གསར་པ།

6/recent/ticker-posts

ཐ་སྙད་བརྡ་དག་གི་བསྟན་བཅོས་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བའི་འབྲུ་འགྲེལ་བྱིས་པའི་འཇུག་ངོགས།

༄༅། །ཐ་སྙད་བརྡ་དག་གི་བསྟན་བཅོས་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བའི་འབྲུ་འགྲེལ་བྱིས་པའི་འཇུག་ངོགས་བཞུགས་སོ། །

ཐ་སྙད་བརྡ་དག་གི་བསྟན་བཅོས་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བའི་འབྲུ་འགྲེལ་བྱིས་པའི་འཇུག་ངོགས།



༄༅། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །བྱིས་པ་རྣམས་ལ་ཕན་པའི་ཕྱིར། །ཐ་སྙད་བརྡ་དག་བསྟན་བཅོས་ཀྱི། །ཚིག་འགྲེལ་ཅུང་ཟད་གསལ་བར་བྱ། །ཞེས་མཆོད་པར་བརྗོད་པའི་སྲི་ཞུའི་མེ་ཏོག་སྔོན་དུ་འཐོར་ནས་གང་ཞིག་བཤད་པར་བྱ་བར་ནི། །མཁས་མཆོག་དྷརྨ་ཀཱ་རའི་ཞལ་ནས། །གྲགས་པའི་གཏེར་གྱུར་ཡོན་ཏན་བྱེ་བའི་མཛོད། །མཁས་པའི་ཁང་བཟང་རྩེ་མོར་འཛེག་འདོད་ན། །བརྡ་དང་ཐ་སྙད་རྣམ་པར་སྦྱོར་བ་ཡི། །འཛེག་སྐས་འདི་ལ་མི་བརྟེན་ཐབས་གཞན་ཅི། །ཞེས་གསུངས་པ་ལྟར། མཁས་པར་འདོད་པའི་གང་ཟག་དག་གིས་ཐ་སྙད་བརྡ་དག་གི་བསྟན་བཅོས་རྣམས་ལ་བསླབ་པར་བྱ་དགོས་པ་ལས། སྐབས་འདིར་བརྡ་དག་གི་བསྟན་བཅོས་རྒྱ་མཚོ་ལྟ་བུ་རྣམས་ཀྱི་ཡང་བཅུད་བདུད་རྩིའི་ཉིང་ཁུ་ལྟ་བུ་ནི་ད་ལྟའི་འཕྲུལ་གྱི་ལྡེ་མིག་འདི་ཡིན་པས། ཤེས་ལྡན་རྣམས་ཀྱིས་འདི་ལ་བརྩོན་པར་བྱའོ་ཞེས་གདམས་པའོ། །

འོ་ན་འདི་རྩོམ་པ་པོ་གང་། ལུང་གང་ནས་བཏུས། ཕྱོགས་གང་དུ་གཏོགས། དགོས་ཆེད་སུ་ཞིག་གི་ཆེད་དུ་བརྩམས། དབུ་ཞབས་ཀྱི་དོན་གང་ཞིག་སྟོན་ཅེས་འདྲིའོ། །དེ་ལ་རྩོམ་པ་པོ་ནི།

ཐ་སྙད་གཞུང་ལུགས་ཕལ་མོ་ཆེ་ཐོས་པའི་བློ་ཅན་མངོན་ཆུང་སྤྲང་པོའི་ངང་ཚུལ་ཅན་གྱི་བཙུན་པ་དགེ་རིན་དུ་འབོད་པའི་འདུ་ཤེས་གསུམ་པ་དེས་སོ། །

Post a Comment

0 Comments