༄༅། །རྗེ་མ་ལུས་ཀུན་ཁྱབ་སྒྲིབ་གཉིས་དག་པ་ཡི། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐབས་ཅད། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་སྐུ་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། །མཉམ་རྗེས་འདྲེས་པའི་རྟོགས་པ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །རྒྱུན་ཆད་མེད་པའི་ཉམས་མྱོང་བརྟན་པར་བྱིན་གྱིས་བརླབ་ཏུ་གསོལ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །རྗེ་མ་འགགས་ཀུན་ཁྱབ་སྐུ་ལ་ཞིང་ཁམས་སྣང་། །དུས་གསུམ་རྒྱལ་བའི་སྤྲིན་ཚོགས་འཁྲིགས་པ་ཡི། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆི། །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆི། །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆི། །སེམས་ཅན་ཐམས་ཅད་ཀྱི་སྐུ་མཛན་དང་དཔེ་བྱད་ཀྱིས་བརྒྱན་པར་བྱིན་གྱིས་བརླབ་ཏུ་གསོལ། །གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་གསལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆི། །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆི། །རྗེ་དམིགས་མེད་ཐུགས་རྗེས་གང་འདུལ་སྐུར་སྟོན་པ། །འགྲོ་བ་མ་ལུས་སྨིན་པར་མཛད་པ་ཡི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྣང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་སྣང་མ་ཐག་ཏུ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །རྗེ་ཟག་མེད་ཁྱབ་གདལ་སྐྱེ་མེད་ཆོས་ཀྱི་སྐུ། །སྣང་སྟོང་ཟུང་འཇུག་འགག་མེད་ལོངས་སྤྱོད་རྫོགས། །གང་འདུལ་དེར་སྟོན་ཀུན་ཁྱབ་སྤྲུལ་པའི་སྐུ། །རྗེ་སྐུ་གསུམ་བདག་ཉིད་ཁྱེད་ལ་སྐྱབས་སུ་མཆི། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །སེམས་ཅན་ཐམས་ཅད་ཀྱིས་ཆོས་སྐུ་སྐྱེ་མེད་ཀྱི་དོན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ལོངས་སྐུ་འགགས་མེད་ཀྱི་རྩལ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྤྲུལ་སྐུས་འགྲོ་དོན་ཕྱོགས་མེད་དུ་སྐྱོང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཆོས་རྗེ་གཙང་པ་རྒྱ་རས་ཀྱིས་མཛད་པའོ།། །།
🙏🙏🙏🙏🙏🙏🙏🙏🙏🙏🙏🙏
0 Comments
ཐུགས་འཆར་བཀོད་གནང་།