱོད་བྱེད་དཔྱོད། །གོས་དཔྱངས་དཔྱང་བྱ་དཔྱོང་བྱེད་དཔྱོངས། །སྡིག་སྤངས་སྤང་བྱ་སྤོང་བྱེད་སྤོངས། །བྱིན་ཕབ་དབབ་བྱ་འབེབས་བྱེད་ཕོབ། །ཁ་ཕྲལ་དབྲལ་བྱ་འཕྲལ་བྱེད་ཕྲོལ། །ཉམས་ཕྲིས་དབྲི་བྱ་འཕྲི་བྱེད་བྲིད། །རིས་ཕྱིས་དབྱི་བྱ་འབྱི་བྱེད་ཕྱིད། །མཚོན་ཕུགས་དབུག་བྱ་འབུག་བྱེད་ཕུག །ཕྱིར་ཕྱུངས་དབྱུང་བྱ་འབྱུང་བྱེད་ཕྱུང་། །གུར་ཕུབས་དབུབ་བྱ་འབུབ་བྱེད་ཕུབ། །ཡོན་ཕུལ་དབུལ་བྱ་འབུལ་བྱེད་ཕུལ། །ཆུ་ཕོ་དབོ་བྱ་འབོ་བྱེད་བོར། །ནོར་ཕྲོགས་དབྲོག་བྱ་འཕྲོག་བྱེད་ཕྲོག །སྡོམ་ཕོགས་དབོག་བྱ་འབོགས་བྱེད་ཕོག །ཁ་ཕྱེས་དབྱེ་བྱ་འབྱེད་བྱེད་ཕྱེ། །ནོར་སྦས་སྦ་བྱ་སྦེད་བྱེད་སྦོས། །མེ་སྦར་སྦར་བྱ་སྦོར་བྱེད་སྦོར། །སྒྲིབ་སྦྱངས་སྦྱང་བྱ་སྦྱོང་བྱེད་སྦྱོངས། །རོ་མྱངས་མྱང་བྱ་མྱོང་བྱེད་མྱོངས། །གཏམ་སྨྲས་སྨྲ་བྱ་སྨྲ་བྱེད་སྨོས། །ཚིག་སྨད་སྨད་བྱ་སྨོད་བྱེད་སྨོད། །བློས་དམིགས་དམིགས་བྱ་དམིགས་བྱེད་སོགས། །བྱ་བྱེད་དོན་མཐུན་བསྟན་པ་ལས། །པ་སྡེའི་བྱ་བྱེད་མདོ་ཙམ་མོ། །ཆུ་བཙགས་གཙག་བྱ་འཚག་བྱེད་ཚགས། །ཚིག་བརྩད་བརྩད་བྱ་རྩོད་བྱེད་རྩོད། །གཞུང་བརྩམས་བརྩམ་བྱ་རྩོམ་བྱེད་རྩོམས། །ནོར་བཙལ་བཙལ་བྱ་འཚོལ་བྱེད་ཚོལ། །བཀའ་བསྩལ་བསྩལ་བྱ་སྩལ་བྱེད་སྩོལ། །གྲངས་བརྩིས་བརྩི་བྱ་རྩི་བྱེད་རྩིས། །མཁར་བརྩིགས་བརྩིག་བྱ་རྩིག་བྱེད་རྩིགས། །སྣུམ་བཙིར་བཙིར་བྱ་འཚིར་བྱེད་ཚིར། །སྲོལ་བཙུགས་བཙུག་བྱ་འཛུགས་བྱེད་ཚུགས། །གྲལ་བཙུད་བཙུད་བྱ་འཛུད་བྱེད་ཚུད། །མིག་བཙུམས་བཙུམ་བྱ་འཚུམ་བྱེད་ཚུམས། །གོས་བཙེམས་བཙེམ་བྱ་འཚེམ་བྱེད་ཚེམས། །ཐབ་བཙོས་བཙོ་བྱ་འཚོད་བྱེད་འཚེད། །ཟོང་བཙོངས་བཙོང་བྱ་འཚོང་བྱེད་ཚོངས། །རིན་བརྩེགས་བརྩེག་བྱ་རྩེག་བྱེད་རྩེགས། །ནོར་བརྫངས་བརྫང་བྱ་རྫོང་བྱེད་རྫོངས། །ཟན་བརྫིས་བརྫི་བྱ་རྫི་བྱེད་རྫིས། །མིང་བརྫུས་བརྫུ་བྱ་རྫུ་བྱེད་སོགས། །བྱ་བྱེད་དོན་མཐུན་བསྟན་པ་ལས། །ཙ་སྡེའི་བྱ་བྱེད་མདོ་ཙམ་མོ། །སར་བཞག་གཞག་བྱ་འཇོག་བྱེད་ཞོག །ཆང་གཞིབས་གཞིབ་བྱ་འཇིབ་བྱེད་འཇིབས། །གྲལ་བཞུགས་གཞུག་བྱ་འཇུག་བྱེད་ཞུགས། །བ་བཞོས་བཞོ་བྱ་འཇོ་བྱེད་ཞོས། །ཤིང་བཞོགས་བཞོག་བྱ་གཞོག་བྱེད་ཞོགས། །ཟས་བཟས་བཟའ་བྱ་ཟོ་བྱེད་ཟོས། །བློར་བཟུངས་གཟུང་བྱ་འཛིན་བྱེད་ཟུངས། །ལས་བཟུར་བཟུར་བྱ་འཛུར་བྱེད་ཟུར། །སྣོད་བཟེད་བཟེད་བྱ་འཛེད་བྱེད་ཟེད། །སྔགས་བཟླས་བཟླ་བྱ་ཟློ་བྱེད་ཟློས། །གཡུལ་བཟློགས་བཟློག་བྱ་ཟློག་བྱེད་ཟློགས། །དར་གཡབས་གཡབ་བྱ་གཡོབ་བྱེད་གཡོབས། །ཟས་གཡོས་གཡོ་བྱ་གཡོ་བྱེད་སོགས། །བྱ་བྱེད་དོན་མཐུན་བསྟན་པ་ལས། །ཞ་སྡེའི་བྱ་བྱེད་མདོ་ཙམ་མོ། །དགྲ་བརླགས་བརླག་བྱ་རློག་བྱེད་རློགས། །བྱིན་བརླབས་བརླབ་བྱ་རློབ་བྱེད་རློབས། །གདོན་བརླམས་བརླམ་བྱ་རློམ་བྱེད་རློམས། །ཆོས་བཤད་བཤད་བྱ་འཆད་བྱེད་ཤོད། །ཤིང་གཤགས་གཤག་བྱ་གཤོག་བྱེད་ཤོགས། །སྡིག་བཤགས་བཤག་བྱ་འཆག་བྱེད་འཆགས། །གྲབས་བཤམས་བཤམ་བྱ་གཤོམ་བྱེད་གཤོམས། །བྲེས་བཤར་བཤར་བྱ་གཤོར་བྱེད་ཤོར། །ཚོགས་བསགས་བསག་བྱ་གསོག་བྱེད་གསོགས། །གཞུང་བསྲངས་བསྲང་བྱ་སྲོང་བྱེད་སྲོངས། །དགྲ་བསད་གསད་བྱ་གསོད་བྱེད་སོད། །ལས་བསྲབས་བསྲབ་བྱ་སྲབ་བྱེད་སྲབས། །སྐྱོན་བསལ་བསལ་བྱ་སེལ་བྱེད་སོལ། །ཚེ་བསྲིངས་བསྲིང་བྱ་སྲིང་བྱེད་སྲིངས། །གདོན་བསྲུངས་བསྲུང་བྱ་སྲུང་བྱེད་སྲུངས། །གཞན་བསླུས་བསླུ་བྱ་སླུ་བྱེད་སླུས། །མེར་བསྲེགས་བསྲེག་བྱ་སྲེག་བྱེད་སྲེགས། །གྱེན་བསླངས་བསླང་བྱ་སློང་བྱེད་སློངས། །ཕྱོགས་བསླན་བསླན་བྱ་སློན་བྱེད་སོགས། །བྱ་བྱེད་དོན་མཐུན་བསྟན་པ་ལས། །ར་སྡེའི་བྱ་བྱེད་མདོ་ཙམ་མོ། །


