ཕྱགས་སྙིགས་འཛིན་སྐྱོང་ཐབས་ལམ་འདི་གིས་ཁེ་ཕན་ལས་གནོད་པ་མི་ཆེ་ག་ ?
དེའང་ཕྱགས་སྙིགས་འཛིན་སྐྱོང་འཐབ་ཐངས་འདི་ལུ་མནོ་བསམ་ཅིག་གཏང་པ་ཅིན། ང་བཅས་མི་སྡེ་ནང་ལུ་རང་སོའི་རེ་འདོད་བཟུམ་སྦེ་འཚོ་བའི་མཐུན་རྐྱེན་ལོངས་སུ་སྤྱད་མི་འདི་ནང་། ཕྱིའི་མཐའ་བསྐོར་བཙོག་པ་དང་། རང་བཞིན་གནས་སྟངས་ལུ་གནོད་མི་གནོད་ཀྱི་བསམ་བློ་མ་པ་ལས་མ་བཏང་བར་ཕྱགས་སྙིགས་ཀྱི་རིགས། གྱིབ་ཤོག་དང་། ཤེལ་དམ་དང་། ལྕགས་ཀྱི་རིགས་ལ་སོགས་པ་མངས་རབས་ཤིག་བཟོས་དང་བཟོ་བཞིན་པ་འདུག ད་རེས་ཁམས་ཅིག་ཁར་ཁོར་ཡུག་ཞིབ་འཇུག་པ་ཚུ་གི་དབྱེ་ཞིབ་ལུ་ལྟ་བ་ཅིན། མི་རེ་རེ་བཞིན་གྱི་ལོ་གཅིག་གི་ནང་ཕྱགས་སྙིགས་ཏྲོན་ (tone) གཅིག་དང་ཕྱེད་ཀ་ལྷག་བཟོ་དོ་ཡོད་པའི་གནས་ཚུལ་ཚུ་གོ་ནི་འདུག
ང་བཅས་ཀྱིས་ཕྱགས་སྙིགས་ས་འོག་ལུ་བཙུགསཔ་ལས་ས་བཅུད་ཉམས་ཏེ་ལོ་ཐོག་ལེགས་ཤོམ་འབད་མི་སྐྱེས་ནི་དང་ས་བཅུད་དེ་གིས་ཁྱབ་པའི་ས་ཁོངས་སུ་རྩི་ཤིང་གི་རིགས་ཚུ་སྐམ་འགྱོ་ནི་དང་ས་རུད་ཆད་ནི་ལ་སོགས་པའི་སྒོ་ལས་རང་བཞིན་གནས་སྟངས་ལུ་གནོད་དོ་ཡོདཔ་དང་། དེ་བཟུམ་འབད་ཆུའི་རྒྱུན་ཆད་པ་དང་བཙོག་པ་ཅན་དུ་བྱུང་སྟེ་སྐྱེ་དངོས་ག་ར་ལུ་གནོད་པ་སྦོམ་ཤོས་ཅིག་ཨིན་མས།
ང་བཅས་ཀྱིས་མེར་སྲེག་བཏང་བའི་ཕྱགས་སྙིེགས་ཀྱི་རིགས་དེ་ཚུ་ལས་རྫས་རིགས་འདྲ་མིན་འདུས་པའི་དུད་པ་ལས་ཆར་པ་བབ་སྟེ། ས་གཞི་ག་ར་བཙོག་པ་ཅན་དུ་བཟོ་ནི་དང་།
ནམ་མཁའ་ལུ་རླུང་བཙོག་ཅན་ཚུ་གིས་ཁྱབ་སྟེ་མི་སྡེ་དང་སེམས་ཅན་ག་ར་ལུ་གནོད་པ་འཚབ་ཆེན་འབད་ར་བཀལ་དོ་ཡོད་པའི་ཚོར་སྣང་བྱུང་མས་ཟེར་ཞུ་ནི།




0 Comments
ཐུགས་འཆར་བཀོད་གནང་།