༄༅། །ཐོག་མར་སྐྱབས་འགྲོ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བསླུ་མེད་སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་དངོས་སྤྱན་རས་གཟིགས་དབང་ལ། །བདག་དང་མཐའ་ཡས་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཞེས་ལན་གསུམ། སེམས་བསྐྱེད་ནི། འགྲོ་བའི་རང་བཞིན་སངས་རྒྱས་ཉིད་གྱུར་ཀྱང་། །མ་རིག་འཁྲུལ་པའི་འཁོར་བ་འཁྱམས་པ་ལ། །བཟོད་མེད་སྙིང་རྗེས་བྱང་ཆུབ་སྨོན་པའི་སེམས། །བསྐྱེད་ནས་ཟབ་མོའི་ལམ་ལ་འཇུག་པར་བགྱི། །ཞེས་ལན་གསུམ། ཨཱ་རང་ལུས་ཐ་མལ་ཉིད་དུ་འཛིན་པ་ཡི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ། །མི་དམིགས་སྟོང་པ་ཉིད་དུ་གྱུར་པ་ནི། །དཔེར་ན་སྤྲིན་ཕུང་ནམ་མཁའ་ཡལ་བ་བཞིན། །ངོ་བོ་སྟོང་ཡང་རང་བཞིན་འགག་མེད་གསལ། །ཤེལ་དང་ཤེལ་འོད་འཕྲོ་བ་ཇི་བཞིན་ནོ། །དེ་ལྟར་གསལ་སྟོང་ངང་ལས་མ་གཡོས་བཞིན། །སྣང་སྟོང་ལྷ་སྐུ་འདི་ལྟར་བསྒོམ་པར་བྱ། །ཉེས་པའི་སྐྱོན་བྲལ་པད་དཀར་འདབ་བརྒྱད་སྟེང་། །སྲིད་པའི་ཚ་གདུང་ཞི་བྱེད་ཟླ་བའི་གདན། །དེ་ཡི་ལྟེ་བར་ས་བོན་ི༔ཡིག་དཀར། །དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། །སེམས་ཅན་དོན་བྱས་ཚུར་བསྡུས་ིཿལ་ཐིམ། །ིཿཡིག་དེ་ཉིད་ཡོངས་སུ་གྱུར་པ་ལས། །ངོ་བོ་དུས་གསུམ་རྒྱལ་བའི་སྙིང་རྗེའི་གཏེར། །རྣམ་པ་འཕགས་པ་འཇིག་རྟེན་དབང་ཕྱུག་ནི། །སྲིད་ཞིའི་སྒྲིབ་པ་ཀུན་ལས་གྲོལ་བའི་བརྡར། །ཕྱག་བཞིའི་དང་པོ་ཐུགས་ཀར་ཐལ་མོ་སྦྱར། །འགག་མེད་ལོངས་སྐུས་འགྲོ་དོན་མཛད་པའི་ཕྱིར། །གཡོན་གྱི་གཉིས་པས་པད་དཀར་སྡོང་བུ་བསྣམས། །སྤྲུལ་སྐུས་འགྲོ་དྲུག་འདྲེན་མཛད་ཐུགས་རྗེའི་རྟེན། །གཡས་ཀྱི་འོག་མས་ཤེལ་དཀར་འཕྲེང་བ་འཛིན། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཡེ་ཤེས་རང་འོད་འཁྲིགས་པའི་ཀློང་དཀྱིལ་ན། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །སྣང་ལ་མ་གྲུབ་འཇའ་ཚོན་བཞིན་དུ་གསལ། །གནས་གསུམ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། །ཕྱོགས་བཅུའི་ཞིང་ནས་རང་འདྲའི་ཡེ་ཤེས་པ། །དཔག་ཏུ་མེད་པ་སྤྱན་དྲངས་རང་ལ་ཐིམ། །ཛ་ཧཱུཾ་བཾ་ཧོ༔གཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ལས་འོད་འཕྲོས་དབང་གི་ལྷ། །རིགས་ལྔ་སྤྱན་དྲངས་དབང་བསྐུར་ཆུ་རྒྱུན་གྱིས། །ལུས་གང་དྲི་དག་ལྷག་མ་སྤྱི་བོར་འཁྱིལ། །རིགས་བདག་འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། །ཐུགས་ཀའི་ཆ་སྨད་ཟླ་སྟེང་ི༔ཡིག་མཐར། །ཡིག་དྲུག་སྔགས་འཕྲེང་གཡས་སུ་འཁོར་བ་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་ཐམས་ཅད་མཆེད། །སྐུ་གསུང་ཐུགས་བྱིན་མ་ལུས་ཚུར་ལ་བསྡུས། །སླར་ཡང་ཡི་གེ་དྲུག་གི་འོད་ཟེར་གྱིས། །རིགས་དྲུག་སྡུག་བསྔལ་དྲུག་དང་དེ་ཡི་རྒྱུ། །ཉོན་མོངས་དྲུག་གི་སྒྲིབ་པ་ཀུན་བྱང་ནས། །ཕྱི་སྣོད་འཇིག་རྟེན་བདེ་བ་ཅན་གྱི་ཞིང་། །ནང་བཅུད་སེམས་ཅན་ཐུགས་རྗེ་ཆེན་པོའི་སྐུ། །ཁམས་གསུམ་མ་ལུས་དག་པའི་ཞིང་དུ་གྱུར། །དེ་ཡི་བྱིན་རླབས་མ་ལུས་འོད་ཟེར་གྱིས། །ཚུར་བསྡུས་སྔགས་འཕྲེང་རྣམས་ལ་ཐིམ་པར་གྱུར། །ༀ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ་བར་བྱའོ། །བསྡུ་རིམ་ནི། སྣོད་བཅུད་ལྷ་རྣམས་འོད་ཞུ་རང་ལ་ཐིམ། །རང་ཡང་སྒྱུ་མའི་འཕྲུལ་འཁོར་ཞིག་པ་བཞིན། །གང་ནས་མ་འོང་གང་དུའང་སོང་བ་མེད། །གནས་ལུགས་བསམ་བརྗོད་བྲལ་བའི་ངང་ལ་བཞག །ཅེས་རང་བབ་ཀྱི་གཤིས་ལ་མཉམ་པར་གཞག་པའི་མཐར། དེ་ནས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་པས་སླར་ཡང་སྒྱུ་མའི་སྐུར་ལྡང་། ཞེས་བརྗོད་ཅིང་བསམ་མོ། །དགེ་བསྔོ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྨོན་ལམ་ནི། ཆོས་སྐུ་རྡོ་རྗེ་འཆང་ཆེན་མན་ཆད་ནས། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །བཀྲ་ཤིས་ནི། འཕགས་པ་ཐུགས་རྗེ་ཆེན་པོའི་བཀྲ་ཤིས་ཤོག །སྙིང་པོ་ཡི་གེ་དྲུག་པའི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་པའང་མཁན་ཁྲི་བདུན་ཅུ་པ་འཇིགས་གྲགས་པས་སོ། ། ། །
- Home-icon
- ལོ་རྒྱུས།
- བློ་སྦྱོང་བསླབ་བྱའི་རིགས།
- རྩོམ་རིགས།
- _དཔྱད་རྩོམ།
- གསུང་འབུམ།
- _ཀུན་མཁྱེན་གསུང་འབུམ།
- _༧སྐྱབས་རྗེ་དགེ་རིན་པའི་གསུང་འབུམ།
- _༧སྐྱབས་རྗེ་༧༠མཆོག་གི་གསུང་འབུམ།
- ཞལ་འདོན་གྱི་རིགས།
- __གསོས་འདེབས་ཀྱི་རིགས།
- __གེགས་སེལ་རིམ་གྲོའི་འདོན་ཆ།
- __སྒྲུབ་ཐབས་ཀྱི་རིགས།
- __མཛད་སྒོ་སྐབས་ཀྱི་ཉེར་མཁོ།
- __བསྔོ་སྨོན་གྱི་རིམ་པ།
- __ཞབས་བརྟན་གསོལ་འདེབས།
- མཛད་རྣམ་གྱི་རིགས།
- _མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་མཛད་རྣམ།
- _སྐྱབས་རྗེ་དགེ་རིན་པའི་མཛད་རྣམ།
- གཞུང་ཆེན་གྱི་རྩ་འགྲེལ།
- _རྩ་བ།
- __འདུལ་བ།
- __དབུ་མ།
- __ཚད་མ།
- __ཤེར་ཕྱིན།
- __མངོན་པ།
- _འགྲེལ་པ།
- __དབུ་མའི་འགྲེལ་པ།
- དཀྱིལ་ཆོག
- _འབྲུག་པའི་གར་འཆམ་གྱི་ངོ་སྤྲོད།
- _གཏོར་མའི་སྐོར།
- _དཀྱིལ་ཆོག་དཔེ་ཆ་སྣ་ཚོགས།
- _གདངས་དབྱངས།
- གློག་བརྙན་གྱི་རིགས།
0 Comments
ཐུགས་འཆར་བཀོད་གནང་།