༼དོན༽འདྲ་ལ་༼ཚིག༽མི་འདྲ་ཕལ་ཆེ་བ། །བྱ་བྱེད་ཞུགས་ཚུལ་ཡིན་པས་ན། །འདི་ལ་གོམས་པ་གནད་དུ་ཆེ། །ཞིབ་པར་རྟག་འཇུག་དག་ཏུ་མངོན། །དོན་ཐོག་གཅིག་པ་བསྟན་པ་ལས། །བྱ་བྱེད་དོན་མཐུན་མདོ་ཙམ་མོ། །གཉིས་པ་ཐ་སྙད་དོན་མཐུན་ནི། །མཆོག་དང་མཆོག་མིན་ཐ་སྙད་དང་། །ལུས་དང་དངོས་པོའི་ཐ་སྙད་ཀྱི། །དོན་མཐུན་རྣམས་ནི་རིམ་པས་བསྟན། །མཆོད་འོས་བསྟོད་འོས་ཕྱག་འོས་དང་། །བསྔགས་འོས་བཀུར་འོས་རིས་མོར་འོས། །མཚུངས་མེད་མཉམ་མེད་བླ་ན་མེད། །འདྲེན་པ་ལམ་སྟོན་ས་མཁན་དང་། །གྲུབ་བརྙེས་རྣལ་འབྱོར་རྟོགས་ལྡན་པ། །མཁས་དབང་ཀུན་ཤེས་སྨྲ་བའི་དབང་། །སྡོམ་བརྩོན་དགེ་སྦྱོང་བཙུན་པ་དང་། །ཞབས་འབྲིང་རིམ་གྲོ་ཞལ་ཏ་པ། །མངའ་བདག་ས་སྐྱོང་མི་རྗེ་བཙུན། །བཀའ་བློན་གྲོས་སྣོད་མདུན་ན་འདོན། །རྗེ་བོ་གཙོ་བོ་སྣ་བོ་དང་། །ཟླ་བྲལ་བསྒྲུན་མེད་འགྲན་བྲལ་བ། །སྤྱང་གྲུང་སྒྲིན་པོ་མཛངས་པ་དང་། །གཞུངས་བཟང་ཟོ་བཟང་གཤིས་བཟང་བ། །བློ་རིག་ཤེས་པ་ནམ་དཔྱོད་ཅན། །ཕྱུག་པོ་འབྱོར་ལྡན་མངོན་མཚན་ཅན། །བརྙེངས་བྲལ་ཁྲོ་གཏུམ་རཏལ་ཕོད་པ། །མི་ཞུམ་མི་འགོང་མི་སྐྲག་པ། །ཆོ་འབྲངས་ཆོ་རིགས་གདུང་བརྒྱུད་རིགས། །རབ་དང་འཕུལ་དང་རྩེ་མོར་སོན། །དར་བ་བདོ་བ་འཕེལ་ཞིང་རྒྱས། །ཁས་ལེན་ཁས་འཆེ་ཞལ་བཞེས་པ། །གཉའ་བོ་ཆེ་བཞི་ཆ་འཇོག་དཔང་། །རིགས་པ་འཐད་པ་རུང་དང་འོས། །འབེལ་གཏམ་བགྲོ་གླེང་ཡང་དག་གཏམ། །བཀའ་མོལ་བགྲོ་བ་གསུང་གླེང་མཛད། །བཀའ་མཆིད་གསེར་ཆབ་ཆབ་ཤོག་གནང་། །རྩེ་དྲུང་སྨྱུག་འཛིན་རིག་བྱེད་མཁན། །རིངས་སྐྱེན་མྱུར་མགྱོགས་རྟབ་རྟབ་པོར། །བརྟན་བརླིངས་འགྱུར་མེད་གཡུང་དྲུང་གི །ཕྱག་རྒྱ་མཚན་མ་རྒྱས་བཏབ་ཏེ། །ཕོ་ཉ་ཉན་རྣ་བྱ་མ་རྟ། །བར་མེད་རྒྱུན་ཆགས་ཉིན་མཚན་ཕྱད། །དབྱེས་རྒྱ་དཀྱེལ་ཆེ་ཁྱོན་ཡངས་པའི། །ཀུན་བཟོད་འཛིན་མ་རྒྱ་མཚོའི་གོས། །དབུས་མཐིལ་ལྟེ་བ་ཀློང་དཀྱིལ་དུ། །རྟག་ཏུ་ནམ་གཞར་དུས་གཏན་རྒྱུན། །གནས་བདོག་མཆིས་གདའ་འདུག་ཡོད་ཀུན། །ལུགས་དང་ཡུལ་ཆོས་བཀའ་བཏགས་དང་། །མི་འགལ་མི་འདའ་མ་འཁྲུལ་བར། །བསོད་ནམས་ལེགས་ལམ་ཆོས་མཐུན་ལ། །འབད་རྩོལ་འབུངས་དང་བརཏན་པ་བསྐྱེད། །ཐ་སྙད་དོན་མཐུན་བསྟན་པ་ལས། །མཆོག་གི་ཐ་སྙད་མདོ་ཙམ་མོ། །ཕྱོགས་སྔ་ཕྱི་རྒོལ་ཕས་རྒོལ་པ། །དམུ་རྒོད་མི་བསྲུན་གདུག་པ་ཅན། །རྡོལ་ཆོས་ཐོ་ཅོ་སྤྱི་བརྟོལ་མཁན། །སྐྱོར་འབྱིན་གཡོ་སྒྱུ་གྱ་གྱུ་ཅན། །རྔོས་ཁྱེར་རླམ་ཅན་གཡོ་ཁྲམ་མཁན། །གདོལ་པ་གཡུང་པ་སྨེ་ཤ་ཅན། །རྨོངས་རཏལ་རྨོངས་པ་མུན་སྤྲུལ་མཁན། །གཅམ་བུ་མདོང་གསོལ་ཁ་གསག་གིས། །བཀྱལ་པ་མུ་ཅོར་བྲེ་མོའི་གཏམ། །ཀུ་རེ་ཀྱལ་ཀ་ག་ཞར་དང་། །གླགས་ལྟ་ཐོ་བཙམས་ཀླན་ཀ་ཚོལ། །གྱ་ཚོམ་བབ་ཅོལ་གཟུ་ལུམས་ཀྱིས། །ཅོ་འདྲི་འཐིང་སླད་འཕྱ་དང་འཁུ། །མངན་བགྲངས་དཔྱས་འདོགས་ཁ་ཟེར་བཤུང་། །བརྔོད་དང་འདྲིད་པ་བསླུ་བྲིད་བྱེད། །སྡར་མ་སྟོབས་བྲལ་ཡ་ང་བ། །བཀྲེན་པ་དབུལ་པོ་ཕོངས་པ་དང་། །ལམ་པ་སློང་མོ་མུ་ལྟོ་བ། །མནོག་ཆུང་མངོན་ཆུང་ངན་ངོན་ཙམ། །བརྐམས་འཁྲེན་བརྔམས་སྲེད་འཆུམས་པ་དང་། །བརྙན་པ་གཡར་བ་བསྐྱི་བའི་ནོར། །ཁེངས་དྲེགས་རྒྱགས་པ་སྙེམས་པར་གྱུར། །སྐྱོ་སྔོགས་འཁྲུགས་ལོང་ཕུང་ཀྲོལ་ཅན། །ཕྱག་སྦལ་ཁྲིམས་མུན་བཙོན་རར་བཙུད། །བརྟད་པ་ཐོལ་བྱུང་བཙན་ཐབས་སུ། །སྲོག་བཀུམས་འགུམས་དང་བསད་དོ་སྙམ། །ནེམ་ནུར་སོམ་ཉི་འཕྱང་མོ་ཉུག །མཆིས་བྲང་ཟ་ཟླ་མཛའ་ན་མོ། །སྔངས་སྐྲག་བྲེད་རྟབ་འཇིགས་པ་དང་། །འཁམས་ཤིང་འབོག་པ་བརྒྱལ་པར་གྱུར། །རྩ་ལག་ཉེ་དུ་མཛའ་བཤེས་གཉེན། །བྱུར་དང་མྱ་ངན་སྐྱོ་བས་གདུང་། །སྡུག་བསྔལ་དུཿཁས་ཉོན་མོངས་པ། །མངོན་དང་མཚོན་པ་སྣང་བ་ལས། །བརླང་པ་རྩུབ་མོ་གཤེ་ཚིག་དང་། །སྤྱོ་དང་བརྒྱད་བཀག་བཀའ་བཀྱོན་གྱིས། །བསྙིལ་བ་སྐྲོད་པ་དབྱུང་བ་དང་། །འཕྱོན་མ་འཇུད་མཐུན་གཟུགས་འཚོང་མར། །འཐམས་དང་བསྡོངས་དང་འགྲོགས་ནས་ནི། །བྱེར་དང་འཁྱུས་པ་ཆོལ་ཐོར་འབྱོལ། །གཏོལ་མེད་ཆ་མེད་ཕྱ་མ་ཕྱོར། །འཁྱམས་དང་འཕྱན་པས་གྱི་ནར་འཁོར། །ཐ་སྙད་དོན་མཐུན་བསྟན་པ་ལས། །མཆོག་མིན་ཐ་སྙན་མདོ་ཙམ་མོ། །ཟག་ཕུང་ཉེར་ལེན་ལྔ་ཕུང་ལུས། །རྒྱན་སྤྲས་སྤུད་པ་མཆོར་དང་ཀླུབས། །ཁམས་བདེ་སྙུན་མེད་འཕྲོད་འཚོ་བས། །ཟོ་མདོག་འཚག་བཟང་བརྟས་ཤིང་རྒྱགས། །བྲོ་འཚལ་འདུ་འཁྲུགས་བསྙུང་གཞིས་བསྙུན། །སྐུ་སྐེམ་རིད་ཅིང་ཀེང་རུས་སྐམ། །མིག་འཛིན་དབུ་དང་ཡན་ལག་མཆོག །ཐོར་ཅོག་དོ་ཀེར་ཐོར་ཚུགས་ཅན། །གཙུག་ཕུད་ལན་བུ་ལྕང་ལོ་ལ། །ཅོད་པན་པྲོག་ཞུ་རྩེ་བྲན་བརྒྱན། །གཡར་ངོ་བྱད་བཞིན་ཁ་ངོ་གདོང་། །སྤ་བ་མཚར་སྡུག་དཔེན་པ་དང་། །ཟ་བྱེད་སྨྲ་སྒོ་གཏམ་འབྱུང་གནས། །སྐྱིགས་བུ་སྒྲེགས་པ་གསུད་པ་འདོན། །སྐེ་གྲེ་མགྲིན་པ་མགུལ་པ་རུ། །ཕྱང་ཕྲུལ་དོ་ཤལ་སེ་མོ་དོ། །སྲོག་གནས་སེམས་ཀྱི་ཁང་པ་སྙིང་། །བརྣག་པ་བསམ་པ་མནོ་བ་དང་། །གསུས་པ་ལྟོ་བ་གྲོད་པ་རུ། །འཚལ་མ་ཟ་མ་ཞལ་ལག་བསྣན། །དཀུ་སྐབས་དཔྱི་མགོ་སྟ་ཟུར་ལ། །ལྕག་ཕོད་ཤུར་བུ་རྒྱ་ཅང་བཅིངས། །འཛིན་བྱེད་དཔུང་འདབ་སུག་པ་རུ། །ཕྱག་གདུབ་སོར་གདུབ་གདུབ་ཀོར་བསྐོན། །འཆག་བྱེད་ཞབས་ཟུང་ཡུག་པ་རུ། །ཚེར་སྲུང་མཆིལ་ལྷམ་ཞབས་ཕྱགས་བཞེས། །འཕོངས་དང་རོ་སྨད་མཚང་ར་ལ། །པར་ཏང་དྲེའུ་རྔོག་གྲུམ་རྩེ་གཏིང་། །ཟག་བྱེད་འོག་སྒོ་བཤང་ལམ་ནས། །ཕྱི་ས་ལྟོ་སྙིགས་དྲི་ཆེན་འབབ། །དྲན་པའི་ཀ་བ་མྱོས་བྱེད་ཤིང་། །གཅིན་དང་དྲི་ཆུ་རྒྱུན་བབ་དང་། །ཁྱབ་བྱེད་འཐོང་བྱེད་འདྲེན་བྱེད་སྤྱན། །ཐོས་འཛིན་སྒྲ་གནས་སྒྲ་འཛིན་སྙན། །དྲི་ལེན་དྲི་འཛིན་སྣམ་བྱེད་ཤངས། །མྱོང་བྱེད་རོ་འཛིན་ངག་འདབ་ལྗགས། །ལུས་ཕྲ་སྒེག་མོ་དགའ་མ་དང་། །གཞོགས་སྟེགས་ཟུར་མིག་ཡོན་པོར་ལྟ། །འཁྲིག་པ་ཤེ་སྦྱོར་གྲོང་པའི་ཆོས། །བརྣོགས་བསྐུངས་སྦས་པ་བཅབས་དང་འཆབ། །མེལ་ཚེ་བྱ་ར་ཁ་ཏ་བྱེད། །མཚན་དང་བླ་དྭགས་མིང་ཅན་སོགས། །ཐ་སྙད་དོན་མཐུན་བསྟན་པ་ལས། །ལུས་ཀྱི་ཐ་སྙད་མདོ་ཙམ་མོ། །


 ༈ ཀུན་གསལ་ལྷ་ལམ་ནམ་མཁའ་རུ། །ལེགས་བྲིས་འཆི་མེད་རྣམ་སད་གནས། །རིན་ཆེན་འབྱུང་གནས་ཆུ་གཏེར་དུ། །གདེངས་ཅན་འཇོག་པོ་ལྷག་མ་ཅན། །རི་དབང་ལྷུན་པོ་ས་འཛིན་རྒྱལ། །མུ་ཁྱུད་ཁོར་ཡུག་ལྕགས་རི་ཅན། །འགྲོ་མེད་ས་འཛིན་གྱེན་དུ་འཕྱུར། །ཁ་བའི་རྡུལ་བརྩེགས་ཀེ་ལ་ཤ། །གཅོང་རོང་གཡང་ས་དཀན་གཟར་སར། །དབེན་གནས་ཞི་གྲོང་བསམ་གཏན་ཁང་། །རི་ཤོད་རི་འགྲམ་རི་ཡི་འདབ། །དྲི་གཙང་ཁང་དང་གཙུག་ལག་ཁང་། །རི་ཀླུང་ངམ་གྲོག་རི་སུལ་དུ། །སྤྱིལ་བུ་སྡུམ་པ་བླ་གབ་ཅན། །བཅོས་མའི་ནགས་དང་སྐྱེད་ཚལ་དུ། །གཡུང་དྲུང་འཁྱིལ་བ་རྒྱལ་པོའི་ཁབ། །ཀ་ཅ་བདོག་པ་ཟང་ཟིང་དབྱིག །ཞུབ་ཅན་ཡ་ལད་འཁྲུགས་གོས་དང་། །རྨོག་ཞུ་མགོ་སྐྱོབ་དབུ་རྨོག་དང་། །མདའ་ཟས་ཅན་དང་གནམ་རུ་གཞུ། །སྒྲོ་ལྡན་དྲང་འགྲོ་ཉག་ཕྲན་མདའ། །གཅེར་སྐྱོབ་བགོ་བྱ་ན་བཟའ་གོས། །གནས་མལ་མནལ་གོས་གཟིམས་མལ་དང་། །ཆོས་ཟངས་བཟེད་ཞལ་མཆིལ་མའི་སྣོད། །ཉེ་རེག་ཞལ་བསིལ་འཐོར་འཐུང་ཆབ། །བྱི་དོར་མེལ་ཚེ་བཞིན་སྣོད་གསལ། །གཡོས་ཁང་བཀད་ས་རུང་ཁང་དུ། །གཡོས་མ་ལག་བདེ་ཕྱག་ཚང་པས། །མེ་ཐབ་སྒྱིད་བུ་ཐབ་ཀ་རུ། །བྱིན་ཟ་འཁྱོག་འབར་ཞུགས་ཆེན་སྤར། །གཡོ་སྣོད་ཁོག་མ་ཕྲུ་བ་རུ། །བྱ་ན་སྐྱོ་ཚ་ཐུག་པ་སྐོལ། །རོ་འགྱུར་འཇུ་བྱེད་ལན་ཚྭ་དང་། །ས་སྐྱེས་བཅའ་སྒ་སྒེའུ་གཤེར་བཏབ། །ཡོལ་གོ་གཞོང་པ་སྡེར་མ་རུ། །སྐྱོགས་བུ་ལག་སྐྱོགས་གཟར་བུས་བཀང་། །སྔོན་སྐྱེས་ཕུ་བོ་ཐུ་བོ་གཅེན། །ཕྱིས་སྐྱེས་ནུ་བོ་ཐ་ཆུང་གཅུང་། །འོག་མེད་ཉུག་རུམ་རལ་གུ་ཅན། །སྨོན་འདྲིན་བློ་བརླུག་གྲོགས་པོ་རྣམས། །ངོམས་དང་ཚིམས་དང་གྱ་ནོམས་པར། །སྟོབས་དང་བྲིམས་དང་དྲངས་དང་དྲོངས། །ཐ་སྙད་དོན་མཐུན་བསྟན་པ་ལས། །དངོས་པོའི་ཐ་སྙད་མདོ་ཙམ་མོ། །འདྲ་ལ་མི་འདྲ་ཕལ་ཆེ་བ། །མིང་གི་རྣམ་གྲངས་ཡིན་པས་ན། །འདི་ལ་གོམས་པ་གནད་དུ་ཆེ། །ཞིབ་པར་མངོན་བརྗོད་དག་ཏུ་མངོན། །དོན་ཐོག་གཅིག་པ་བསྟན་པ་ལས། །ཐ་སྙད་དོན་མཐུན་མདོ་ཙམ་མོ། །དེ་ལྟར་བྱ་བྱེད་ཐ་སྙད་ཀྱི། །རྣམ་གཞག་མདོ་ཙམ་མ་ཤེས་ན། བྲིས་དང་རྩོམ་པ་གང་ལ་ཡང་། །ལྕེ་མེད་ཚིག་ལ་དབུལ་བར་འགྱུར། །ཞེས་བདག་དག་འཕྲུལ་གྱི་ལྡེ་མིག་ལས། །དོན་ཐོག་གཅིག་པ་བཤད་པ་སྟེ་རབ་དབྱེ་གསུམ་པའོ།།  །།


 ༈ བཞི་པ་ལྷག་ཆད་འཁྲུལ་སྤོང་ལ། །འཁྲུལ་གཞིའི་དབྱེ་བསྡུ་བསྟན་པ་དང་། །འཁྲུལ་བྱེད་ཡོད་མེད་ཁྱད་པར་གྱི། །དམིགས་བསལ་དབྱེ་བ་མདོ་ཙམ་བསྟན། །དང་པོ་འཁྲུལ་གཞིའི་དབྱེ་བསྡུ་ནི། །གསལ་བྱེད་ཀ་སོགས་སུམ་ཅུ་ལ། །རྐྱང་འདོགས་བརྩེགས་པ་གསུམ་དུ་ཕྱེ། །རྐྱང་པ་ཀ་སོགས་གཞིར་བཞག་ནས། །འདོགས་ཅན་ཡ་ར་ལ་ཝ་བཞི། །ཡ་ཡི་སྨད་འདོགས་ཀ་༼ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་༽སོགས་བདུན། །ར་འདོགས་བཅུ་བཞི་༼ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་ནྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་སྲ༽ལ་འདོགས་༼ཀླ་གླ་བླ་ཟླ་རླ་སླ་༽དྲུག །ཝ་ཡི་འདོགས་པ་༼ཀྭ་ཁྭ་གྭ་ཅྭ་ཏྭ་དྭ་ཕ་ཙྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་སྭ་ཧྭ༽བཅུ་དྲུག་སྟེ། །འདོགས་ཅན་སྤྱིར་སྡོམ་ཞེ་གསུམ་དང་། །བརྩེགས་ཅན་ར་ལ་ས་གསུམ་ལས། །ར་མགོ་༼རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་༽བཅུ་གཉིས། །ལ་མགོ་༼ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་༽བཅུ། །ས་མགོ་ལྡན་པ་༼སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་༽བཅུ་གཅིག་སྟེ། །མགོ་ཅན་སྤྱིར་སྡོམ་སོ་གསུམ་མོ། །རྐྱང་འདོགས་བརྩེགས་པ་སྤྱིར་སྡོམ་པས། །མིང་གཞིའི་ཡི་གེ་བརྒྱ་དང་དྲུག །རྐྱང་འདོགས་བརྩེགས་པ་མི་གཏོགས་པའི། །ལོག་པ་༼ཊ་ཋ་ཌ་ཎ་ཥ་༽ལྔ་དང་མཐུག་པོ་༼གྷ་དྷ་བྷ་ཛྷྱ་ཀྵ་༽ལྔ། །བསྣན་པས་བརྒྱ་དང་བཅུ་དྲུག་དང་། །དེ་ལ་འཕུལ་༼ག་ད་བ་མ་འ༽ལྔ་མཐའ་རྟེན་༼ག་ང་ད་ན་བ་མ་འ་ར་ལ་ས་༽བཅུ། །འཕུལ་ཅན་ལྔ་པོ་དེའི་འཇུག་ཡུལ། །གས་འཕུལ་༼ཅ་ཉ་ཏ་ད་ན་ཙ་ཞ་ཟ་ཡ་ཤ་ས་༽བཅུ་གཅིག་དས་འཕུལ་༼ཀ་ག་ང་པ་བ་མ་དྲུག །བས་འཕུལ་༼ཀ་ག་རྔ་ཅ་རྗ་རྙ་ཏ་ད་རྣ་ཙ་རྫ་ཞ་ཟ་རླ་ཤ་ས་བཅུ་དྲུག་འས་འཕུལ་༼ཁ་ག་ཆ་ཇ་ཐ་ད་ཕ་བ་ཚ་ཛ་༽བཅུ། །མས་འཕུལ་༼ཁ་ག་ང་ཆ་ཇ་ཉ་ཐ་ད་ན་ཚ་ཛ་༽བཅུ་གཅིག་སྤྱིར་སྡོམ་པས། །འཕུལ་ཅན་ལྔ་བཅུ་ང་བཞི་དང་། །དེ་ལ་བརྩེགས་འཕུལ་འདོགས་འཕུལ་གྱི། །ནང་གསེས་ཞེ་བདུན་བསྣན་པ་ཡིས། །བརྒྱ་དང་རྩ་གཅིག་དེ་ཡི་སྟེང་། །མཐའ་རྟེན་བཅུ་དང་ཡང་འཇུག་གཉིས། །བསྣན་པས་ཆིག་བརྒྱ་བཅུ་གསུམ་འགྱུར། །དེའི་སྟེང་སྔར་གྱི་སྡོམ་བསྣན་པས། །ཡི་གེ་ཉིས་བརྒྱ་ཉེར་དགུར་འགྱུར། །དེ་ལ་དབྱངས་བཞིས་དབྱེ་བ་ཡིས། །ཡི་གེའི་ཚོགས་པ་མི་འདྲ་བ། །དགུ་བརྒྱ་བཅུ་དྲུག་དག་ཏུ་འགྱུར། །དེ་ལའང་བདག་གཞན་དུས་གསུམ་གྱིས། །དབྱེ་བས་ཉིས་སྟོང་བདུན་བརྒྱ་དང་། །བཞི་བཅུ་ཞེ་བརྒྱད་དག་ཏུ་འགྱུར། །མིང་ཚིག་དུ་མས་དབྱེ་བ་ཡིས། །ཡི་གེའི་རྣམ་པའང་དུ་མར་འགྱུར། །དེ་དག་རྫས་སུ་བསྡུ་བ་ནི། །ཀ་ཕྲེང་སུམ་ཅུ་ཉིད་དུ་བསྡུ། །དེ་ཡང་བསྡུ་ན་མིང་ཚིག་གི །སྔོན་རྗེས་མིང་གཞི་གསུམ་དུ་བསྡུ། །དེ་བསྡུ་ཨཱ་ལི་ཀཱ་ལི་གཉིས། །དེ་ཡང་ཐབས་ཤེས་ཟུང་འཇུག་གི །བདེ་ཆེན་ཡེ་ཤེས་ཉག་གཅིག་ཏུ། །མཚོན་བྱེད་ཡི་གེ་ཨ་ལའོ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པར་གསུངས། །དེ་ལ་མིང་ཚིག་ཡི་གེ་དང་། །ཐ་སྙད་བརྗོད་པ་ཀུན་དང་བྲལ། །ལྷག་ཆད་འཁྲུལ་སྤོང་བསྟན་པ་ལས། །འཁྲུལ་གཞིའི་དབྱེ་བ་མདོ་ཙམ་མོ། །གཉིས་པ་ཡོད་མེད་དམིགས་གསལ་ནི། །འདོགས་བརྩེགས་གཉིས་ཀྱི་དམིགས་བསལ་དང་། །རྐྱང་འཕུལ་མཐའ་རྟེན་མགོ་ཅན་དང་། །ཚིག་སྡུས་ཤད་འཐོབ་རིམ་པས་བསྟན། །ཀ་སོགས་ཡ་འདོགས་བདུན་པོ་དེར། །ར་མགོ་༼རྐྱ་རྒྱ་རྨྱ༽གསུམ་དང་ས་མགོ་༼སྐྱ་སྒྱ་སྤྱ་སྦྱ་སྨྱ་༽ལྔ། །ཡོད་ཅིང་ལ་མགོ་༼ལྒཡམ་ཞེས་པ་སྔ་རབས་འགའ་ཞིག་གིས་བཞེད༽སྦྱོར་བ་མེད། །ར་ཡི་འདོགས་པ་བཅུ་བཞི་ལ། །ས་མགོ་དྲུག་ཡོད་༼སྐྲ་སྒྲ་སྣྲ་སྤྲ་སྦྲ་སྨྲ་༽དེ་ལས་གཞན། །ར་མགོ་༼བགྲོད་ཅེས་པའང་སྔོན་གྱི་བརྡར་མངོན་༽ལ་མགོ་སྦྱོར་བ་མེད། །ལ་ཡི་འདོགས་པ་དྲུག་པོ་དེར། །མགོ་ཅན་རྣམ་གཞག་བསྟན་པ་མེད། །ཝ་འདོགས་གསུམ་༼རྒྭ་རྩྭ་་༽ཙམ་མ་གཏོགས་པ། །གཞན་ལ་མགོ་ཅན་སྦྱོར་བ་མེད། །ཡ་ར་གཉིས་ཀྱི་འདོགས་པ་ལའང་། །ཝ་འདོགས་བསྣན་པ་གསུམ་༼གྲྭ་དྲྭ་ཕྱྭ་༽ཙམ་ཡོད། །ཡ་ར་ལ་ཡི་འདོགས་པ་ལ། །གས་འཕུལ་གཏན་ནས་འཇུག་པ་མེད། །ཡ་འདོགས་ལ་ནི་བས་འཕུལ་༼བཀྱ་བགྱ༽དང་། །མས་འཕུལ་༼མཁྱ་མགྱ་༽གཉིས་རེ་ཡོད་པ་དང་། །ར་འདོགས་ལ་ནི་བས་འཕུལ་གསུམ་༼བཀྲ་བགྲ་བསྲ་༽མས་འཕུལ་གཉིས་༼མཁྲ་མགྲ་༽ལས་འཇུག་པ་མེད། །ཡ་འདོགས་ཅན་ལ་དས་འཕུལ་ལྔ། །༼དཀྱ་དགྱ་དཔྱ་དབྱ་དམྱ།༽ར་འདོགས་ཅན་ལ་དས་འཕུལ་བཞི། །༼དཀྲ་དགྲ་དཔྲ་དབྲ།༽ཡ་འདོགས་ལ་ནི་འས་འཕུལ་བཞི། །༼འཁྱ་འགྱ་འཕྱ་འབྱ་༽ར་འདོགས་ལ་ནི་ལྔ་རུ་ངེས། །༼འཁྲ་འགྲ་འདྲ་འཕྲ་འབྲ་༽ལ་འདོགས་ཝ་འདོགས་འཕུལ་ཅན་བ། །མ་གཏོགས་གཞན་གྱིས་འཕུལ་བ་མེད། །དེ་ཡང་ག་བ་ལ་འདོགས་ཅན། །མ་གཏོགས་གཞན་བཞིར་བས་འཕུལ་༼བཀླ་བཟླ་བརླ་བསླ༽འཇུག །ཝ་འདོགས་གཉིས་༼བཅྭ་བསྭ༽ཙམ་མ་གཏོགས་པ། །ཐམས་ཅད་བ་ཡིས་འཕུལ་བ་མེད། །བརྩེགས་འཕུལ་ལ་ཡང་བ་མ་མཏོགས། །སྔོན་འཇུག་གཞན་གྱིས་འཕུལ་བ་མེད། །དེ་ཡང་ར་གོ་བཅུ་གཉིས་ལ། །བས་འཕུལ་༼བརྐ་བརྒ་བརྔ་བརྗ་བརྙ་བརྟ་བརྡ་བརྣ་བརྩ་བརྫ་༽བཅུ་དང་ལ་མགོ་གཉིས། །༼བལྟ་བལྡ་༽ས་མགོ་༼བསྐ་བསྒ་བསྔ་བསྙ་བསྟ་བསྡ་བསྣ་བསྩ།༽བརྒྱད་དུ་མ་གཏོགས་པ། །མགོ་ཅན་ཀུན་ལ་འཕུལ་བ་མེད། །འཕུལ་ཅན་འཇུག་པ་མེད་པ་ནི། །ར་འདོགས་༼དྲ་ཐྲ་ནྲ་མྲ་ཤྲ་སྲ།༽དྲུག་དང་ལ་འདོགས་༼གླ་བླ༽གཉིས། །ཝ་འདོགས་བཅུ་བཞི་༼ཀྭ་ཁྭ་གྭ་ཏྭ་དྭ་ཕ་ཙྭ་ཛྷ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ།༽ར་མགོ་༼རྦ་རྨ༽གཉིས། །ལ་མགོ་བརྒྱད་༼ལྐ་ལྒ་ལྔ་ལྕ་ལྗ་ལྤ་ལྦ་ལྷ།་༽དང་ས་མགོ་༼སྤ་སྦ་སྨ༽གསུམ། །ལོག་པ་༼ཊ་ཋ་ཌ་ཎ་ཥ༽ལྔ་དང་མཐུག་པོ་༼གྷ་བྷ་དྷ་ཛྷྱ་ཌྷྜྷ་༽ལྔར། །འཕུལ་ཅན་འཇུག་པ་མེད་པས་སོ། །ལྷག་ཆད་འཁྲུལ་སྤོང་བསྟན་པ་ལས། །འདོགས་བརྩེགས་དམིགས་བསལ་མདོ་ཙམ་མོ། །རྔ་ཡབ་གེ་སར་སིལ་སྙན་དང་། །ཉིས་ལྡབ་ཉིས་བརྒྱ་ཉིས་སྟོང་དང་། །ཁ་ཅིག་ལྷན་ཅིག་ཐབས་ཅིག་དང་། །ཅིག་ཅར་སོགས་ལ་གས་འཕུལ་ལྷག །དར་གཡབ་གསར་བུ་དྲིལ་གསིལ་དང་། །ལན་གཉིས་བདེན་གཉིས་གཉིས་སུ་མེད། །རོ་གཅིག་རྫས་གཅིག་དོན་གཅིག་དང་། །ཉག་གཅིག་སོགས་ལ་མེད་ན་ཆད། །གསར་པ་ལན་གཅིག་གང་ཡང་རུངས། །ཡུངས་ཀར་ཐལ་ཀར་ལེགས་ཀར་དང་། །པེ་ཀར་སོགས་ལ་དས་འཕུལ་ལྷག །དཀར་ཡོལ་དཀར་ཆག་མདོག་དཀར་དང་། །པད་དཀར་སོགས་ལ་མེད་ན་ཆད། །སྙན་ངག་འཛུམ་དམུལ་གང་ཡང་རུང་། །སུམ་ཅུ་དྲུག་ཅུ་བདུན་ཅུ་དང་། །བརྒྱད་ཅུ་སོགས་ལ་བས་འཕུལ་ལྷག །བཅུ་དང་བཞི་བཅུ་ལྔ་བཅུ་དང་། །དགུ་བཅུ་སོགས་ལ་མེད་ན་ཆད། །ཤིང་བགྲོངས་སྔོ་བསངས་གང་ཡང་རུང་། །སྡེ་མཚན་ལེ་མཚན་དཔེ་མཚན་དང་། །ཚན་གྲ་སོགས་ལ་མས་འཕུལ་ལྷག །མཚན་ཉིད་མཚན་གཞི་མཚན་མ་དང་། །མཚན་དོན་སོགས་ལ་མེད་ན་ཆད། །མཐུན་མོན་མངན་བགྲངས་གང་ཡང་རུང་། །ཁོ་ར་ཁོར་ཡུག་ཁོར་ས་དང་། །ཁོ་བོ་སོགས་ལ་འས་འཕུལ་ལྷག །འཁོར་བ་འཁོར་ལོ་འཁོར་བཞིན་འཁོར། །འཁོར་བཅས་སོགས་ལ་མེད་ན་ཆད། །ཕྲིན་ལས་ཕྲེང་བ་གང་ཡང་རུང་། །ལྷག་ཆད་འཁྲུལ་སྤོང་བསྟན་པ་ལས། །འཕུལ་ཅན་དམིགས་བསལ་མདོ་ཙམ་མོ། །མྱུ་གུ་དུ་གུ་ལུ་གུ་རྒྱུད། །སྨྱི་གུ་སྒྲོ་གུ་སླུ་གུ་དང་། །ཁྱི་གུ་སོགས་ལ་ག་མཐའ་ལྷག །ཚིག་གུ་ཕྲུག་གུ་ལུག་གུ་ཤི། །ལྕུག་གུ་འདག་གུ་མཆིག་གུ་དང་། །ཅོག་གུར་སོགས་ལ་མེད་ན་ཆད། །སླ་ང་སྒོ་ང་ཡ་ང་བ། །རུ་ང་སོགས་ལ་ང་མཐའ་ལྷག །ཀྲང་ངེ་སིང་ངེ་ལྷང་ངེ་བ། །ཕྱང་ངེ་སོགས་ལ་མེད་ན་ཆད། །ཡི་དམ་ཡི་རང་ཡི་དྭགས་དང་། །ཡི་ཆད་སོགས་ལ་ད་མཐའ་ལྷག །ཡིད་ཅན་ཡིད་འོང་ཡིད་ཆེས་པ། །ཡིད་བཞིན་སོགས་ལ་མེད་ན་ཆད། །སེ་མོ་དོ་དང་བྱ་སྲེ་མ། །གཞན་དྲིང་སོགས་ལ་ན་མཐའ་ལྷག །ཞབས་སེན་རྒྱལ་བསེན་སྲན་མ་དང་། །དྲི་ལན་སོགས་ལ་མེད་ན་ཆད། །ན་བཟའ་སྲ་བརྐྱངས་ལྷ་བསངས་དང་། །གདུ་བུ་སོགས་ལ་བ་མཐའ་ལྷག །ནབ་ནུར་སྲབ་ཐག་ལྷབ་ལྷུབ་དང་། །ཕྱག་གདུབ་སོགས་ལ་མེད་ན་ཆད། །ཁ་མཆུ་ར་མདའ་ཡ་མཚན་དང་། །རྒྱ་མཚོ་སོགས་ལ་མ་མཐའ་ལྷག །ཁམ་བུ་བུ་རམ་ཡམ་ཤིང་དང་། །རྒྱམ་ཚྭ་སོགས་ལ་མེད་ན་ཆད། །བརྩེགས་འདོགས་ཅན་ལ་འ་མཐའ་ལྷག །རྐྱང་འཕུལ་རྣམས་ལ་མེད་ན་ཆད། །ང་རྒྱལ་རྡོ་རྗེ་བྱ་རྒོད་དང་། །མདོ་རྒྱུད་སོགས་ལ་ར་མཐའ་ལྷག །ངར་འཛིན་རྡོར་དྲིལ་བྱར་མེད་དང་། །མདོར་བསྡུས་སོགས་ལ་མེད་ན་ཆད། །སྙུན་གྱི་གསོས་སྨན་ཐིག་ལེ་དང་། །བྱི་ལ་སོགས་ལ་ལ་མཐའ་ལྷག །གསོལ་བ་བཞེས་དང་བྱ་ཐིལ་དང་། །བྱིལ་བྱིལ་སོགས་ལ་མེད་ན་ཆད། །ཉམ་ཆུང་ཉམ་ཐག་ཉམ་ང་བ། །རྣམ་རྟོག་རྟོག་དཔྱོད་རྟོག་གེ་བ། །ལོ་ཏོག་སོགས་ལ་ས་མཐའ་ལྷག །ཉམས་མྱོང་ཉམས་ཆག་ཉམས་ཉེ་བ། །སྤངས་རྟོགས་རྟོགས་པ་ཐུགས་ལ་རྟོགས། །རྟོགས་གྲོལ་སོགས་ལ་མེད་ན་ཆད། །དྲི་བཟངས་རྒྱུད་མངས་གོ་རིམས་དང་། །འཁོར་ལོས་བསྒྱུར་སོགས་གང་ཡང་རུང་། །ལྷག་ཆད་འཁྲུལ་སྤོང་བསྟན་པ་ལས། །མཐའ་རྟེན་དམིགས་བསལ་མདོ་ཙམ་མོ། །ཀླད་ཀོར་སྟོད་ཀོར་གདུབ་ཀོར་དང་། །པད་ཀོར་ཐེན་ཀོར་འོད་ཀོར་དང་། །ཉེན་ཀོར་སོགས་ལ་ས་མགོ་ལྷག །ཚིག་སྐོར་དོན་སྐོར་སྒྲུབ་སྐོར་དང་། །ཞབས་སྐོར་སོགས་ལ་མེད་ན་ཆད། །ཕྱུགས་བདའ་བདའ་གླ་དོས་སོགས་བདའ། །རོ་བདའ་སོགས་ལ་ར་མགོ་ལྷག །བརྡ་དོན་བརྡ་སྤྲོད་གོ་བྱེད་བརྡ། །བརྡ་བཤད་སོགས་ལ་མེད་ན་ཆད། །གདང་ཤིང་གདང་སྒྲིག་གདང་ལ་གཟར། །སྐས་གདང་སོགས་ལ་ལ་མགོ་ལྷག །ཟས་ལྡང་དྲི་ལྡང་སྟན་ལས་ལྡང་། །ལྡང་ཚད་སོགས་ལ་མེད་ན་ཆད། །མིག་ལོང་པ་ལ་མདོངས་དང་ལྡོང་། །བྱ་ཡི་སྐྱུང་ཀར་ལྕུང་ཀ་དང་། །སྐྲག་པ་དངས་དང་སྡངས་པ་དང་། །རྒྱབ་རྟེན་གཉེས་དང་སྙེས་པ་དང་། །གང་བར་གཏམས་དང་བལྟམས་པ་རྣམས། །སྔོན་བྱུང་མཁས་པའི་བསྟན་བཅོས་ལས། །གང་ཡང་རུང་བ་ཉིད་དུ་གསུངས། །ལྷག་ཆད་འཁྲུལ་སྤོང་བསྟན་པ་ལས། །མགོ་ཅན་དམིགས་བསལ་མདོ་ཙམ་མོ། །གཞན་ཡང་མཐའ་མེད་ཚིག་སྡུད་སྐབས། །འོག་མའི་ནུས་པ་འདྲེན་དགོས་ཏེ། །ཅི་ཡང་ཤེས་ལ་ཅང་ཤེས་པ། །ཅི་ནས་ཀྱང་ལ་ཅིས་ཀྱང་དང་། །ཕན་ཚུན་ཚོགས་ལ་ཕུན་ཚོགས་དང་། །ཤཱཀྱ་ཐུབ་པ་ཤཱཀ་ཐུབ་དང་། །མྱ་ངན་འདས་ལ་མྱང་འདས་དང་། །ཕ་རོལ་ཕྱིན་ལ་ཕར་ཕྱིན་དང་། །ཚུ་རོལ་མཐོང་ལ་ཚུར་མཐོང་དང་། །ཤེས་རབ་སྙིང་པོར་ཤེར་སྙིང་དང་། །བདེ་བར་བཀོད་ལ་བདེར་བཀོད་དང་། །ཉེ་བར་སྤྱོད་ལ་ཉེར་སྤྱོད་དང་། །ཆོས་མ་ཡིན་ལ་ཆོས་མིན་དང་། །སྨྲེ་ངག་གསོལ་ལ་སྨྲེ་གསོལ་དང་། །རྡོ་རྗེ་འཛིན་པར་རྡོར་འཛིན་དང་། །རྡོ་རྗེ་དྲིལ་བུར་རྡོར་དྲིལ་དང་། །ཕྱག་གི་གདུ་བུར་ཕྱག་གདུབ་དང་། །སླད་མར་ལ་ཡང་སླར་ཡང་དང་། །ཡི་གེ་བསྐུར་ལ་ཡིག་སྐུར་དང་། །ཤོ་གུ་ལ་ནི་སྤར་ཤོག་དང་། །སྨྱུ་གུ་ལ་ནི་སྨྱུག་བྲིས་དང་། །དེ་ལྟ་བུར་ལ་དེ་ལྟར་སོགས། །རིགས་པས་དཔྱད་དེ་རྟོགས་པར་གྱིས། །ལྷག་ཆད་འཁྲུལ་སྤོང་བསྟན་པ་ལས། །ཚིག་སྡུད་དམིགས་བསལ་མདོ་ཙམ་མོ། །གཞན་ཡང་ཚེག་དང་བར་ཤད་ཀྱི། །ཐོབ་སྟངས་དབྱེ་བ་ཚིག་ལྷུག་པའི། །དོན་མང་བགྲང་བའི་མིང་མཚམས་དང་། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །ཚིག་ལྷུག་སླར་བསྡུའི་མཐའ་ཅན་དང་། །ཚིགས་བཅད་རྐང་མཐར་གཉིས་ཤད་བྱ། །སྡེ་ཚན་ཆེན་པོ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་འཐོབ། །འོ་འུ་འམ་གྱི་ཚེག་བར་རྣམས། །རྐང་པ་སྐོང་མི་སྐོང་གིས་ཕྱེ། །ང་ཡི་ཤད་གོང་ཕྱི་ཚེག་དང་། །ཟུར་ཤད་སོགས་ལའང་དཔྱད་དགོས་སོ། །ལྷག་ཆད་འཁྲུལ་སྤོང་བསྟན་པ་ལས། །ཤད་ཐོབ་དམིགས་བསལ་མདོ་ཙམ་མོ། །ཡིག་གཟུགས་ལེགས་ཤིང་མགྱོགས་པ་དང་། །ལྷག་ཆད་མེད་ཅིང་དག་པ་སྟེ། །ལེགས་མགྱོགས་དག་གསུམ་ཚང་གྱུར་ན། །དེ་ལ་མཁས་པའི་གྲགས་པ་འཐོབ། །ཞེས་བརྡ་དག་འཕྲུལ་གྱི་ལྡེ་མིག་ལས། །ལྷག་ཆད་འཁྲུལ་སྤོང་བཤད་པ་སྟེ་རབ་དབྱེ་བཞི་པའོ།།  །།

ལྔ་པ་གསར་རྙིང་བརྡ་ཁྱད་ལ། །བརྡ་གཉིས་ཤན་སྦྱར་བསྟན་པ་དང་། །ཞེ་སའི་བརྡ་དང་སོར་བཞག་སྒྲ། །རྩོད་སྤོང་རྣམས་ནི་རིམ་པས་བསྟན། །དཀོན་མཆོག་རིན་ཆེན་བྲག་ཆ་ལ། །དཀོན་ཅོག་རིན་ཅེན་བྲག་ཅ་དང་། །སྟེང་འོག་སྟོད་སྨད་གཙུག་ཏོར་ལ། །བླ་འོག་བླ་མཐར་སྤྱི་ཏོར་དང་། །གང་ཟག་ཡུལ་དུ་འགྲོ་བ་ལ། །ཆེ་གེ་ག་གེར་བགོམས་པ་དང་། །ཉམ་ཐག་ངལ་གསོ་བསམ་པ་ལ། །དཀོས་ཐག་བསྟི་བ་བརྣག་པ་དང་། །རྟག་ཏུ་གཡུང་དྲུང་བདེ་བ་ལ། །ནམ་གཞར་གཞའ་གསང་རངས་པ་དང་། །སྟོང་ཉིད་མཉམ་ཉིད་བཤད་པ་ལ། །ཡེ་འཇམ་ཕྱམ་ཆད་བསྙད་པ་དང་། །འདི་ནི་ཤིན་ཏུ་ཁྲོ་བ་ལ། །འདི་ཀོ་ཏེ་པོར་བཀོན་པ་དང་། །ངེས་པར་མནར་མེད་འགྲོ་བ་ལ། །ཡོང་ཡེ་བསྟིར་མེད་འཕྱི་པ་དང་། །འོན་ཀྱང་མ་རྟགས་བཞད་གད་ལ། །འོན་ཏང་གྱ་ཚོམ་ག་ཞར་དང་། །སྤོས་དང་སྤོས་ཕོར་སྤོས་དཀར་ལ། །པོག་དང་པོག་ཕོར་པོག་ཀར་དང་། །རྐང་པ་ལག་པ་མཐའ་དག་ལ། །ཡུག་པ་སུག་པ་བས་པ་དང་། །ཟས་ལ་སྲེད་པ་ཉོན་མོངས་ལ། །ཉོད་པར་བརྐམས་པ་སྙོན་མོངས་དང་། །ཁང་པའི་ཞལ་བ་ཟག་པ་དང་། །སྡུམ་པའི་སྐྱང་ནུལ་གཟགས་པ་དང་། །རྒྱུན་དུ་བཟང་པོ་བསྟབ་པ་ལ། །ཕྱད་པ་བསོད་པ་བྲིམས་པ་དང་། །གློ་བུར་གོ་ཆ་གྱོན་པ་ལ། །བརྟད་པར་ཡ་ལད་བགོ་བ་དང་། །ཡང་ན་ཟུར་དུ་རྟོགས་པ་ལ། །ཉིས་ན་སྣམ་ལོགས་ཆུབ་པ་དང་། །དལ་བུས་འདུས་དང་ལྡིང་བ་ལ། །ཁད་ཀྱིས་རུབ་དང་འཕྱོ་བ་དང་། །མདའ་གཞུ་ཐེ་ཚོམ་མེད་པ་ལ། །ཉག་ཕྲན་གནམ་རུ་གོར་མ་ཆག །མྱ་ངན་འཇིགས་དང་སྡུག་བསྔལ་ལ། །བྱུར་དང་བསྙེངས་དང་དུཿཁ་དང་། །ཟབ་པའི་གཏམ་ལ་ཟུར་ཟ་ལ། །སྒམ་པོའི་མོལ་བར་བཞུར་རྟགས་དང་། །མནའ་དང་ལྟོགས་པ་ན་བ་ལ། །བྲོ་དང་བྲུ་ཚ་བྲོ་འཚལ་བ། །གཏན་མེད་མཐར་ཐུག་ཐག་བཅད་པར། །རྨེག་མེད་མུར་ཐུག་ལ་བཟླ་བ། །མ་ཞུས་འཁྲུགས་ལོང་བཙོན་རྭ་ལ། །མ་བཟླུགས་སྐྱོ་སྔོགས་ཕྱག་སྦས་དང་། །བུ་དང་སྐྱེལ་མ་གཏོང་བ་ལ། །སྤད་དང་བསེལ་བ་བགེད་པ་དང་། །སྨད་ཚོང་ཟུར་མིག་འོ་བྱེད་པར། །འཇུད་མཐུན་གཞོགས་སྟེགས་ཙུམ་པ་དང་། །མདུན་དུ་ཚིག་རྩུབ་བསྡིགས་པ་ལ། །ལྟོ་ལོགས་ཚིག་བརླང་སྤྱོས་པ་དང་། །ཕྱི་རོལ་མུན་པས་བསྒྲིབ་པ་ལ། །སླད་རོལ་སྨག་གིས་བསྲིབ་པ་དང་། །གཙོ་བོའི་ཉེ་འཁོར་མི་ཞུམ་པར། །སྣ་བོའི་ཐེན་ཀོར་མི་འགོང་དང་། །འགྱུར་མེད་བསླུ་བ་མ་ལེགས་པར། །ཐེར་ཟུག་འདྲིད་པ་མ་སྟེས་དང་། །གྲོགས་པོ་མ་དུལ་བསྐུལ་འདེབས་ལ། །སྨོན་འདྲིན་མ་དྲངས་གཞེན་བསྐུལ་དང་། །ལྗོངས་སུ་སྔར་བཞིན་མྱུར་བ་ལ། །གཞོངས་སུ་སྔ་མཁ་ོསྐྱེན་པ་དང་། མིང་པོ་ཤོ་འབག་གནང་བ་ལ། །དྲལ་པོ་ཆོ་ལོ་ཟླུགས་པ་དང་། །བླུན་པོ་གཡོ་སྒྱུ་སྤྲང་འཁྱམས་པར། །རྨུན་པོ་སྐྱོར་འབྱིན་འཕྱན་པ་དང་། །འབྲས་བུ་དཔེ་མེད་དཔངས་མཐོ་བར། །ཚིག་གུ་འོལ་མེད་མོད་མི་དམའ། །རྡོ་བ་བརྡེག་པས་ཤི་བ་ལ། །གོར་མ་འཚོགས་པས་འགུམས་པ་དང་། །འ་ཅག་གྲུ་རྩེ་ཟེར་བ་ལ། །འུ་བུ་པར་ཏང་འཛེར་བ་དང་། །ལོང་བས་ལོང་ཁྲིད་ཁས་ལེན་པར། །ལྡོང་པའི་དམིགས་བུ་ཁས་འཆེ་དང་། །སྡོང་བུ་ཅི་ཡོད་སྙིང་པོ་མེད། །གལ་པ་ཅི་ཆོག་ཡ་མ་བརླ། །རྩ་བ་ཐམས་ཅད་གླེང་བ་ལ། །ཕྱིར་མོ་རིལ་པུ་བགྲོ་བ་དང་། །གཅིག་ཏུ་ཉིན་ཟེར་ཐིགས་པ་ལ། །གཉིག་ཏུ་གཉི་གཟེར་གཏིགས་པ་དང་། །དྭངས་པ་སྔངས་པ་འགྲན་པ་ལ། །བགྲུངས་པ་སྤ་བཀོང་བསྒྲུན་པ་དང་། །གཡའ་སྒོག་པ་དང་བརྒྱལ་བ་ལ། །ག་ག་ཚིག་དང་འཁམས་པ་དང་། །ཡང་ཡང་འཁྲུས་བྱེད་ལག་བཀྲུས་པར། །སྐྱོར་སྐྱར་ཉེ་རེག་བསྙལ་བ་དང་། །བསླབ་བྱ་མི་ཉན་ཁས་མི་ལེན། །བསྒོ་བ་སྣར་གཟོན་གནོང་མི་བཀུར། །རྐྱང་པ་རིམ་གྱིས་ཁེབས་པ་ལ། །རེང་བུ་མཐར་གྱིས་ཡོག་པ་དང་། །དམག་སྒར་ཁྲིམས་བསྒྲགས་སྒྲ་ཆེ་བར། །ཕྲུ་མར་བཀའ་བཏགས་གཡེར་པོ་ཆེ། །ཐོར་ཅོག་སྒོམ་ཐག་ཅ་ཅོ་ལ། །དོ་ཀེར་པུས་འཁྱུད་ཀླག་ཅོ་དང་། །བརྔན་འབུལ་ལུང་བསྟན་ལས་ལ་བསྐོ། །གསུག་འབུལ་ཤེ་མོ་ལ་གི་བླ། །དཔྲལ་ཐེར་མདོག་བཟང་སྐུ་ཁམས་བཟང་། །སྤྱི་ཅེར་འཚག་བཟང་གཡར་ཁམས་བཟང་། །དམ་བཅའ་ཁ་ཁྲལ་ཟིན་བྲིས་ལ། །གཡར་དམ་གཡར་ཁྲལ་རེག་ཟིག་དང་། །མུ་སྟེགས་བདག་བསྟོད་ངོམས་པ་ལ། །མུར་འདུག་སྤྱོམས་པ་ལ་སོགས་པ། །གཞུང་ལུགས་ལྟ་བའི་མིག་ལྟ་བུ། །ཡིན་ཕྱིར་ལོགས་སུ་བཀར་ཏེ་བཤད། །མཐའ་དག་ཡི་གེའི་ལས་སུ་ཆེ། །སྔོན་གྱི་བརྡ་དག་རྣམས་སུ་ལྟོས། །གསར་རྙིང་བརྡ་ཁྱད་བསྟན་པ་ལས། །བརྡ་གཉིས་ཤན་སྦྱར་མདོ་ཙམ་མོ། །གཞན་ཡང་བརྡ་རྙིང་མ་ཡིན་པའི། །ཞེ་སའི་བརྡ་ཡང་མང་དུ་ཡོད། །ས་ལ་དགེ་མ་གནམ་ལ་དགུང་། །མེ་ལ་ཞུགས་དང་རླུང་བསེར་བུ། །ཆར་ལ་གྲུ་ཆར་ཆུ་ལ་ཆབ། །ལྡུམ་རྭར་སྐྱེད་ཚལ་ཤིང་ལ་ལྗོན། །བཏུང་བར་སྐྱེམས་དང་ཟ་བར་འཚལ། །གྱོན་པར་བསྐོན་དང་བྱོན་པར་བསྐྱོད། །བཞུགས་ལ་གཞེས་པ་འགྲོ་བར་འཆག །བརྗེད་པར་བསྙེལ་བ་བདེན་པར་གཤའ། །བདེ་ལ་སིམ་པ་འདོད་པར་བཞེད། །ནད་ལ་བསྙུང་གཞི་ན་བར་སྙུན། །སྤུན་ལ་སྐུ་མཆེད་གྲོགས་ལ་བཤེས། །ཞོན་པར་བསྐྱོན་པ་བསྐྱེད་པར་བསྐྲུན། །ཞལ་ལ་གསེར་ཞལ་ངོར་བཞིན་རས། །ཡོད་པར་གདའ་དང་ཡིན་པ་དབའ། །འགྲམ་ལ་དྲུང་དང་རྣར་གསེར་སྙན། །སྡུག་ལ་འོ་བརྒྱལ་བཀྲེས་པར་སྨྱུང་། །ཤི་བར་གྲོངས་པ་བསད་པར་བཀྲོངས། །སྲིད་ལ་ཆབ་སྲིད་སྒོར་ཆབ་སྒོ། །རྒྱལ་བཙུན་ལྷ་དང་ལྷ་ལྕམ་སོགས། །ཞེ་ས་གཞན་རྣམས་གོ་སླའོ། །གསར་རྙིང་བརྡ་ཁྱད་བསྟན་པ་ལས། །ཞེ་སའི་བརྡ་ཆད་མདོ་ཙམ་མོ། །གཞན་ཡང་ལེགས་སྦྱར་སྐད་འགའ་ཞིག །ཐད་སོགས་བཞག་པའང་མང་དུ་ཡོད། །ཀ་མ་ལ་དང་ཀ་ཤི་ཀ །ཙམ་པ་ཀ་དང་མ་ལི་ཀ །ཀིང་ཤུ་ཀ་དང་ཀ་དམ་པ། །ཀུ་མུ་ཏ་དང་ཀ་མ་ཏ། །ཀེ་ལ་ཤ་དང་ཀེ་ཏ་ཀ །ཀ་ཀུ་བྷ་ཡ་ཀ་ཀོ་ལ། །ཀ་ལཱ་པ་དང་ཀལ་པ་དང་། །ཀ་ལན་ཏ་ཀ་ཀ་ལིང་ཀ །ཀར་ཤ་པ་ན་མ་ཥ་ཀ །ཀཱ་ཏྱཱ་ཡ་ན་ཀཽ་ཌི་ནྱ། །པུན་ཌ་རཱི་ཀ་ཀོའུ་ཤི་ཀ །མཽངྒལ་ཤཱ་ར་རྭ་ཏི་དང་། །ཤམ་བྷ་ལ་དང་ཀོའུ་ཤམ་བྷི། །དུ་རུ་ཀ་དང་ཨ་ཀ་རུ། །ནེ་རཉ་ཛ་དང་ཨོ་རན་ཏྲ། །པཎ་ཌི་ཏ་དང་པོ་ཏ་ལ། །ག་བུར་གུ་གུལ་གུར་གུམ་དང་། །ཨིན་ཌ་ནཱི་ལ་བཻཌཱུ་རྻ། །གངྒཱ་སིན་དྷུ་པག་ཤུ་དང་། །སི་ཏ་ན་ག་ཀེ་ཀེ་རུ། །ཀྲིཤ་ན་ས་ར་ཨེ་ནྱ་ཡ། །ནྱ་གྲོ་དྷ་དང་པ་ལ་ཤ། །མན་ད་ར་དང་ཙན་དན་དང་། །ཨུ་དུམ་ཝ་ར་ཨུཏྤལ་དང་། །ཨ་ཀྲོང་ལ་སོགས་ལེགས་སྦྱར་སྐད། །མ་བཅོས་ཐད་སོགས་བཞག་པའོ། །གསར་རྙིང་བརྡ་ཁྱད་བསྟན་པ་ལས། །སོར་བཞག་སྒྲ་ཡང་མདོ་ཙམ་མོ། །


༼བསྟན་བཅོས་འདི་ལེ་ཚན་ལྔར་བསྟན་ཀྱང་ཕལ་ཆེར་སྐྱར་ཟློས་ཀྱི་སྐྱོན་དུ་འགྱུར་བས་ཡང་དག་པ་མ་ཡིན་ནོ་ཞེ་ན།༽ དེ་ལྟར་གོང་དུ་བསྟན་རྣམས་ལ། །འགའ་ཞིག་སྐྱར་ཟློས་ལྟར་སྣང་ཡང་། །དེ་དག་ལེ་ཚན་སོ་སོ་རུ། །ངེས་བཟུང་བརྗོད་པས་འགལ་བ་མེད། །༼ལེ་ཚན་ཐ་དད་ཀྱང་བསྟན་བཅོས་ཀྱི་དུམ་བུ་གཅིག་ཏུ་གཏོགས་པས་སོ་ཞེ་ན།༽ གལ་ཏེ་ངེས་བཟུང་བརྗོད་པ་འདིས། །ཡང་དག་ཉིད་དུ་མི་འགྱུར་ན། །ཚད་ལྡན་མཁས་པའི་བསྟན་བཅོས་འགའ། །ཡང་དག་མིན་པར་ཉིད་དུ་འགྱུར། །༼མཁས་པའི་བསྟན་བཅོས་ལ་སྐྱར་བ་ཡོད་དམ་ཞེ་ན།༽ དེ་ཡི་ཤེས་བྱེད་སྙན་ངག་ལས། །རྗེས་སུ་བརྩེ་སོགས་ཁྱད་པར་ལས། །གལ་ཏེ་འགའ་ཞིག་བརྗོད་འདོད་ན། །ཡང་བརྗོད་ལ་ཡང་སྐྱོན་མེད་དེ། །འདི་ནི་རྒྱན་དུ་རིགས་པ་ཡིན། །ཞེས་གསུངས་དེ་བཞིན་འདི་ལ་ཡང་། །དང་པོའི་ལས་ཅན་རྣམས་ལ་ནི། །བརྩེ་ཕྱིར་ཡང་བརྗོད་མ་བཤད་ན། །འགའ་ཞིག་མིང་ཚིག་གཅིག་གིས་ཀྱང་། །༼རྣམ་པ། རྣམ་ཀུན། རྣམ་གྲོལ། རྣམ་རིག རྣམ་དག རྣམ་དཀར། རྣམ་དཔྱོད་ལྟ་བུ།༽དོན་ཚན་མང་པོ་འཇུག་པ་དང་། །འགའ་ཞིག་ཚིག་ཚོགས་མང་པོས་ཀྱང་། །དོན་༼བརྐམས་པ། འཁྲེན་པ། བརྔམས་པ། འཆུམས་པ། སྲེད་པ། ཞེན་པ། ཆགས་པ་ལྟ་བུ་༽གཅིག་ཉིད་ལས་མི་འཇུག་པས། །གཅིག་དང་དུ་མར་མ་ངེས་པའི། །ཚུལ་འདི་ཡང་དག་མ་ཤེས་ན། །མཁས་པའི་བགྱི་བ་རྣམ་གསུམ་ལ། །ནམ་ཡང་དབང་བ་མི་འགྱུར་རོ། །གསར་རྙིང་བརྡ་ཁྱད་བསྟན་པ་ལས། །ཀླན་ཀའི་རྩོད་སྤོང་མདོ་ཙམ་མོ། །ཐ་སྙད་བརྡ་ཡི་ཐེམ་སྐས་ལ། །བརྟེན་ནས་མཁས་པའི་ཁང་བཟང་དུ། །གཞུང་ལུགས་སྒོ་འཕར་འབྱེད་འདོད་རྣམས། །འཕྲུལ་ཐབས་ལྡེ་མིག་འདི་འཆང་ན། །ཟབ་དོན་མཛོད་ལ་དབང་བསྒྱུར་ནས། །རྣམ་མཁྱེན་རིན་ཆེན་མཆོག་བསྙེས་འགྱུར། །དེས་ན་ཐར་འདོད་བློ་ཅན་རྣམས། །འདི་ལ་བརྩོན་པ་མཛོད་ཅིག་གུ། །ཞེས་བརྡ་དག་འཕྲུལ་གྱི་ལྡེ་མིག་ལས། །གསར་རྙིང་བརྡ་ཡི་ཁྱད་པར་བཤད་པ་སྟེ་རབ་དབྱེ་ལྔ་པ་རྫོགས་སོ།།  །།

སླར་སྨས་པ། བརྡ་དག་བསྟན་བཅོས་རྒྱ་མཚོ་བསྲུབས་པའི་སྐྱེས། །བརྗོད་བྱ་གཙུག་ལག་ཆ་ཤས་གང་བ་ལ། །རྗོད་བྱེད་རི་དྭགས་རྣམ་བཀྲའི་འོད་བཀྱེས་ནས། །བློ་ལྡན་དཔལ་མགྲིན་ཅན་ཚོའི་རྒྱན་དུ་སྦྱིན། །ལེགས་བཤད་བདེ་འབྱུང་རྒྱན་འདིས་དྲེགས་ཅན་གྱི། །པདྨོ་ཟུམ་ཡང་གཟུར་གནས་ཀུ་མུད་རྒོད། །ལས་ཅན་བློ་ཡི་ཆུ་གཏེར་སྤེལ་ལོ་ཞེས། །ཤེས་ལྡན་གོས་སྔོན་ཅན་རྣམས་ཅ་ཅོ་སྒྲོག །དེ་ལྟ་ན་ཡང་སྙིགས་མའི་རུམ་ནང་དུ། །མི་བསྲུན་དུག་སྦྲུལ་གདུག་པའི་ཁ་རླངས་ཀྱིས། །སྒྲོན་མེ་སྣང་བ་བསལ་ཡང་འོད་མི་འབྱིན། །རང་ལྟོས་སྐྱེ་བོ་འགའ་ལ་སྨན་སྲིད་ན། །འདི་ཡི་དགེ་བ་རིན་ཆེན་གསེར་ཐུར་གྱིས། །དང་པོའི་ལས་ཅན་རྣམས་ཀྱི་བློ་ཡི་མིག །ལེགས་པར་སྦྱངས་པས་ཆོས་ཀྱི་མིག་འཐོབ་སྟེ། །ནང་གི་དེ་ཉིད་མཐོང་བའི་རྒྱུར་གྱུར་ཅིག།  །།

ཅེས་བརྡ་དག་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་འདི་ཡང་ཁོ་བོར་ཡིད་རྟོན་གྱི་བློ་ཅན་ཨོ་རྒྱན་བློ་གྲོས་རྒྱལ་མཚན་གྱི་ངོར་དུས་ཞབས་ཀྱི་ཆོས་སྨྲ་བ་ཤཱཀྱའི་བཙུན་པ་དགེ་འདུན་རིན་ཆེན་པས་ཆུ་ཕོ་སྟག་གི་ས་ཟླའི་ཡར་ཚེས་དགེ་བར་སྟག་ཚང་འོད་གསལ་སྒང་གི་བསྟི་གནས་སུ་སྦྱར་བ་དང་། སླར་ཡང་ཆུ་མོ་ཡོས་ལོའི་མཆུ་ཟླར་དོན་གཉེར་ཅན་འགའ་ལ་འཆད་སྐབས་ཕྲི་བསྣན་གྱིས་ཞུས་དག་མཐར་ཆགས་སུ་བགྱིས་པ་འདིས་ཀྱང་བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིག། །།

༈ སོ་སོ་རིག་བཞིའི་གནམ་རུ་མ་ཐོབ་བར། །ཐ་སྙད་ཚིག་བརྡས་ཤེས་བྱ་འཛིན་མའི་མཐའ། །མི་མངོན་ཕྱིར་ན་ཡང་དག་འགྱུར་དཀའ་ཡང་། །འདི་ལ་དད་གསུམ་ཚང་བའི་ཚེ་དཔལ་ནས། །ཡོན་སྦྱོར་ལྷག་བསམ་ཉི་འོད་ཀྱིས་བསུས་པས། །འགྲིགས་མཁས་ཚེ་རིང་ལག་པའི་པདྨོ་ཡིས། །རིས་མེད་བསྟན་ལ་སྲི་ཞུ་ལྷུར་ལེན་པའི། །དྲི་བསུང་ངོམ་བྱེད་དཔར་གྱི་འདབ་མ་ཡིས། །བློ་གསར་བུང་བའི་ཚོགས་རྣམས་མགྲོན་ཁུག་སྟེ། །སློབ་སྦྱངས་རྩེ་དགའི་འཕུར་ལྡིང་ལ་བརྩེན་པས། །ཡོན་ཏན་ལུས་རྩལ་བརྟས་ཏེ་ལུགས་གཉིས་ཀྱི། །བསྟན་པའི་བར་སྣང་གང་བས་མཛེས་ཤོག།  །།ཅེས་དཔར་བྱང་སྨོན་ཚིག་ཏུ་དགེ་རིན་པས་སོ།།


Post a Comment

0 Comments